༄༅།། དཔའ་ལུང་བོད་སྐད་ཁྲོད་འདོགས་ཅན་གྱི་སྒྲ་འགྱུར་ཆོས་ཉིད་གླེང་བ།
སྤེལ་དུས།  2017-11-05  རྡེབ་ཚད།   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། ཕག་མོ་དོན་འགྲུབ།  རྩོམ་སྒྲིག་པ། lobsang

ནང་དོན་གནད་བསྡུས། དཔའ་ལུང་བོད་སྐད་སྒྲ་གདངས་ཀྱི་འགྱུར་རྐྱེན་ཡུལ་སྐད་སོ་སོར་གཤིབ་བསྡུར་གྱི་རྣམ་པས་དེ་ལྟར་འགྱུར་བའི་རྒྱུད་རིམ་རགས་ཙམ་རིགས་འདེད་དང་། སྒྲ་ལྡན་སྒྲ་མེད་ཀྱི་འགྱུར་ལུགས་ཅུང་ཙམ་དཔྱད་ཁུལ་བྱས་ཡོད།etC

རྩོམ་པ་པོ། འདིར་བདག་གིས་གླེང་བཞིན་པའི་དཔའ་ལུང་ཞེས་པ་ཡུལ་དམིགས་སུ་བཀར་དོན་ཡང་མདོ་སྨད་ས་ཆའི་ཡུལ་སྡེ་མང་ཤོས་ཡུལ་འདི་ནས་རུ་སྤར་བ་ཡིན་པས་དཔའ་ལུང་ཞེས་གཞི་འདི་ཉིད་གཏན་འཁེལ་བགྱིས་པ་ཡིན། ཡིན་ཡང་དཔའ་ལུང་ཞེས་པའི་ཡུལ་འདི་དུས་སྐབས་རེ་རེའི་མངའ་ཁོངས་ཀྱི་རྒྱ་ཆེ་ཆུང་ལ་འདྲ་མིན་སྣ་ཚོགས་འདུག ཞིབ་ཏུ་དཔྱད་ན་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་མངའ་ཁོངས་རྒྱ་བསྐྱེད་པ་ན་ཡུལ་རེ་རེའི་སོ་སྲུང་ལ་ཐོན་པའི་དམག་རྣམས་ནི་ཕྱིར་ཡུལ་དུ་ལོག་མ་ནུས་པར་ཡུལ་དེར་གནས་བཅས་ནས་ཁྱིམ་རྒྱུད་སྤེལ་བ་དང་། ཁོ་ཚོ་རིམ་བཞིན་ཡུལ་དེའི་བདག་པོར་གྱུར་པ་ཡིན་པ། 《མདོ་སྨད་ཆོས་འབྱུང》ལས་ཧོར་གྱིས་སྒོམ་གྲྭ་བཅོམ་སྐབས་དམག་ནང་བཏུས་པའི་མི་དགུ་དམག་དང་བཅས་པ་ཧོར་གྱི་མཚམས་སུ་བཞག་སྟེ་རྒྱལ་པོས་བཀའ་མ་བྱུང་བར་དུ་ལྡོག་ཐུ་མེད་གསུངས་པས་དཔའ་བོ་མི་དགུའི་རྒྱུད་པ་བཀའ་མ་ལོག་ཏུ་ཐོགས། ①དེ་ཡང་བོད་སིལ་བུར་འཐོར་པའི་སྐབས་དེར་མཁས་པ་མི་གསུམ་མདོ་སྨད་ལྷོ་ངོས་ཀྱི་བེ་རིའི་ཚྭ་མཚོ་ནས་ཚུར་བྱོན་ཏེ་རྨ་ལུང་རྡོ་རྗེ་བྲག་ར་དང་། ཨན་ཆུང་གནམ་རྫོང་། དན་ཏིག་ཤེལ་གྱི་ཡང་དགོན་སོགས་ན་སྒོམ་ཞིང་ཡོད་པ་རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ། དགོང་ག་མི་འདུས་པ་རྣམས་ལ་སྨྲས་པས། ཙོང་ཁ་བདེ་ཁམས་ཀྱི་དམུ་ཟུ་གསལ་འབར་བྱ་བའི་ཁྱེའུ་ཞིག་དད་པ་སྐྱེས་ཏེ་རབ་ཏུ་བྱུང་ཞེས་བླ་ཆེན་པོ་དགོངས་པ་རབ་གསལ་ཉིད་ཡིན་པ་བསྟན་པ་དང་། གཞན་ཡུལ་དེ་དག་ན་བོད་མི་མང་པོ་ཡོད་པས་ཐུབ་པའི་བསྟན་པ་སྤེལ་པར་དགོངས་ནས་ཁོང་རྣམ་པ་ཕེབས་པ་རེད་སྙམ། དེ་ཡང་ཏུན་ཧོང་ཡིག་ཚང་ནང་བ་ཡན་ཞེས་མིང་འདི་མང་པོ་ཡོད་པ་མ་ཟད་དེང་སྐབས་ཀྱི་སྟོན་བཤད་ནའང་ས་ཨ་མདོ་ཡུལ་ནས་སྐྱེས་ན། སྟོད་ཆི་ཅ་ཤོག་དྲུག་གིས་བསྟོད་ཀི། བ་ཡན་ཧོ་ཞོལ་བརྒྱད་ཀྱིས་བསྟོད་ཀི། རོང་བོ་ཉིན་ཐབས་བཅུ་ཡིས་བསྟོད་ཀི། རྣང་རའི་གྲོང་བརྒྱད་ཀྱིས་བསྟོད་ཀི②ཞེས་བ་ཡན་གྱི་མིང་ད་དུང་རྒྱུན་འབྱམས་སུ་འབོད་པ་སོགས་དུས་སྐབས་རེ་རེའི་མངའ་ཁོངས་ལ་འགྱུར་བར་འདུག དེ་བས་སྒྲ་གདངས་ཀྱི་སྐབས་ལ་ལར་ཨམ་སྐད་སྤྱི་དང་འདྲ་བར་ཡུལ་སྐད་ཀྱི་ཁྱད་ཆོས་ཞེས་མེད་མོད་སྒྲ་གདངས་འགྱུར་ལུགས་རིགས་འདེད་ལ་ཅུང་མཁོ་བས་བྲིས་པའོ། །སྒྲ་འགྱུར་སྐབས་དཔའ་ལུང་བོད་སྐད་ནང་གསལ་བྱེད་ཀྱི་ཡི་གེ་འགའ་ལ་ཡུལ་སྐད་ཀྱི་དབང་གིས་སྒྲ་གཉིས་ནས་གསུམ་ཐོན་གྱི་འདུག འདིའང་གཙོ་བོ་ཡི་གེ་དེ་དག་མིང་གང་དང་གང་ཟླ་སྦྱོར་བྱེད་ཡུལ་གྱི་དབང་གིས་སྒྲ་དེ་འདྲ་བྱུང་བ་ཡིན། ཟླ་སྦྱོར་བྱེད་སྐབས་ཀྱང་ཆོས་ཉིད་ངེས་ཅན་ཞིག་གི་ཆ་རྐྱེན་འོག་སྒྲ་དེ་འདྲ་འགྱུར་བ་ཡིན་པ། དཔེར་ན། འགོག་སྒྲ་ལས་སྒྲ་ལྡན[b.d.g]རྗེས་འཇུག་གི་སྐབས་འགྱུར་ནས[p.t.k]སྒྲ་མེད་ཀྱི་སྒྲ་ལྟར་བཀླག་པ། [p.t.k]སྟེ་འགོག་སྒྲ་ལས་སྒྲ་མེད་འགྱུར་ནས[f.θ.h]སྟེ་བཙུར་སྒྲ་ལྟར་ཀློག་པར་བྱེད། གཞན་དཔའ་ལུང་བོད་སྐད་ལྟར་ན[ph]སྒྲ[h]སྒྲ་ལྟར་ཀློག་པ། གཏན་སྲོལ་གསུམ་པའི་ནང[b.d.g]སྟེ་སྲོག་མེད་དེ་ཉིད་སྲོག་ཆེན[bh.dh.gh]རུ་བཀླག་གིན་འདུག་པས་གཏན་སྲོལ་འགའ་ཆོས་ཉིད་དུ་བཟུང་ནས་སྒྲ་འགྱུར་གྱི་རྣམ་པ་འབྲི་ཁུལ་བགྱི་བ་ཡིན།etC

དང་པོ། སྐྱེ་གནས་དང་བྱེད་རྩོལ་གྱི་ཁྱད་ཆོས།etC

བོད་སྐད་ཀྱི་ལོ་རྒྱུས་ཁྲོད་གདངས་འགྱུར་བྱུང་སྟེ་དབྱངས་ཀྱི་གོང་དུ་འབྱུང་བའི་གསལ་བྱེད་གང་རུང་ཟུར་ཆགས་ཀྱང་དབྱངས་ལ་ཤུགས་རྐྱེན་ཆེར་མི་ཐེབས་པར་མངོན། དེ་ལས་ལྡོག་སྟེ་རྗེས་འཇུག་གི་སྒྲ་ཞན་པར་འགྱུར་བའམ་ཟུར་ཆགས་པའི་སྟོབས་ཀྱིས་དབྱངས་ཀྱི་འགྱུར་བ་ཅི་རིགས་འབྱུང་། དབྱངས་དང་རྗེས་འཇུག་བར་སྐད་གདངས་འགྱུར་ཚུལ་གྱི་འབྲེལ་བ་ཤིན་ཏུ་དམ་སྟེ། རྗེས་འཇུག་ལ་འགྱུར་ལྡོག་བྱུང་ཚེ་དབྱངས་ལའང་ཤུགས་རྐྱེན་ཐེབས་སྲིད། དེ་བས་རྗེས་འཇུག་དང་དབྱངས་ཀྱི་འགྱུར་བར་དཔྱད་ན་ངེས་པར་བྱེད་རྩོལ་དང་ལྕེ་གནས་དང་ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་གཉིས་དང་འབྲེལ་དགོས།③ འདིར་མང་པར་དོགས་ནས་བྱེད་རྩོལ་ལྕེ་གནས་ལས་བཀོད་མེད། སྤྱིར་སྐད་ཆ་ནི་ལོ་རྒྱུས་འཕེལ་རིམ་ཁྲོད་འགྱུར་བཞིན་འདུག་པ་ཞིག་ཡིན་ལ། ལྷག་པར་དུ་སྒྲ་གདངས་ནི་དེ་ལས་ཀྱང་འགྱུར་བ་སྣ་མང་འབྱུང་སྲིད། དེ་བས་ཐོག་མར་སྒྲ་གདངས་ལ་དཔྱད་ན་སྐྱེ་གནས་བྱེད་རྩོལ་ནས་དེའི་འགྱུར་ལུགས་ལ་དབྱེ་ཞིབ་བྱེད་པ་ནི་དེང་གི་ཞིབ་འཇུག་བྱེད་ཐབས་ཀྱི་ལུགས་སུ་གྲུབ་འདུག④དེ་ཡང་བོད་སྐད་ཀྱི་གདངས་སྐྱེ་གནས་སྒོ་ནས་དབྱེ་ན་ཀ་ཁ་ག་ང་འ་ཧ་ཨ་བཅས་བདུན་གྱི་སྐྱེ་གནས་ནི་མགྲིན་པ་དང་། ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ་ཤ་བཅས་བདུན་ནི་སྐྱེ་གནས་སོ་དང་རྐན། པ་ཕ་བ་མ་ཝ་ཨུ་ཨོ་བཅས་བདུན་གྱི་སྐྱེ་གནས་མཆུ་དང་མགྲིན་པ། ར་ཡིག་གི་སྐྱེ་གནས་ལྕེ་རྩེ་དང་ཉེ་པའི་སྤྱི་བོ་སྟེ་ལྕེ་རྩེའི་སྟེང་ཕྱོགས་བཅས་དང་། ང་ཉ་ན་མ་རྣམས་རང་རང་གི་སྐྱེ་གནས་སུ་མ་ཟད་སྣ་སྒྲ་དང་བཅས་པའོ། །བྱེད་པ་མགྲིན་པ་དང་མཆུ་ལས་སྐྱེས་པ་རྣམས་རང་རང་གི་སྐྱེ་གནས་ཀྱི་བྱེད་པ་ཅན་དང་། རྐན་ལས་སྐྱེས་པ་རྣམས་ལྕེའི་དབུས་ཀྱི་བྱེད་པ་ཅན་དང་། སོ་ལས་སྐྱེས་པ་རྣམས་ལྕེ་རྩེའི་བྱེད་པ་ཅན་དང་། ར་ཡིག་ནི་ལྕེ་རྩེ་དང་ཉེ་བའི་བྱེད་པ་ཅན། རྩོལ་བ་ལ་ཕྱི་ནང་གཉིས་ཡོད་པ་ལས་ཕྱིའི་རྩོལ་བ་ནི་ཕྱི་རོལ་དུ་སྒྲ་ཐོན་པ་ལྟ་བུ་བྱེད་རྩོལ་དང་ལྡན་པའི་ཕྱིར་ཏེ་དེ་ལའང་ཐོན་ཆེ་ཆུང་གི་དབྱེ་བས་ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་བཅས་ཉི་ཤུ་ཐམ་པ་རྣམས་སྒྲ་ལྡན་དང་། ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཞ་ཟ་ཤ་ས་བཅས་བཅུ་བཞི་ལ་སྒྲ་མེད་དང་། སྒྲ་ཕྱིར་དབྱུང་ཚེ་དབུགས་ཤུགས་ཆེ་ཆུང་གི་དབང་གིས་ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་ཨི་ཨུ་ཨེ་ཨོ་བཅས་བཅོ་ལྔ་སྲོག་ཆེན་དང་། དེ་བྱིངས་ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ཝ་འ་ཡ་ར་ལ་བཅས་བཅུ་དགུ་སྲོག་ཆུང་དང་། དེ་དག་ལས་ཞ་ཟ་ཤ་ས་ཧ་རྣམས་བརྗོད་པའི་ཚེ་དབུགས་དྲོ་བར་འབྱིན་པས་དྲོ་བའང་ཡིན་ནོ། །etC

གཉིས་པ། སྒྲ་ལྡན་དང་སྒྲ་མེད། སྲོག་ཆེན་དང་སྲོག་ཆུང་གི་ལྟོས་བཅས་གྲུབ་ཚུལ།etC

ལྟོས་བཅས་ཀྱིས་བཤད་ན་སྒྲ་མེད་ནི་གསལ་བྱེད་དྲག་པོ་ཡིན་ལ། སྒྲ་ལྡན་ནི་གསལ་བྱེད་ཞན་པ་ཡིན། སྲོག་ཆེན་ནི་གསལ་བྱེད་དྲག་པོ་ཡིན་ལ་། སྲོག་ཆུང་ནི་གསལ་བྱེད་ཞན་པ་ཡིན། འགོག་སྒྲ་དང་འགོག་བརྡར་གྱི་སྒྲ་གཉིས་ནི་གསལ་བྱེད་དྲག་པོ་ཡིན་པ་དང་བརྡར་སྒྲ་ནི་གསལ་བྱེད་ཞན་པ་ཡིན། དེར་བརྟེན་འགོག་སྒྲ་ཤུགས་ཅུང་ཆེ་བའི་དྭངས་སྒྲ་དང་སྲོག་ཆེན། འགོག་སྒྲ འགོག་བརྡར་གྱི་སྒྲ་དེ་དག་སྒྲ་ལྡན་དང་སྲོག་ཆུང་། བརྡར་སྒྲ་བཅས་སུ་གྱུར་ན་གསལ་བྱེད་ཞན་འགྱུར་ཟེར། སྤྱིར་ཨམ་སྐད་དུ་སྒྲ་ལྡན་དང་སྒྲ་ལྡན། སྒྲ་མེད་དང་སྒྲ་མེད་འབྲེལ་དུ་ཡོད་པ་ཞིག་ཡིན་ལ། སྒྲ་ལྡན་ནས་སྒྲ་མེད་དུ་འཕེལ་བའང་འདུག དེ་ཡང་དཔའ་ལུང་བོད་སྐད་ལ་མགོ་འདོགས་ཀྱི་སྒྲ་སྐབས་ལ་ལར་མགོ་ཅན་གྱི་སྒྲ་ལས་མིང་གཞིའི་སྒྲ་གསལ་པོར་ཐོན་གྱི་མེད་པ་དང་། སྐབས་ལ་ལར་འདོགས་ཅན་གྱི་སྒྲ་ལས་མགོ་ཅན་གྱི་སྒྲ་གསལ་པོར་ཐོན་གྱི་མི་འདུག ཡིན་ཡང་། མགོ་ཅན་གྱི་སྒྲ་གསལ་པོར་མ་ཐོན་ཡང་བོད་སྐད་ཀྱི་སྒྲའི་སྡེབ་སྦྱོར་གྱི་ངོས་ནས་དབྱེ་ཞིབ་བྱས་ན་སྒྲ་ལྡན་དང་སྒྲ་ལྡན་སྡེབས་པའི་རང་བཞིན་ཡིན་པས་འགལ་བ་ཅི་ཡང་མེད་དོ། །etC

༡.ར་བཏགས་ཅན་དེ་ཡ་བཏགས་ཅན་དུ་བཀླག་ཚུལ།etC

དཔའ་ལུང་སྐད་དུ་ར་བཏགས་ཅན་གྱི་སྒྲ་མིང་གཞིའི་སྒྲ་ཐོན་པ་ལས་འདོགས་ཅན་གྱི་སྒྲ་ཐོན་མི་འདུག་པ་བཅས་ཀྱི་སྒྲ་གདངས་ལ་འགྱུར་བ་འདྲ་མིན་སྣ་ཚོགས་ཤིག་འདུག་མོད་ཡོད་ཚད་བོད་སྐད་ཀྱི་སྡེབ་སྦྱོར་དང་འགལ་བ་མེད་པ་མ་ཟད། སྒྲ་འགྱུར་བྱུང་བ་དག་ཀྱང་ལྕེ་གནས་བྱེད་པ་གང་གི་ཕྱོགས་ནས་ཀྱང་བརྗོད་བདེ་བའི་རང་བཞིན་འདུག འདིར་བརྗོད་བདེ་ཟེར་བ་རྟགས་འཇུག་གི་བརྗོད་བདེ་དང་མཚུངས་པར་འདུག་མོད་ཁྱབ་ཆེ་ཕྱོགས་ནས་སྒྲའི་སྐྱེ་གནས་ཉེ་བར་བརྗོད་བདེ་བའམ་བཀླག་བདེ་བ་ལ་བྱའོ། །(འདིའང་གནས་མཚུངས་འདྲེན་པ་དང་གནས་བསྙེན་འདྲེན་པ་གཉིས་སུ་དགར་ཆོག)ཡང་ཁ་ནས་ཀློག་བདེ་བ་ཡིན་ན་རྟགས་འཇུག་གི་བརྗོད་བདེ་སྐབས་ཀྱི་བརྗོད་བདེ་དང་འདྲ་བར་མིན་ནམ་ཟེར་ན། རྟགས་འཇུག་སྐབས་ཀྱི་བརྗོད་བདེ་ནི་སྐབས་དེའི་བོད་སྐད་ཀྱི་སྔོན་རྗེས་ཀྱི་སྒྲ་ཡོངས་སུ་ཟུར་མ་ཆག་པའི་གདངས་ལ་བྱའོ། །འོན་ཀྱང་སྐབས་འདིའི་བརྗོད་བདེ་ཞེས་པ་དེང་སྐབས་མཐའ་སྒྲ་ཡོངས་སུ་མ་ཐོན་པར་ཟུར་ཆགས་ཀྱང་བོད་སྐད་ཀྱི་སྒྲའི་བྱེད་རྩོལ་དང་སྐྱེ་གནས་གཉིས་ཀྱི་སྒྲ་ཡོངས་སུ་མཐུན་པས་དེ་ལྟར་མིང་དུ་གདགས་ལ་བྱེད་པ་གནས་དང་འཕྲད་བདེ་བར་གྱུར་ཡང་ཟེར་ཆོག རྒན་དཔའ་ཁེན་ལགས་ཀྱིས་མཛད་པའི་ཨམ་སྐད་ཀྱི་འགྱུར་ལུགས་ཁྱད་པར་ཅན་འགའ་ཞེས་པ་ལས་ལྕེ་རྩའི་ཡི་གེ་དང་ཡ་བཏགས་གཉིས་ལས་གནའ་སྐད་ཀྱི་རྗེས་འཇུག་གྲུབ། དེང་གི་བོད་སྐད་ནང་ལྕེ་ངོས་ཀྱི་སྒྲར་གྱུར། འདི་ལྟར་རིགས་འདེད་བྱས་ན་ཕལ་ཆེར་སྐད་གསར་བཅད་གཉིས་པའི་ཡར་སྔོན་དུ་ཨམ་སྐད་དུ་དང་གཅིག་ཏུ་བྱས་འདུག འདིའི་ནང་སྲོག་ཆེན་དང་སྲོག་ཆུང་ཁ་གཏད་དུ་ཡོད་པ། སྒྲ་ལྡན་དང་སྒྲ་མེད་ཁ་གཏད་དུ་ཡོད་པ་བཅས་འདུག ལྕེ་ངོས་ཀྱི་དབྱངས་རིམ་གྱིས་འགྱུར་སྟེ་ལྕེ་རྩེ་དབྱངས་བགྲོད་པ། ལྕེ་གནས་ཉེ་བ་དག་ཕན་ཚུན་བརྗེ་རེས་བྱེད་པ།etC

ར་བཏགས་ཅན་གྱི་ཡི་གེ་ལས་ཀ་སྡེ་ཡི་གེ་དག་ནི་ཡ་བཏགས་ཀྱི་སྒྲ་ལྟར་ཀློག་པ་ལས་གཞན་རྣམས་དེ་ལྟར་ཀློག་གིན་མི་འདུག གཞན་ཕ་དང་བ་གཉིས་སྐབས་ལ་ལར་ཡ་བཏགས་ཀྱི་སྒྲ་ལྟར་བཀླག་པ་ཡོད་མོད་ཀ་སྡེ་ཡི་གེ་དང་བསྡུར་ན་རེ་འགའ་ལས་མི་འདུགetC

༢.འདོགས་ཅན་གྱི་སྒྲ་ཕྱེད་ཙམ་ལས་མ་ཐོན་པའི་བཀླག་ཚུལ།etC

འདི་ནི་ཐོག་མར་འཕུལ་ཡིག་གི་སྒྲ་ཉམས་པའི་རྟགས་སུ་འཁུམས། དེ་ཡང་སྒྲ་ལྡན་ཕན་ཚུན་སྐྱེ་གནས་ཀྱི་དབང་གིས་འགྱུར་ནས་སྲོག་ཆེན་གྱི་སྒྲ་སྲོག་མེད་དུ་འགྱུར་བ་སོགས་སྒྲ་ཞན་འགྱུར་གྱི་རང་བཞིན་དུ་བགྲོད་པས་འདི་ཉིད་ནི་འཕུལ་སྒྲ་ཉམས་ནས་རིམ་གྱིས་མགོ་འདོགས་ཀྱང་ཉམས་པ་ཨེ་ཡིན་འདོད། དེ་ལྟར་ཟེར་དོན་ཡང་ད་ལྟ་གསལ་བྱེད་བརྩེགས་མའི་སྒྲ་ཐམས་ཅད་ཉམས་ནས་སྒྲ་ཚིགས་གཅིག་ལས་གསལ་བྱེད་སུམ་འདུས་དང་བཞི་འདུས་ཀྱི་སྒྲ་མཚོན་པར་བྱེད་པས་སོ། །དེ་ཡང་རྒྱལ་རོང་བོད་སྐད་དང་སྦལ་ཏི་བོད་སྐད་དུ་ད་དུང་མགོ་འདོགས་སྒྲ་ཟུར་མ་ཆག་པར་འདུག་པ། དཔེར་ན། ལྟ[lta]ལྕགས[ltax]དབྱར[jar]འཕུར[phur]འབྲུག[mbruk]སོགས་ལས་མགོ་འདོགས་ཀྱི་སྒྲ་ཟུར་མ་ཆག་པ་ཤེས།⑤འོན་ཀྱང་དཔའ་ལུང་བོད་སྐད་ནང་མགོ་འདོགས་ཀྱི་སྒྲ་ཕྱེད་ཙམ་ལས་ཐོན་གྱི་མི་འདུག སྐབས་འགར་འཕུལ་དང་མགོ་ཅན་གྱི་སྒྲ་ཐོན་པ་ཡིན་ཚེ་སྔུན་དུ་སྲོག་ཆེན[h]ཡི་སྒྲ་གདངས་ཤིག་ཐོན་གྱི་འདུག དེ་ཡང་ར་བཏགས་ཅན་ཁ་ཤས་ཀྱི་མིང་གཞིའི་ཡི་གེ་སྒྲ་གསལ་པོར་མ་ཐོན་པར་ར་བཏགས་དང་ཡ་བཏགས་ཅན་གྱི་སྒྲ་གཙོ་བོར་ཐོན་པ་འགའ་རེ་ཡོད་དེ། བ་ཡིག་ར་བཏགས་ཅན། ད་ཡིག་ར་བཏགས་ཅན། ཕ་ཡིག་ར་བཏགས་ཅན། བ་ཡིག་ཡ་བཏགས་ཅན། ཡང་གཅིག་བཤད་ན་མིང་གི་འཕེལ་སྲོལ་ཁྲོད་མིང་གཞི་ར་དང་ར་བཏགས་ཅན་སྐོར་ཞིག་གནས་དང་བྱེད་པའི་སྦྱོར་བ་སྤྱིར་བཏང་འདྲ་བས་བརྟེན་ཅིང་འབྲེལ་བར་བྱུང་བ་མང་པོ་འདུག་པ། དཔེར་དྲངས་ན་རོང་ངེས་དང་ཀྲོང་ངེ་དོན་གཅིག ཆོས་ར་ལ་ཆོས། གྲྭ་རུ་སྐྱ་ལ་གྲུ་སྐྱ ཞ་རེ་དང་ཞ་སྒྲེ་དོན་གཅིག་སྟེ། སྡེབ་སྦྱོར་དུ་ཞ་སྒྲེ་ཞེ་ན། སྒྲ་ལྕི་ཡང་ཤེད་མི་ཉམས་པས་བརྡ་རྙིང་དུ་ཞ་རེ་ཞེས་བརྗོད་བདེ་བར་བྲིས་པ་མང་ངོ་། །ཞབས་འབྲིང་ལ་ཞམ་རིང་ལྟར་བྲིས་པ། སྡེབ་སྦྱོར་གྱི་དབང་གིས་སྒྲ་ལྕི་ཡང་ཤེད་སྙོམ་པར་བྱས་ནས་གྲུབ་པ་ཡིན།⑥གང་ལྟར་མིང་འཕེལ་སྲོལ་གྱི་ཐོག་ནས་སྒྲའི་སྡེབ་སྦྱོར་ཤེད་སྙོམས་པར་གཞིགས་ནས་འདོགས་ཅན་གྱི་སྒྲ་ཕྱེད་མ་ཐོན་པ་འདི་སྒྲའི་འགྱུར་རིམ་ངེས་ཅན་ཞིག་བརྒྱུད་ནས་བྱུང་བའོ། །etC

༣.འདོགས་ཅན་སྒྲ་ལྡན་ནས་སྒྲ་ལྡན་དུ་འགྱུར་བ། སྒྲ་ལྡན་ནས་སྒྲ་མེད་དུ་འགྱུར་བའི་བཀླག་ཚུལ།etC

འདིའི་རིགས་ཀྱི་སྒྲ་འགྱུར་ནི་དཔའ་ལུང་བོད་སྐད་ལས་ཨམ་སྐད་སྤྱིའི་ཁྱད་ཆོས་ཤིག་ཏུ་གྲུབ་འདུག དེ་ཡང་འདིའི་རིགས་ཀྱི་སྒྲ་འགྱུར་མང་པོ་ཞིག་རང་དགར་གང་འདོད་དུ་འགྱུར་བ་མིན་པར་སྒྲ་འགྱུར་འབྱུང་ཡུལ་གྱི་སྒྲ་ཕ་རོལ་པོ་དང་འབྲེལ་བ་ཤིན་ཏུ་དམ་སྟེ། དེ་ཡང་དཔའ་ལུང་བོད་སྐད་ཁྲོད་འདོགས་ཅན་མང་ཤོས་ཀྱི་སྒྲ་ཕྱེད་ཙམ་ལས་ཡོངས་སུ་ཐོན་གྱིན་མེད་པའང་སྒྲ་ཞན་པར་འགྲོ་བའི་རྟགས་སུ་འཁུམས།etC

༤.པ་སྡེའི་མགོ་འདོགས་ཅན་གྱི་ཡི་གེའི་འདོགས་ཅན་གྱི་སྒྲ་ཐོན་མེད་པའི་བཀླག་ཚུལ།etC

གོང་གི་དཔེ་བརྗོད་དག་ལས་ང་ཚོར་ར་སྤྲོད་བྱེད་ཐུབ་པ་ནི་དཔའ་ལུང་བོད་སྐད་ཁྲོད་ར་བཏགས་ཅན་གྱི་སྒྲ་མང་ཤས་ཤིག་གི་ར་བཏགས་ཀྱི་སྒྲ་ཐོན་མེད་པ་སྟེ། རིལ་དྲི་ཕྱི་དྲོ་ལྟ་བུ་ལ་རིལ་རི། ཕྱི་རོ་ཞེས་ཟེར་གྱི་འདུག འོན་ཀྱང་སྤྲིན། སྦྲན། སྦྲུམ་ལྟ་བུ་དག་གི་སྒྲ་གདངས་འགྱུར་གྱི་མི་འདུག་པས་ཆོས་ཉིད་བདེན་ཐག་ཆོད་པ་ཞིག་རྙེད་མ་བྱུང་། སྤྱིར་སྒྲའི་འགྱུར་ལུགས་ཡོད་ཚད་སྒྲ་འགྱུར་བྱུང་བའི་ལོ་རྒྱུས་ཁྲོད་དེ་ཉིད་འགྱུར་བ་ལ་རྗེས་འཇུག་གམ་ཡང་ན་མགོ་འདོགས་ཤུགས་ཀྱིས་འགྱུར་ལུགས་ངེས་ཅན་ཞིག་ཡོད་ངེས། དེའང་དངོས་གཟུགས་གང་ཡིན་ཡང་འགྱུར་ལྡོག་འབྱུང་བར་ཕྱི་ནང་གི་རྒྱུ་རྐྱེན་འཛོམས་ཚེ་ད་གཟོད་འགྱུར་བ་ཡིན་པ་དེ་བཞིན་སྒྲ་གདངས་ཀྱི་འགྱུར་བའང་སྒྲ་འགྱུར་འབྱུང་བའི་རྒྱུ་མ་ཚང་ཚེ་སྒྲ་དེ་ཉིད་རང་དགར་འགྱུར་མི་སྲིད་པའོ། །འདིར་ང་ཚོའི་སྤྲང་པོ་དང་སྦྲང་རྩི་ལྟ་བུའི་སྒྲ་འགྱུར་བྱུང་ལུགས་ཡུལ་སྐད་དག་གི་འགྱུར་ལུགས་གཞིར་བཟུང་ནས་ཚོད་དཔག་ཙམ་བྱས་ན།etC

ཐོག་མར།etC

དཔེ་བརྗོད་དང་པོ་ནི། གནའ་བོའི་བོད་སྐད།etC

དཔེ་བརྗོད་གཉིས་པ་ནི། སྦལ་ཏི་དང་རྒྱལ་རོང་སྐད།etC

དཔེ་བརྗོད་གསུམ་པ་ནི། ཨ་མདོའི་འབྲོག་སྐད།etC

དཔེ་བརྗོད་བཞི་བ་ནི། དཔའ་ལུང་བོད་སྐད། སྤ་ཡི་སྒྲ་འགྱུར་བྱུང་རིམ་རྒན་དཔའ་ཁེན་གྱིས་མཛད་པའི་ཨམ་སྐད་ཀྱི་འགྱུར་ལུགས་ཁྱད་པར་ཅན་འགའ་ལས ལྟར་བཀོད་འདུགetC

༥.སྡ་ཡིག[hz]ཡིག་ལྟར་བཀླག་ཚུལ།etC

འདིའི་རིགས་ནི་འགོག་བཙུར་གྱི་སྒྲ་དག་ལས་ཕན་ཚུན་ལྕེ་གནས་ཀྱི་སྔུན་གཞུག་འགྱུར་བ་ཡིན། (སྲོག་ཆེན་ནས་སྲོག་ཆེན་འཕེལ་བ། སྲོག་མེད་ནས་སྲོག་མེད་དུ་འཕེལ་བ)དེ་ཡང [t]ཞེས་པའི་སྒྲ་གདངས་དང[t]ཞེས་པ་འདི་གཉིས་ཕན་ཚུན་བརྗེ་རེས་བྱས་ཀྱང་དཔའ་ལུང་སྐད་དུ་དོན་ལ་ཁྱད་པར་མེད། ཡང་གཅིག་བཤད་ན་ར་བཏགས་ཅན་གྱི་སྒྲ་འདིའི་རིགས་མང་ཆེ་ཤས་ཤིག་ཨམ་སྐད་ལས་ཡ་བཏགས་ལྟར་བཀླགས་པར་གཞིགས་ན་བཀས་བཅད་གསུམ་པ་མདོ་སྨད་ཡུལ་དུ་མ་ཐོན་ཞེས་པའང་ཅུང་བདེན་པར་གྲུབ་སྙམ། དེ་བཞིན་དུ་ཆོས་ཕྱོགས་ཀྱི་ར་བཏགས་ཅན་གྱི་སྒྲ་དག་ར་བཏགས་ཀྱི་སྒྲའི་ཚུལ་དུ་ཀློག་པ་ལས་ཡ་བཏགས་ཚུལ་དུ་ཀློག་གིན་མི་འདུག གྲུབ་ཆེན་ལ[tthen]གྲུབ་མཐའ་ལ[tntha]མིང་རྐྱང་བ་གྲྭ་མ་གཏོགས་ཡོད་ཚད་ཡ་བཏགས་ཀྱི་གདངས་ལྟར་བཀླག་ནུས་པ། མིང་རྐྱང་བ་གྲྭ་ཉིད་ཡ་བཏགས་ལྟར་ཀློག་པར་མི་བྱེད་པའང་ཟུར་དུ་ཝ་བཏགས་ཀྱི་རྟགས་ཡོད་པར་གཞིགས་ན་སྔོན་ཆད་ཝ་བཏགས་ཀྱི་སྒྲ་གསལ་པོར་ཡོད་པར་ངེས། དེ་ཡང་ཝ་བཏགས་སྒྲ་ནི་སྒྲ་མཚུངས་པའི་མིང་གི་ཁྱད་པར་བཏོད་པ་དང་། མིང་གཞིའི་སྔོན་འཇུག་ཏུ་མི་འཁྲུལ་བར་བྱེད་པའི་རྟགས་ཙམ་འདུག་མོད་དེ་ནི་མིང་གཞི་སྔོན་འཇུག་ཏུ་མི་འཁྲུལ་བའམ་སྒྲ་མཚུངས་ཀྱི་མིང་གི་ཁྱད་པར་འབྱེད་བྱེད་ཀྱི་རྟགས་ཙམ་ཁོ་ན་མིན་པ་དེ་ཡང་ཐེམ་ཆེན་རྫོང་གི་བོད་སྐད་དུ་གྲྭ་ཚང་ལ[twatshaη]ཟི་ཁྲོན་དམུ་དགེ་འབྲོག་སྐད་དུ་ཟྭ་ཚོད་ཀྱི་ཟྭ་ལ[zwa]ཟེར་བ། དེ་ལས་བྱིས་འཇུག་ཏུ་ཝ་ནི་བ་རུ་བསྡུས་པས་ཤེས་ཟེར་བ་ལས་ཀྱང་བ་སྒྲ་ཟུར་ཙམ་ཡོད་པ་ཤེས།etC

སྡིགzik སྡོང་པོzcηwo སྡེར་མོzer mo སྡོམ་པzon ba བསྡདzaε སྡུད་མzmaདབྱིན་ཇིའི་ཡི་གེ་ལྟ་བུ་མཚོན་ན་སྒྲ་བ་ཀུ་ལེ་མའོ་ཡི་གཏན་སྲོལ་ལྟར[p.t.k]སྒྲ་འགྱུར་བྱུང་ནས[f.θ.h]ལྟར་བཀླག བོད་ལྟར་ན[t]དང[d]སྒྲར་ཁྱད་པར་ཆེན་པོ་མེད་པས[d]སྒྲ་ལྟར་བཀླགས་པར་བྱས་ནས་ད་གཟོད[z]ཅེས་པའི་སྒྲ་ཐོན།[lθ]དང[z]གཉིས་སྒྲ་ཤིན་ཏུ་འདྲ་བོ་འདུག་ཡིན་ཡང་བདག་གིས[z]དཔའ་ལུང་སྐད་དང་ཐག་ཉེ་བོ་འདུག་སྙམ་ནས་འདི་ཉིད་ཀྱི་ཚབ་བྱས་པ་ཡིན། སྤྱིར[z]དང[θ]གཉིས་ཀ་འགོག་བཙུར་གྱི་སྒྲ་ཡིན་པས་མི་ཚད་ལྕེ་གནས་ཀྱང་སྔུན་གཞུག་གི་ཁྱད་པར་ཙམ་ལས་མི་འདུག་པས་འདི་གཉིས་གང་ཡིན་ཡང་ཁྱད་པར་ཆེན་པོ་མེད་སྙམ། གཞན་དེ་མིན་དཀར་མཛེས་རྟའུ་སྐད་དུ་སྒ་ལ[zga]སྒང་ལ[zgη]སྦོམ་པོ[zbom po]སྔོན་པོ་ལ[sηon po]སྨན་ལ[smεn]ལྟ་བུ། དཔེ་བརྗོད་འདི་ལས[z]དང[s]ཏེ་མགོ་ཅན་གྱི་སྐབས་ཕན་ཚུན་བརྗེ་རེས་བྱེད་ཀྱི་ཡོད་པ་ཤེས། དེ་ཉིད་ཆོས་ཉིད་ངེས་ཅན་ཞིག་གི་འོག་ནས་དེ་ལྟར་འགྱུར་བ་ཡུལ་སྐད་ཕལ་མོ་ཆེར་ཐུན་མོང་གི་ཁྱད་ཆོས་ནི་ས་སྒྲ[s]ལྟར་འབྱིན་པ་ནི་མིང་གཞི་ཕོ་ཡིག་སྒྲ་མེད་དང་འཕྲད་པའི་དབང་གིས་ཡིན་ཞིང་། [z]ལྟར་འབྱིན་པ་ནི་མོ་ཡིག་སྒྲ་ལྡན་ཀྱིས[s]སྒྲ་ཡང་སྒྲ་མེད་ནས་སྒྲ་ལྡན་དུ་གྱུར་པ་རེད། སྣ་ལྡན་གྱི་ཡི་གེ་དང་འཕྲད་ཚེ་རང་སྒྲ་མ་ཉམས་པར་གནས། ⑦[s/z]དག་ནི་འཇུག་ཡུལ་མིང་གཞིའི་སྒྲ་ཤུགས་ཞན་པ་དང་ལྕེ་ངོས་ཀྱི་ཤན་ཐེབས་ནས་དེ་མཚུངས་སུ་འགྱུར་བ་མ་གཏོགས། ཀུན་ཀྱང་ལྕེ་ངོས་དང་སོ་བར་གྱི་བྱེད་པ་ཅན་དུ་ངེས་ཕྱིར། ས[s]སྒྲའི་འགྱུར་བར་གཞིགས་ན་འདི་ཉིད་ལས་མ་འདས་ཤིང་། འཇུག་ཡུལ་གསལ་བྱེད་དང་འཕྲད་པའི་ཆ་ནས་མིང་གཞི་སྦྲགས་མའི་འགྲུབ་བྱེད་དུ་མངོན་འདུག་གོ། བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ལས་ས་མགོ་ཅན་ནི་ལྕེ་རྩེའི་རླུང་ཕུད་བ་དང་སྦྲགས་ནས་མིང་གཞི་གང་གི་གདངས་བཏོན་པ་ཡིན། སྟ་ལྟ་བུར་དཔེ་མཚོན་ན། ལྕེ་རྩེ་སོ་དང་བྲལ་ནས་སྒྲ་བྱུང་བའི་ཐོག་མར་སྲི་ཞེས་གྲགས་པ་ཡིན་ཞེས་ས་མགོའི་སྒྲ་གསལ་བོར་བསྟན་འདུག གཞན་སི་ཁྲོན་སྐད་དུ་བསྟན་འཛིན་ཟེར་པའི་མིང་སྒྲ་སྒྱུར་བྱས་པར"ཀྵྨཾསྟིཚྫ"ཞེས་འདུག་པར་གཞིགས་ནའང་ས་མགོའི་སྒྲ་ཡུལ་ཕྱོགས་གཞན་ན་ཉམས་མེད་པ་འདྲ།etC

མཇུག་བསྡུ་བའི་གཏམ།etC

དཔའ་ལུང་ཡུལ་སྐད་ཀྱི་འགྱུར་ལུགས།etC

སྤྱིར་ཐོག་མར་སློབ་དཔོན་ཐོན་མིས་བོད་སྐད་ཀྱི་གདངས་གཞིར་བཞག་བོད་ཡིག་མཛད་ཅེས་པ་ལས་གནའ་བོའི་བོད་སྐད་སྒྲ་ལ་དེང་གི་སྒྲ་གདངས་ལྟར་ཡུལ་སྐད་ཀྱི་ཁྱད་པར་ཆེན་པོ་མེད་པ་འདྲ། ས་སྐྱ་པའི་སྐབས་ནས་བཟུང་སྒྲ་གདངས་ལ་འགྱུར་བ་བྱུང་འདུག་པ་ས་པཎ་གྱི་རོལ་མོའི་བསྟན་བཅོས་སུ་དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར། །གཙང་པ་འཕེར་ཞིང་གསལ་པ་ཡིན། །གཙེར་ཞིང་མདུད་པ་མངའ་རིས་པ། །ཁམས་པ་རྣམས་ཀྱིས་བརྗིད་ཅིང་གྱོང་། །ཞེས་གསུངས་པ་ལས་བར་སྐབས་ཀྱི་སྒྲ་གདངས་ནི་སློབ་དཔོན་ཐོན་མིའི་སྐབས་ཀྱི་སྒྲ་གདངས་དང་ཁྱད་པར་བྱུང་ཡོད་པ་གསལ་པོར་ཤེས། དེང་གི་ཡུལ་སྐད་དེ་ལྷ་སའི་སྐད། ཁམས་སྐད། ཨམ་སྐད་གསུམ་པོ་གཤིབ་བསྡུར་བྱས་པ་དག་ལས་ཀྱང་དེ་དག་གི་སྒྲ་གདངས་ལ་འགྱུར་བ་བྱུང་བ་ཤེས་ནུས། ཨམ་སྐད་དང་དཔའ་ལུང་བོད་སྐད་གཉིས་སྤྱིའི་ཕྱོགས་ནས་ཨམ་སྐད་ཡིན་པས་འདྲ་བར་འདུག་མོད་སྒྲ་གདངས་ཀྱི་འགྱུར་ལུགས་ཅི་འདྲ་ཡིན་པ་གསལ་པོར་བཤད་དཀའ་པས་ཨམ་སྐད་དེའི་དོད་དུ་བྱས་ནས་སྤྱི་བསྟན་པ་ཡིན། ཨམ་སྐད་ཀྱི་རྗེས་འཇུག་ལ་འགྱུར་ལྡོག་ཆེན་པོ་བྱུང་མེད་དེ། ཡོངས་གྲགས་ལྟར་ཡང་འཇུག་ད་དང་རྗེས་འཇུག་འ་གཉིས་སྔ་མོ་ནས་ཉམས་པ་བཀས་བཅད་ཀྱི་གྲས་སུ་ཚུད་པ་ལས་ཤེས་སླ་ཞིང་། དུས་རབས་བཅོ་ལྔ་བའི་སྔོན་ནས་འགག་སྒྲའི་རྗེས་འཇུག-b-d-gགསུམ་སྒྲ་ལྡན་ནས་སྒྲ་མེད-p-l-kརུ་འགྱུར་བ་དང་། རྗེས་འཇུག-s-lགཉིས་དུས་རབས་བཅོ་ལྔ་ནས་བཅུ་བདུན་བར་ཟུར་ཆགས་པ་དང་། ཕྱིས་སུ་ད་ལ་གཉིས་ཀྱི་སྒྲ་ཡང་ཕལ་ཆེར་གཅིག་ཏུ་གྱུར་ཏེ་ད་ལྟའི་རྗེས་འཇུག-p-t/l;-k/x -m-n-η-rབཅས་བདུན་ལས་མེད། དེང་གི་དཔའ་ལུང་སྐད་དེ་བར་སྐབས་གསུམ་པའི་དུས་འདིར་སྔོན་གྱི་རྗེས་འཇུག་བཅུ་ལས་བར་སྐབས་གཉིས་པ་སྟེ་གོང་དུ་འཆད་པ་བཞིན་རྗེས་འཇུག་བདུན་ནས་ལྔ་རུ་འགྲིབ་སྟེ་སྐབས་ལ་ལར་རྗེས་འཇུག་འདི་དག་ཀྱང་སྒྲ་གཞན་དུ་འགྱུར་བའི་སྣང་ཚུལ་འདུག དཔའ་ལུང་བོད་སྐད་སྤྱིར་བཏང་གི་བཤད་འགྲོས་ཅུང་མགྱོགས་ལ་སྒྲ་ཐམས་ཅད་ལྕེ་རྩེ་ན་ཡོད་པའང་ཕལ་ཆེར་བརྩེགས་འདོགས་དང་འཕུལ་རྟེན་ཇེ་ཉུང་དུ་སོང་པའམ་སྒྲ་གསལ་པོར་མ་ཐོན་པའི་རྐྱེན་ཨེ་ཡིན་འདོད། དཔེར་ན། རྗེས་འཇུག་ད་བ་ལ་གསུམ་དབྱངས[ε]ཀྱི་ཁོངས་སུ་བསྡུས་འདུག དཔའ་ལུང་སྐད་ལས་འཕུལ་ཡིག་འ་ཡི་སྒྲ་སྐབས་ལ་ལར་སྣ་སྒྲ[n]ཡི་སྒྲ་ཐོན་གྱི་འདུག་མོད་ཡོད་ཚད་དེ་འདྲ་ཡིན་པས་ཀྱང་མ་ཁྱབ། གཞན་འཕུལ་ཡིག་གི་སྒྲ་ག་ད་བ་གསུམ་གྱི་སྒྲ་སྲོག་ཆེན་གྱི་སྒྲ་ལས་ཐོན་གྱི་མི་འདུག་པ་དང་མ་སྒྲ་སྐབས་ལ་ལར[n] དང[m]གཉིས་ཀའི་སྒྲ་ཐོན་གྱི་འདུག ཡིན་ཡང་ཕལ་ཆེ་ཤས[n]སྒྲ་ཐོན་ནས་སྒྲ་མང་ཤས་ལྕེ་རྩེ་ཅན་དུ་འགྱུར་གྱི་འདུག གང་ལྟར་རྗེས་འཇུག་གི་སྒྲ་ཞན་པར་འགྱུར་བའམ་ཟུར་ཆགས་པའི་སྟོབས་ཀྱིས་དབྱངས་ཀྱི་འགྱུར་བ་ཅི་རིགས་འབྱུང་བས། རྗེས་འཇུག་འགྱུར་ལྡོག་གིས་དབྱངས་ལ་ཤུགས་རྐྱེན་ཐེབས་སྲིད་པ་མངོན་གསལ་ལོ། ། etC

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།