༄༅།། ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སྨྱན་མང་ཁྲིད་ཆས་འགྲན་སྡུར་སྐབས་གསུམ་པའི་ཐོག་མའི་དཔྱད་འདེམ་བྱ་འགུལ་བདེ་བླག་ངང་མཇུག་སྒྲིལ་བྱུང་།
སྤེལ་དུས།  2016-05-12  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། བློ་དབང་།  རྩོམ་སྒྲིག་པ། lobsang

1.jpgkiZ

ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་མཛད་པ་དང་།  ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་ཚིགས་ཀྱིས་འགན་ཁུར་ནས་སྤེལ་བའི་ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སྨྱན་མང་ཁྲིད་ཆས་འགྲན་སྡུར་སྐབས་གསུམ་པའི་ཐོག་མའི་དཔྱད་འདེམ་བྱ་འགུལ་དེ་2016ལོའི་ཟླ5བའི་ཚེས9ཉིན་གྱི་ཕྱི་རོལ་བདེ་བླག་ངང་མཇུག་སྒྲིལ་བྱུང་། kiZ

DSC_6519.JPGkiZ

ཉི་མ་དྲུག་གི་རིང་ལ་ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་འགོ་གཙོ་དང་དཔྱད་འདེམ་གནང་བའི་ཆེད་མཁས་དང་དགེ་རྒན་རྣམས་ཀྱིས་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་འཆར་གཞི་བཀོད་པ་ལྟར་ཐེངས་འདིར་འབུལ་སྤྲོད་བྱས་ཡོད་པའི་སྨྱན་མང་ཁྲིད་ཆས་1300 ལྷག་ལ་སློབ་ཆུང་བོད་ཡིག་དང་།  སློབ་འབྲིང་བོད་ཡིག  སྤྱི་ཚོགས་རིག་གནས་ཕྱོགས་བསྡུས། རང་བྱུང་ཚན་རིག་ཕྱོགས་བསྡུས། རྒྱ་ཡིག་དང་དབྱིན་ཡིག་གི་ཚན་ཁག་བཅས་ཁག་དུ་མར་བགོས་ཏེ་ལུགས་མཐུན་དྲང་གཞག་དང་ཕྱོགས་ཞེན་མེད་ལ། གཟབ་ནན་ཞིབ་ཚགས་ཀྱི་ངང་ནས་ཐོག་མའི་དཔྱད་འདེམ་གནང་ཡོད་པ་ཡིན།kiZ

五省区第三届课件大赛初评通知.jpgkiZ

001.jpgkiZ

1.JPGkiZ

དཔྱད་འདེམ་བྱ་འགུལ་དང་འབྲེལ་ཡོད་ཀྱི་ཡིག་ཆ་དང་དཔྱད་གཞི།kiZ

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།