༄༅།། བོན་པོ་ཞིབ་འཇུག་སྐོར་གྱི་གནད་དོན་འགར་རགས་ཙམ་དཔྱད་པ།
སྤེལ་དུས།  2017-09-03  རྡེབ་ཚད།   ཡོང་ཁུངས། དུས་དེབ།  རྩོམ་པ་པོ། ཚེ་རིང་ཐར།   རྩོམ་སྒྲིག་པ། lobsang

དེང་སྐབས་ཀྱི་བོད་རིག་པའི་ཞིབ་འཇུག་སྐོར་ནས། མཁས་པ་མི་ཉུང་བ་ཞིག་གིས་བོན་པོ་དང་དེར་འབྲེལ་ཡོད་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ཡོད་པ་ནི་ང་ཚོས་རྗེས་སུ་ཡི་རང་པའི་གནས་ཤིག་རེད། དེ་བས། ཁོ་བོས་ཀྱང་དེ་ཕྱོགས་སུ་ལྟ་ཚུལ་འགའ་བརྗོད་པར་བྱ། YWz

དང་པོ། YWz

ཞང་ཞུང་འོལ་མོ་ལུང་དུ་སྐུ་འཁྲུངས་པའི་གཤེན་རབ་མི་བོ་ནི་གཡུང་དྲུང་བོན་གྱི་ཐོག་མའི་སྟོན་པར་ངོས་འཛིན། བོན་གྱི་ཡིག་ཆ་རྗེས་མ་རྣམས་ཏེ་ལྷག་པར་དུ་ལྷ་སྒྲུང་གི་ཤུགས་ཆེ་བའི་མཛད་རྣམ་དག་ཏུ་ཁོང་གི་འཁྲུངས་ཡུལ་དེ་ནུབ་ཕྱོགས་སྟག་གཟིག་གི་ཡུལ་ཞིག་ཡིན་པར་ཁས་འཆེས་ན་ཡང་། དཔྱད་གཞིག་དག་ལ་ཚན་རིག་དང་ལྡན་པའི་ཞིབ་འཇུག་ཅིག་བྱས་ན་ཁོང་འཁྲུངས་ཡུལ་དེ་ཞང་ཞུང་ཡིན་པར་དོགས་གཞི་མེད་པར་འདུག གཤེན་རབ་མི་བོས་གསར་དུ་སྲོལ་འབྱེད་པའི་གཡུང་དྲུང་བོན་དེ་སྲོག་ཤིང་དུ་བྱས་ནས་དར་བའི་བོན་གྱི་རིག་གནས་ནི་གནའ་རབས་བོད་ཀྱི་རིག་གནས་ཀྱི་གལ་ཆེན་ཞིག་ཡིན་པར་མ་ཟད། རྗེས་རབས་བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་སོ་སོ་ལའང་ཤན་ཆེན་པོ་ཐེབས་ཡོད། དེ་བས། གཤེན་རབ་མི་བོ་སྐུ་འཁྲུངས་པ་དང་གཡུང་དྲུང་བོན་གྱི་བསྟན་པ་དབུ་བརྙེས་པས་བོད་ཀྱི་ཤེས་རིག་ལོ་རྒྱུས་སྟེང་གི་དུས་རབས་གསར་བ་ཞིག་གི་མཛད་སྒོ་ཕྱེ་བ་རེད། སྟོན་པ་གཤེན་རབ་ཀྱི་སྔོན་དུ། བདུད་བོན་དང་བཙན་བོན་སོགས་གདོད་མའི་བོན་སྣ་ཚོགས་བོད་ཀྱི་རིག་གནས་དང་ཚོ་བའི་ཁྱབ་ཁུངས་སོ་སོར་ཁྱབ་ཡོད་ལ་བོད་མི་དམངས་ཀྱི་བསམ་བློ་དང་བྱ་སྤྱོད་ཀྱང་བོན་དེ་དག་གི་དབང་དུ་གྱུར་པ་རེད། ཡིན་ན་ཡང་། མི་རྣམས་ཀྱི་འབྱུང་ཁམས་སྐོར་སོགས་ཀྱི་ཤེར་རྟོགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་གདོད་མའི་ཆོས་ལུགས་ཀྱི་རྨོངས་དད་ཀྱི་ཆོ་ག་ལ་ལའི་རྫུན་མཚང་མ་བརྟོལ་རང་རྡིབ་ཏུ་སོང་ཞིང་མི་རྣམས་ཀྱང་དེ་དག་ལ་དད་པ་དང་ཡིད་ཆེས་ལྷོད་པར་གྱུར། དེ་བས། གདོད་མའི་ཆོས་ལུགས་དེ་དག་ལས་འཐུས་ཚང་ཞིང་གཞུང་ལུགས་དང་ལྡནཔའི་མཐོ་རིམ་གྱི་ཆོས་ལུགས་འབྱུང་རྒྱུ་ནི་དུས་དེའི་སྤྱི་ཚོགས་ཡོངས་ཀྱི་དགོས་མཁོ་རུ་གྱུར།  སྟོན་པ་གཤེན་རབ་ནི་དུས་རབས་དེ་རང་དུ་འཁྲུངས་ཤིང་དུས་དེའི་ཤེས་རྟོགས་གོང་འཕེལ་དང་ལྟ་བ་གསར་བརྗེ་བྱེད་པའི་ལོ་རྒྱུས་ཀྱི་འགྲོ་ལུགས་དང་ཡང་རབ་ཏུ་བསྟུན་པའི་ལོ་རྒྱུས་ཀྱི་མི་སྣ་ཞིག་རེད། ཁོང་གིས་ཡར་སྔོན་གྱི་བོན་རྣམས་རྨང་དུ་མཐོང་སྟེ་སྟག་གཟིག་དང་ཡུལ་ཁམས་གཞན་དག་གི་ཆོས་ལུགས་ཀྱི་རིག་གནས་དང་ལེན་སོགས་བྱས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའི་གཡུང་དྲུང་བོན་གྱི་ཆོས་ལུགས་གསར་དུ་བསྐྲུན་པ་རེད། YWz

བོན་པོའི་ཡིག་ཆ་རྣམས་ལ་ཞིབ་འཇུག་བྱེད་པའི་སྐབས་སུ། ལྷའི་ཁྱིམ་རྒྱུད་གྱི་ལྷ་སྒྲུང་རྣམས་དེ་བློ་ལྡན་རྣམས་ཀྱི་དང་བ་འདྲེན་པའི་གནས་ཤིག་རེད། ཀུན་གྱིས་མཁྱེན་གསལ་ལྟར་ན། ལྷ་སྒྲུང་ནི་མིའི་རིགས་ན་ཆུང་བའི་དུས་ཀྱི་གཤིས་ཀ་དང་ཡ་ཐོག་མིའི་རིགས་ཀྱིས་འབྱུང་ཁམས་དང་སྤྱི་ཚོགས་སྐོར་གྱི་ཤེས་རྟོགས་མ་སྦས་རང་བྱུང་དུ་བརྡོལ་བ་ལགས། བོད་གྱི་ལྷ་སྒྲུང་ཡང་དེ་ལས་མ་འདས་ཏེ། ཕུན་སུམ་ཚོགས་པའི་འཆར་ཡན་དང་འཛད་དུ་མེད་པའི་ངག་རྒྱུན་གྱིས་འབྱུང་ཁམས་ཀྱི་ཆགས་ཚུལ་དང་འགྲོ་བའི་གྲོལ་ཚུལ་བརྗོད་ཡོད་པ་དང་། དེའི་ཐོག་མཐར་བར་གསུམ་དུ་རང་རེའི་ཕ་མེས་ཡང་མེས་རྣམས་ཀྱི་ཚུལ་དང་མཐུན་པའི་ཤེས་རྟོགས་དང་བསམ་བློའི་འོད་ཟེར་ལྷམ་ལྷམ་བཀྲ་འདུགཡིད་དུ་འོང་བའི་ལྷ་སྒྲུང་དེ་དག་ང་ཚོ་དང་ཡུལ་དང་དུས་ཀྱིས་བསྐལ་ན་ཡང་དེའི་ནང་གི་གཤེན་ལྷ་འོད་དཀར་དང་ཀུན་ཏུ་བཟང་བོ། སྟག་ལ་དང་དབལ་གསས་གེ་ཁོད་ལ་སོགས་པ་ནི་ད་ལྟའི་བར་དུ་དད་ལྡན་པ་རྣམས་ཀྱི་སྐྱབས་གནས་སུ་གྱུར་ཡོད། སྟོན་པ་གཤེན་རབ་ནས་བཟུང་སྟེ་མུ་ཆོ་ལྡེམ་དྲུག་དང་འཛམ་གླིང་རྒྱན་དྲུག་སོགས་ནི་བོད་རང་གི་མཁས་གྲུབ་ཆེན་པོ་ཡིནལ། ཁོང་རྣམས་ཀྱིས་བོན་གྱི་བསྟན་པ་གསར་གཏོད་དང་དར་སྤེལ་བྱེད་པ་ལ་ནུས་རྒྱ་ཆེན་པོ་བཏོན་ཡོད། ཁོང་རྣམས་ཀྱིས་གཙོས་པའི་མཁས་གྲུབ་རིམ་བྱོན་ལ་བརྟེན་ནས་བོན་གྱི་བསྟན་པ་ཞང་ཞུང་གི་ཡུལ་ནས་བོད་དང་སུམ་པ་རྒྱ་གར་སོགས་སུ་དར་བ་རེད། བཙན་པོའི་རྒྱལ་རབས་སྐབས་སུ། རྒྱ་གར་ནས་ཐུབ་པའི་བསྟན་པ་གདན་དྲངས་པས་བོན་ཆོས་གཉིས་ཀྱི་འཐབ་རྩོད་ཀྱི་འགོ་བརྩམས་པ་དང་བན་བོན་གཉིས་་ཀྱི་འཐབ་རྩོད་ཀྱིས་ཆོས་བོན་གཉིས་ཀའི་ངོ་བོ་ལ་འགྱུར་ལྡོག་བྱུང་སྟེ། ཕན་ཚུན་འགལ་རྩོད་དང་མཉམ་དུ་ཡང་ཕན་ཚུན་འདུམ་བསྲེས་མང་པོ་བྱས། ཐུབ་བསྟན་པས་དེ་དུས་བོད་མའི་སེམས་ཁམས་དང་བསྟུན་པའི་ཆེད་དུ་བོན་གྱི་ནང་དོན་མང་པོ་དང་ལེན་བྱས་ནས་ཁ་བ་རི་བོའི་ལྗོངས་སུགཏན་ཆགས་སུ་གནས་ཐུབ་པར་བྱས་པ་དང་། བོན་པོ་རྣམས་ཀྱིས་ཀྱང་བོན་ཆོས་འཐབ་རྩོད་ཁྲོད་དུ་ཕམ་ཁ་ཉོས་རུང་ཐུབ་བསྟན་པའི་ནང་དོན་མང་པོ་དང་ལེན་བྱས་ནས་རང་གི་ཆོས་ལུགས་ཇེ་རྒྱས་དང་ཇེ་ཚང་དུ་བཏང་བར་མ་ཟད། ཆབ་སྲིད་དང་རིག་གནས་ལྟེ་བ་ནས་རིང་དུ་བསྐལ་བའི་མཐའ་འཁོབ་སོགས་སུ་ཕྱིན་ནས་བོན་བསྟན་གྱི་མེ་རོ་སྐྱར་དུ་གསོས།  ཕྱི་རབས་ཀྱི་བོན་པོ་ལ་ཚད་ལྡན་གྱི་མཁས་གྲུབ་མང་པོ་བྱོན་པ་དང་ལྗགས་རྩོམ་ཀྱང་གང་མང་གནངས་ཡོད།  བོན་གྱི་གཞུང་ལུགས་ཀྱི་ཆ་ནས་ཐེག་པ་རིམ་དགུ་རྨང་དུ་མཐོང་། དེ་རྒྱུའི་ཐེག་པ་བཞི་དང་འབྲས་བུའི་ཐེག་པ་ལྔར་གྱེས། སྔ་མ་ནི་ཕྱྭ་གཤེན་ཐེག་པ་དང་། སྣང་གཤེན་ཐེག་པ། སྲིད་གཤེན་ཐེག་པ། འཕྲུལ་གཤེན་ཐེག་པའོ། ། དེ་བཞི་ནི་སྣང་སྲིད་ཀྱི་ལྷ་འདྲེ་ལ་མཆོད་བཀུར་དང་གདོན་བགེགས་ལ་གཏོར་བཟློག་སོགས་བྱེད་པའི་འཇིག་རྟེན་གྱི་ལས་ཐབས་འབའ་ཞིག་ཡིན་ཞིང་དེར་གཏོ་དང་། མོ། ཕྲ། མདོས། འདུར། ཡས། བརྔན་ཇུ་ཐུ་འོག་སོགས་ནང་དོན་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད་དེ་རེ་རེར་གཞུང་ལུགས་ཀྱང་ཁུངས་ཐུབ་པ་མང་པོ་ད་ལྟའི་བར་དུ་མཐོང་རྒྱུ་ཡོད། འདི་དག་ནི་བོན་གྱི་བསྟན་པ་ཐོག་མང་དར་བའི་དུས་ཀྱི་གཞུང་ལུགས་གཙོ་བོ་རེད། ཕྱི་མ་འབྲས་བུའི་ཐེག་པ། བླ་མེད་ཀྱི་ཐེག་པ། དེའི་མཐའ་མ་བླ་མེད་ཀྱི་ཐེག་པ་ནི་རྫོགས་ཆེན་ལ་ཟེར། བོན་པོ་རྣམས་ཀྱིས་རྫོགས་ཆེན་ནི་བོན་གྱི་བསྟན་པའི་སྲོག་ཤིང་དུ་གཅེས་སུ་འཛིན། བོན་གྱི་རྫོགས་པ་ཆེན་པོའི་བརྒྱུད་ཁུངས་ཀྱི་སྟོན་པ་ནི། ཕ་ཡེ་གཤེན་གཙུག་ཕུད། ཡུམ་བཟང་ཟ་རང་བཙུན། སྲས་འཆི་མེད་གཙུག་ཕུད། གཤེན་གསང་བ་འདུས་པ། དེ་ཡན་ཆད་སངས་རྒྱས་ཀྱི་དགོངས་པ་བརྒྱུད་པའོ། ། རྫོགས་པ་ཆེན་པོས་སངས་རྒྱས་གཞན་ནས་མི་འཚོལ་ཏེ། རང་སེ་མས་རྟོགས་པ་ལས་མ་རྟོགས་པའི་འབྲས་བུ་ཕིག་གཞན་ནས་མེད་པར་མཐོང་། གསལ་བ་དང་སྟོང་བ་གཉིས་དཔེ་ཆུ་དང་ཆབ་རོམ་ལྟ་བུར་ངོ་བོ་དབྱེར་མེད་དུ་རྟོགས་དགོས་ཏེ་གསལ་སྟོང་འགྱུར་བ་མེད་པ་ཅིག་རྒྱུད་ལ་སྐྱེས་ན་དེ་ཉམས་ཀྱི་ཚད་ཡིན་པར<<རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་སེམས་ཀྱི་མེ་ལོང་>>ལས་གསུངས། YWz

བསྟན་བཅོས་ཀྱི་ཆ་ནས། དུམ་པ་བརྒྱ་ཕྲག་བརྒལ་བའི་བོན་གྱི་བཀའ་བསྟན་འགྱུར་ནི་ཁུངས་དང་ལུང་གི་གཞི་འཛིན་ས་གཙོ་བོ་རེད། དེར་བོན་གྱི་གཞུང་ལུགས་མ་གཏོགས། ལོ་རྒྱུས། སྨན་དཔྱད། སྐར་རྩིས། བཟོ། མོ། ཇུ་ཐིག་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུག་ལ། དེ་ནི་བོན་གྱི་བསྟན་པ་དང་ལྷག་པར་དུ་གནའ་རབས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་ཆེས་གལ་ཆེན་གྱི་གྲས་རེད། དེ་མ་གཏོགས་དུས་ཕྱིའི་བོན་གྱི་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཀྱང་འབོར་ཤིན་ཏུ་ཆེན་པོ་འདུགབོན་གྱི་བཀའ་བསྟན་འགྱུར་ལ་ཤིང་པར་གཉིས་བརྐོས་མྱོང་སྟེ། ཨ་མདའི་ཆུ་ཆེན་གྱི་རབ་བརྟན་རྒྱལ་པོའི་པར་དང་། ཨ་མདོའི་ཚ་ཁོ་ཁྲོ་སྐྱབས་རྒྱལ་པོའི་པར་གཉིས་སོ། སྔ་མས་པར་ཤིང་གི་མཐར་ཟངས་ཀྱིས་ཤན་ཡོད་པས་ཟངས་པར་མའང་ཟེར། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་པར་དེ་གཉིས་ད་ལྟ་མི་བཞུགས་ན་ཡང་། ཟི་ཁྲོན་མི་རིགས་ཞིབ་འཇུག་ཁང་གིས་བཀའ་བསྟན་འགྱུར་གྱི་དཔེ་རྒྱུན་ལག་བྲིས་མ་ཞིག་གློག་པར་དུ་བཏབ་ནས་བཀྲམ་པ་དེས་ཕྱི་རབས་པ་རྣམས་ལ་དགེ་རྩ་གྲགས་རྗེས་མི་འབྲང་བ་བསྐྲུན་འདུགབོན་གྱི་བཀའ་བསྟན་ལའང་བཀའ་འགྱུར་དང་བསྟན་འགྱུར་ཞེས་སྡེ་ཚན་གཉིས་སུ་དགར་དཔེ་ན་ཡང་། བྱེ་བྲག་ཏུ་དགར་བའི་ཚུལ་ལ་མཁས་པ་རྣམས་ཞལ་མི་མཐུན་པར་མཐོང་། རིག་འཛིན་ཀུན་གྲོལ་གྲགས་པས་གསུངས་པའི་<<གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར>>བྱ་བ་ནི་ད་ལྟ་མཇལ་རྒྱུ་ཡོད་པའི་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཆེས་ཞིབ་ཆ་ཅན་དང་ཆ་ཚང་བ་ཞིག་རེད། ཡིན་ན་ཡང་གཡུང་དྲུང་གླིང་གི་མཁས་པོ་ཉི་མ་བསྟན་འཛིན་གྱིས་ཀུན་གྲོལ་གྱི་སྒྲིག་སྲོལ་ལ་བཞེད་དགོངས་མི་མཐུན་པ་སྤྲོས་པ་མ་ཟད། གཞན་དུ་<<གཡུང་དྲུང་བོན་གྱི་བཀའ་བསྟན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་གྱི་དཀར་ཆག་ཉུང་ཐུས་གཤེན་བསྟན་པདྨོ་རྒྱས་པའི་ཉིན་བྱེད>>བྱ་བ་བརྩམས་ཡོད། ཞིབ་འཇུག་གི་སྐོར་ནས། བོན་པོ་རང་མ་གཏོགས་འཇུ་མི་ཕམ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ནས་ཀྱང་ཞིབ་འཇུག་བྱས་མྱོང་ཡོད། ཐུབ་པའི་བསྟན་པ་བོད་ནས་རྐང་ཚུགས་པ་དང་ལྷག་པར་དུ་ཡོངས་ཁྱབ་ཏུ་དར་བའི་རྗེས་སུ་དེའི་ཆོས་སྲིད་གཉིས་ཀྱི་དབང་འོག་ནས་བོན་པོའི་དགོན་ཁག་དང་མི་སེར་གང་མང་ཆོས་འོག་ཏུ་བསྒྱུར་བས། བོད་ཀྱི་མཐའ་འཁོབ་ལ་ལ་མ་གཏོགས་བོན་གྱི་གྲུབ་མཐའ་མི་གནས་པར་ཉེ་བར་བྱས་པ་དང་། བོན་ཆོས་འཐབ་རྩོད་ཁྲོད་ནས་གྲུབ་མཐའ་གཉིས་བསམ་བློའི་སྟེང་རྒྱབ་འགལ་བྱས་པ་བཅས་རྒྱུ་རྐྱེན་འདི་གཉིས་ཀྱིས་བོན་པོ་རང་མ་གཏོགས་ཐུབ་བསྟན་པའི་མཁས་པ་རྣམས་ཀྱིས་བོན་གྱི་རིག་གནས་ལ་འདྲི་རྟོགས་དང་ཞིབ་འཇུག་མི་བྱེད་པས་བོན་པོ་བྱ་བ་གང་འདྲ་ཡིན་པར་མཁྱེན་རྟོགས་མེད་པས། བོན་པོའི་རིག་གནས་ཕྱོགས་ལ་བཞེད་དགོངས་དོན་དང་མི་མཐུན་པ་ཡང་གང་མང་སྤྲོས་འདུགབཅིངས་འགྲོལ་བྱས་པའི་རྗེས་ནས་བོད་ཀྱི་ལོ་རྒྱུས་སོགས་ཀྱི་དཔེ་རྒྱུན་དཀོན་པོ་དག་དུ་བསྐྲུན་པས་བོད་རིག་པའི་ཞིབ་འཇུག་སྐོར་ལ་དཔྱད་གཞིའི་རྒྱུ་ཆས་ཁ་སྐོང་མང་པོ་བྱས་པ་ཡིན་ན་ཡང་། རྒྱུ་རྐྱེན་མང་པོའི་དབང་གིས། པར་དུ་བསྐྲུན་པ་ཐམས་ཅད་ཐུབ་བསྟན་པའི་མཁས་པ་རྣམས་ཀྱི་གསུང་ཡིན་པ་ལས་གཤེན་བསྟན་པའི་གསུང་རྩོམ་ཡེ་ནས་མི་འདུགགཤེན་བསྟན་པའི་བསྟན་བཅོས་མཐོང་རྒྱུ་མ་བྱུང་ན་བོན་ལ་ཞིབ་འཇུག་བྱེད་སྤྲོ་བ་རྣམས་ཀྱང་ཐུབ་བསྟན་པའི་བསྟན་བཅོས་ནང་གི་བོན་པོའི་སྐོར་གྱི་གླེང་སློང་ཆ་རྡོག་རེ་ལ་མི་བརྟེན་ཀ་མེད་བྱུང་བས། རྗེས་རབས་པ་རྣམས་ལའང་བོན་པོ་དང་བོན་པོའི་རིག་གནས་གྱི་ཤེས་རྟོགས་ཡང་དག་པ་ཞིག་མ་ཆགས་པའི་གནས་ཚུལ་བྱུང་། YWz

གཉིས། YWz

བོན་པོ་དང་གཡུང་དྲུང་། བོན་པོ་རྣམས་ཀྱིས་སྟོན་པ་གཤེན་རབས་ཀྱིས་བསྟན་པའི་བོན་ལ་གཡུང་དྲུང་བོན་ཟེར། དེ་ནི་ཁོང་གི་ཡར་སྔོན་གྱི་གདོད་མའི་བོན་རྣམས་དང་ཁྱད་པར་འབྱེད་པའི་ཆེད་དུ་ཡིན། གཡུང་དྲུང་བྱ་བའི་མིང་ཚིག་འདི་ཞང་ཞུང་སྐད་དང་འབྲེལ་བ་ཡོད་དེ་ཞང་སྐད་དུ་གཡུང་དྲུང་ལ་དྲུང་མུ་ཟེར། དེའི་ནང་དོན་ཡང་བོད་སྐད་ཀྱི་གཡུང་དྲུང་དང་ཡང་དག་མཚུངས། གཡུང་དྲུང་བྱ་བའི་ཐ་སྙད་འདི་བོད་སྐད་ལ་ནམ་ཚོད་མཆེད་པ་དང་དེར་རྟག་བརྟན་དང་བཀྲ་ཤིས་ཀྱི་ནང་དོན་ནམ་ཚོད་ཆགས་པ་སོགས་ནི་ད་ལྟ་ཁ་ཚོན་གཅོད་དཀའ་མོད། ཏུན་ཧོང་ཡིག་རྙིང་སོགས་ལོ་ཚིགས་གསལ་བོར་ཡོད་པའི་ཡིག་ཆ་གལ་ཆེན་འགའ་ལྟར་ན། མ་མཐའ་ཡིན་རུང་སྤྱི་ལོ་དུས་རབས་བརྒྱད་པར་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱས་པར་མ་ཟད་ནང་དོན་ཡང་དེ་འདྲ་ཆགས་འདུག གཞན་ཡང་ཐ་སྙད་འདི་དང་རི་མོ་འདི་གཉིས་ནས་ཚོད་ངོ་བོ་གཅིག་ཏུ་གྱུར་པར་ཡང་དོགས་གཞི་འདུག་སྟེ།  བོན་པོའི་ཡིག་ཚང་འགའ་ལྟར་ན་སྲོང་བཙན་སྒམ་པོའི་ཡར་སྔོན་གྱི་དུས་ཧ་ཅང་སྔ་མོ་ཕིག་ལ་ངོས་འཛིན་དགོས་པ་བྱུང་མོད། ཡིག་ཚང་དེ་ཚང་མ་གཏེར་མ་ཡིན་པས་དེ་དག་གི་ལོ་ཚིགས་ཀུནགྱིས་ཡིད་རྟོན་ཐུབ་པ་ཞིག་ཆག་མ་ཆོད་གོང་ལ་མིག་བཙུམ་ནས་དད་པ་བྱེད་རྒྱུ་ཤིན་ཏུ་དཀའོ། ། ལོ་ཚིགས་ཕལ་ཆེར་ཐག་ཆོད་ཡོད་པའི་འདྲེལ་ཡོད་ཡིག་ཆ་ཆེས་སྔ་མོ་ནི<<སྦ་བཞེད>>དང་ཏུན་ཧོང་ཡིག་རྙིང་(1)ཡིན་ལ<<སྦ་བཞེད>>ལས། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གསལ་སྣང་དང་སང་ཤི་གཉིས་ཀྱིས་རྒྱ་ནག་ནས་ལྷ་ཆོས་གདན་དྲངས་པར་དགའ་སྤྲོ་ཆེན་པོ་སྐྱེས་ནས་གསལ་སྣང་ལ་དངུལ་གྱི་གཡུང་དྲུང་དང་སང་ཤི་ལ་ཕྲ་མེན་གྱི་གཡུང་དྲུང་གི་སྟེང་དུ་གསེར་བླུག་ནས་བྱ་དགའ་སྤྲད་ཟེར། འདི་ནས་གཡུང་དྲུང་གི་རི་མོ་ལོགས་སུ་བྲིས་མེད་ན་ཡང་དངུལ་དང་ཕྲ་མེད་གྱིས་བཟོས་པའི་གཡུང་དྲུང་གི་རིས་ཅན་གྱི་སྣོད་ཅག་ཡིན་པ་རྟོགས་ཐུབ། ཏུན་ཧོང་ཡིག་རྙིང་དུའང་གཡུང་དྲུང་ལ་རྟག་བརྟན་དང་བཀྲ་ཤིས་ཀྱི་ནང་དོན་ལྡན་པ་ཤེས་ཐུབ། བོད་དར་ཐུབ་བསྟན་པར་ཡང་གཡུང་དྲུང་ཡོད་མོད། བོད་མི་མང་པོ་ཞིག་གིས་གཡུང་དྲུང་དེ་བོན་བསྟན་གྱི་རྟགས་མཚན་ཞིག་ལ་ངོས་འཛིན་གཤིས། རིང་བོ་མ་ཐོགས་པའི་སྔོན་ལ་བོད་ལྗོངས་མངའ་རིས་ཀྱི་རུ་ཐོག་རྫོང་ཁོངས་སུ་སྲོང་བཙན་ཡར་སྔོན་གྱི་བྲག་བརྐོས་རི་མོ་(2)རྙེད་ཅིང་གཡུང་དྲུང་ཡང་མང་པོ་འདུག་པ་དེས་གནད་དོན་གལ་ཆེན་གསལ་བཤད་བྱེད་ཐུབ། མངའ་རིས་ནི་གནའ་བོའི་ཞང་ཞུང་གི་ཡུལ་ཡིན་ཞིང་བོན་བསྟན་གྱི་འབྱུང་ཁུངས་ཀྱང་ཡིན་པས། ཡུལ་ཁམས་དེར་སྲོང་བཙན་ཡར་སྔོན་གྱི་གཡུང་དྲུང་སོགས་ཀྱི་བྲག་བརྐོས་རི་མོ་བརྙེད་པ་དེས་ཐུབ་པའི་བསྟན་པ་བོད་ལ་མ་དར་གོང་ལ་བོད་ན་གཡུང་དྲུང་ཡོད་པ་མ་ཟད་བོན་བསྟན་དང་ཡང་འབྲེལ་བ་དམ་པོ་ཡོད་པ་གསལ་བོར་བསྟན་ཡོད། གཞན་ཡང་། བོན་གྱི་ཡིག་ཚང་དུ་འབྱུང་ཁམས་ཐོག་མར་ཆགས་དུས་འབྱུང་བའི་ནུས་པར་བརྟེན་ནས་རྒྱ་གྲམ་ཞིག་ཏུ་གྲུབ་པ་དང་འགྲོ་བ་མི་ནི་འོད་གསལ་ལྷ་ལས་ཆད་པ་སོགས་ཀྱི་ལྷ་སྒྲུང་འདུགད་ལྟ་ཡོངས་ཁྱབ་ཏུ་རྒྱ་གྲམ་དང་གཡུང་དྲུང་ནི་ཉི་མའམ་མེ་ཡི་མཚོན་རྟགས་ཤིག་ཏུ་ཁས་འཆེས་པ་ལྟར་ན། གོང་སྨྲས་ལྷ་སྒྲུང་དེ་གཉིས་ཀྱང་ཡ་ཐོག་མིའི་རིགས་ཀྱིས་ཉི་མའམ་མེ་ལ་དད་པ་བྱས་པ་མཚོན་ཡོད་སྙམ། བོན་གྱི་ཡིག་ཚང་དུ་ཞང་ཞུང་དང་ནུབ་ཕྱོགས་ཀྱི་སྟག་གཟིག་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་མང་པོ་བརྗོད་ཡོད། ལྷག་པར་དུ་དུས་ཐུང་ཙམ་འཕྱི་བའི་ཡིག་ཚང་རྣམས་སུ་སྟོན་པའི་འཁྲུངས་ཡུལ་དང་བསྟན་པའི་འབྱུང་ཁུངས་ཀྱང་ནུབ་ཕྱོགས་ཀྱི་སྟག་གཟིག་ལ་ངོས་བཟུང་ཡོད། ཡིག་ཚང་དེ་རྣམས་སུ་སྟག་གཟིག་གི་ས་ཕྱོགས་དང་ས་དབྱིབས་བརྗོད་པར་བརྟགས་ན་དེ་གནའ་རབས་ཀྱི་པར་ཟིག་ལ་སོགས་པའི་ཞང་ཞུང་ནུབ་ཕྱོགས་ཀྱི་ཡུལ་ཁམས་ཆེན་པོ་ཞིག་ལ་གོ་དགོས་ལ། ཕར་ཟིག་སོགས་ནི་དང་པོ་ཞན་ཆོས་བྱ་བའི་མེ་དང་ཉི་མར་དད་པའི་ཆོས་ལུགས་ཤིག་རྒྱ་ཆེན་པོར་དར་མྱོང་བའི་ཡུལ་ཁམས་རེད་ལ་ཆོས་ལུགས་དེ་ད་ལྟའི་བར་དུ་གནས་ཡོད་དེ། རྒྱ་གར་གྱི་མུན་མེ་དང་བོད་ཀྱི་ནུབ་ཕྱོགས་ཀྱི་ཡུལ་གྲུ་འགའ་རུ་ད་ལྟའང་ཉི་མ་ལ་ཕྱག་འཚལ་མཁན་མང་པོ་འདུག་པ་དང་གཡུང་དྲུང་དང་རྒྱ་གྲམ་ཡང་མང་པོ་མཐོང་རྒྱུ་ཡོད། དེར་བརྟེན། གོང་སྨྲས་ལྷ་སྒྲུང་དེ་གཉིས་སུ་འབྱུང་ཁམས་ཀྱི་ཆགས་གཞིར་གྱུར་པའི་རྒྱ་གྲམ་དང་འགྲོ་བ་མིའི་གྲོལ་ཕུག་ཏུ་གྱུར་པའི་འོད་གསལ་ལྷ་གཉིས་ཀ་ནི་ལྷ་ཉིད་ཡིན་ཞིང་དེ་ནུབ་ཕྱོགས་པར་ཟིག་སོགས་ཀྱི་ཉི་ལྷའི་དད་པ་དེ་བོད་དུ་མཆེད་པ་ཡིན་པར་སྙམ། བོད་མ་གཏོགས་རྒྱ་ནག་མི་རིགས་ལ་ཡང་གཡུང་དྲུང་འདུག་སྟེ། ཡར་སྔོན་རྒྱ་ནག་གི་གཡུང་དྲུང་དེ་ཐུབ་པའི་བསྟན་པ་བྱང་དུ་དར་བར་འགྲོགས་ནས་རྒྱ་གར་ནས་རྒྱ་ནག་ལ་དར་བར་ཁས་འཆེས། ཡིན་ན་ཡང་། ཕྱིས་ཀྱི་གནའ་བརྟག་བརྐོ་འདོན་གྱི་རིག་རྫས་ལ་དཔྱད་ན་ལྟ་ཚུལ་དེ་ནོར་འཁྲུལ་ཅན་ཞིག་ཡིན་པར་མངོན། རང་རྒྱལ་གྱི་ནུབ་བྱང་གི་གི་ཀན་སུའུ་དང་མཚོ་སྔོན་གྱི་མ་ཕྲང་རྫ་ཆས་རི་མོར་རྒྱ་གྲམ་དང་གཡུང་དྲུང་གི་རི་མོ་མང་པོ་བུད།  དེ་མ་ཟད་ཧྲང་ཀྲིག་དུས་ཀྱི་རུས་སྐོགས་ཡི་གེ་དང་ཟངས་སྐྱའི་ཡོ་བྱད་ཀྱི་བརྐོས་ཡིག་ཏུའང་རྒྱ་གྲམ་དང་གཡུང་དྲུང་ཡོད། དེ་ལས་ལྷག་པ་ནི། རི་མོ་ལ་ལར་རྒྱ་གྲམ་གྱི་མདུན་ནས་མིས་པུས་མོ་སར་བཙུགས་ནས་ཕྱག་བྱེད་པའི་རྣམ་པ་(3)ཡོད། རྒྱུ་མཚན་འདི་དག་ལ་བརྟགས་ན་ཐུབ་པའི་བསྟན་པ་མ་དར་གོང་དུ་རྒྱ་ནག་ལའང་རྒྱ་གྲམ་དང་གཡུང་དྲུང་གི་ནང་ཚན་རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་བྱ་བ་ཞང་ཞུང་དུ་ཕེབས་ནས་སྦྱང་བ་མཐར་ཕྱིན་པ་མཛད་པའི་རྗེས་སུ་ཕྱིར་རྒྱ་ནག་ཏུ་ལོག་ནས་བོན་བསྟན་སྤེལ་བར་བཀོད་ཡོད། རྒྱ་ནག་སྐད་ནས་གཡུང་དྲུང་ལwonཞེས་བཀླགས་དགསོ་པར་ཐང་རྒྱལ་རབས་སྐབས་སུ་བཀས་བཅད་དེ་བོད་སྐད་དུ་བོན་བྱ་བ་ལ་བརྡ་རྙིང་ལྟར་ན་wonཞེས་བཀླག་སྲོལ་ཡོད་པ་ད་ལྟའི་ཨ་མདོའི་སྐད་དུའང་ཤིན་ཏུ་གསལ་བ་དེ་དང་སྒྲ་གདངས་ཅི་ལྟར་འདྲ་ཨང་། བོད་རྒྱ་མི་རིགས་གཉིས་མ་གཏོགས་རྒྱ་གར་གྱི་ཐུབ་བསྟན་པ་དང་། བྲམ་ཟེ་ཆོས་ལུགས་སོགས་ལའང་རྒྱ་གྲམ་དང་གཡུང་དྲུང་ཡོད་པ་དང་ཐ་ན་གནའ་རབས་ཞིས་ལ་དང་། གནའ་རབས་པ་པིས་ལོང་སོགས་ནུབ་ཕྱོགས་ཀྱི་རིག་གནས་རྙིང་བ་དག་གི་རིག་རྫས་སུའང་རྒྱ་གྲམ་དང་གཡུང་དྲུང་ཡོད(4)། ནུས་ཕྱོགས་ནས་རྒྱ་གྲམ་ལ་ཁི་རོ་སི(cross)དང་གཡུང་དྲུང་ལ་ཀི་མེ་ཏིང་(Gammadion)ཟེར། ཕལ་ཆེར་འཛམ་གླིང་ཡོངས་སུ་ཁེབས་ཡོད་པའི་རྒྱ་གྲམ་དང་གཡུང་དྲུང་གི་རིས་ལ་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་རྐྱེན་གྱིས་ནང་དོན་ལའང་འདྲ་མིན་སྣ་ཚོགས་ཡོད་སྲིད་མོད། དེའི་མང་ཤོས་ནི་ཉི་ལྷའི་དད་པའི་མཚོན་བྱེད་ཡིན་ལ། བོད་ཀྱི་གཡུང་དྲུང་ཡང་དེ་ལས་མ་འདས་སོ། ། དེ་ལྟར་ན་ཡང་གསལ་བཤད་ཅིག་བྱེད་དགོས་པ་ནི། བོད་ཀྱི་རྒྱ་གྲམ་དང་གཡུང་དྲུང་གི་དད་པ་དེ་གནའ་རབས་པར་ཟིག་གི་རིག་གནས་དང་འབྲེལ་བ་ཡོདཔ་ལས་ནང་ལོགས་ཀྱི་ཉི་ལྷའི་དད་པ་ལས་མཆེད་པ་མ་ཡིན་ནོ། ། གཡུང་དྲུང་ལ་ཡང་གཡས་འཁོར་དང་གཡོན་འཁོར་གྱི་ཁྱད་པར་ཡོད་དེ་བོད་དུ་བོན་པོ་རྣམས་ཀྱིས་གཡས་འཁོར་དང་བན་དེ་རྣམས་ཀྱིས་གཡོན་འཁོར་བརྒྱག་པའི་སྲོལ་ཆགས་ཡོད་པས་སྔ་མར་བོན་འཁོར་དང་ཕྱི་མར་བན་འཁོར་ཡང་ཟེར། ཡིན་ན་ཡང་གཡས་འཁོར་དང་གཡོན་འཁོར་ནི་བན་བོན་གྱི་ཁྱད་པར་ཕྱེ་ནས་སྲོལ་དེ་འདྲ་ཞིག་ཆགས་འདུག་པ་མ་གཏོགས་གཞུང་ལུགས་ཀྱི་རྒྱུ་མཚན་ཅི་ཡང་མེད་ཅིང་དང་པོ་བན་བོན་གཉིས་ཀར་གཡས་འཁོར་དང་གཡོན་འཁོར་གཉིས་ཀའི་སྲོལ་ཡོད་པར་ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་ནས་གསུངས་(5)། རྒྱུ་ཐོག་རྫོང་གི་བྲག་བརྐོས་རི་མོའི་གཡུང་དྲུང་དེ་ཡང་གཡས་གཡོན་གཉིས་ཀ་ཡོད་པས་ཀྱང་གོང་གི་བཞེད་པ་དེ་ར་སྤྲོད་བྱེད་ཐུབ། YWz

བོན་པོའི་མིང་གི་སྐོར། དེང་སྐབས་བོན་པོའི་རིག་གནས་ལ་ཞིབ་འཇུག་བྱས་པའི་རྒྱ་ནག་གི་རྩོམ་ཡིག་རྣམས་སུ་བོན་གྱི་མིང་འབྲི་སྟངས་མི་འདྲ་བ་སྣ་ཚོགས་བྱུང་འདུགདཔེར་ན། 本教,本波教,笨波教,笨教,笨教,钵波教,黑教, བཅས་སོ། །  བོན་བྱ་བའི་ཐོག་མའི་ནང་དོན་ནི་བཟླ་བའམ་འདོན་པའི་དོན་ལ།  གོང་གི་མིང་སྔ་མ་དྲུག་གི་སྒྲ་བསྒྱུར་གྱི་མིང་ཡིན་པས་མི་འགྲིག་རྒྱུ་ཆེ་མེད་མོད། དྲུག་པོའི་ལྔ་བ་ བྱ་བ་དེ་བོད་སྐད་དུ་བསྒྱུར་ན་བླུན་པོའི་ཆོས་ལུགས་ཟེར་བ་དང་黑教  བྱ་བ་བོད་སྐད་དུ་བསྒྱུར་ན་ཆོས་ལུགས་ནག་པོ་ཟེར་བ་ཡིན་པས་དེ་གཉིས་ཀར་ཆགས་སྡང་གི་ཤན་ཞུགས་པས་འདོར་བར་བྱ། ཁོ་བོས་བལྟས་ན་རྒྱ་ནག་སྐད་དུ་བསྒྱུར་ན་笨教 བྱ་བར་འཚམ་པར་འདུག མིང་དེ་ད་ལྟ་བཀོད་སྤྱོད་ཀྱི་ཁྱབ་ཆེ་བ་མ་ཟད་ཆགས་སྡང་གི་ཤན་མི་འདྲེས་ཤིང་བོན་པོ་བོད་རང་སའི་ཆོས་ལུགས་ཡིན་པའང་རྒྱ་ཡིག་དེའི་ནང་དོན་དང་མཐུན་པ་བཅས་སོ། ། ཆོས་ལུགས་ནག་པོ་བྱ་བའི་ཐ་སྙད་དེ་ནི་རྒྱ་ནག་གི་བོད་རིག་པའི་མཁས་པ་ཚོས་བོད་ཀྱི་ཆོས་ལུགས་ཀྱི་རྒྱུ་མཚན་གསལ་བོ་རྟོགས་མ་ཐུབ་པར་གྲུབ་མཐའ་སོ་སོར་ཁ་དོག་གིས་བཏགས་པས་ལན་པ་རེད། གང་ལྟར་ཀྱང་མིང་འདི་དང་མི་འཚམ་པར་མ་ཟད་བོན་པོ་རྣམས་ཀྱང་མི་རངས་པའི་ཐ་སྙད་ཅིག་རེད། གོ་ཚུལ་ལྟར་ན་བོན་པོས་ཞྭ་ནག་དང་གོས་ནག་གྱོན་པས་དེ་འདྲར་བཏགས་ཟེར་ན་ཡང་། རྒྱུ་མཚན་དེ་འདྲ་ཞིག་བོན་གྱི་ལོ་རྒྱུས་ནས་མཐོང་མ་མྱོང་། ཁོ་བོས་མཐོང་མྱོང་བ་ནི་གོང་སྨྲས་ལས་ལྡོག་སྟེ། བོན་གྱི་བསྟན་འབྱུང་དང་བསྟན་བཅོས་གང་མང་དུ་ཞྭ་དཀར་བོན་གྱི་བསྟན་པ་ཟེར་བ་མང་། འདིའི་རྒྱུ་མཚན་ཁོ་བོས་བོན་གྱི་མཁས་པ་ཞིག་ལ་དྲིས་པར་དང་པོ་བོན་གྱི་བླ་མ་ལི་ཤི་སྟག་རིང་གི་དབྭ་ཞྭ་དཀར་མོ་རྩ་བརྒྱད་ཀྱི་ཁ་དོག་དཀར་པོ་ཡིན་པས་ཟེར། གོས་ཀྱི་ཆ་ནས་གནའ་སྔ་མོར་བེར་སྔོན་གྱོན་མཁན་འདུག་ལ་ཕྱི་རབས་ཏེ་ལྷག་པར་དུ་མཉམ་མེད་ཤེར་རབ་རྒྱལ་མཚན་གྱི་ཚུད་ནས་ཕལ་ཆེ་བས་སེར་ཆས་གྱོན་ཤ་སྟག་རེད། YWz

གཞན་ཡང་། བོད་རང་ས་ནས་ད་ལྟ་བོན་པོ་ལ་བོན་དཀར་དང་བོན་ནག་གཉིས་སུ་ཕྱེས། དེའི་རྒྱུ་མཚན་ནི། བོན་གྱི་འདུས་སྡེ་ཁག་གི་ཐོས་བསམ་གྱི་འཁྱེར་སོ་དང་བཀུར་བསྟི་བྱེད་སའི་གཙོ་མཆོག་སོགས་ཀྱི་ཐད་ནས་ཅུང་ཙམ་མི་འདྲ་བའི་སྐོར་གཉིས་འདུག་པ་དེ་ལ་ཟེར། དེར་བོན་གྱི་ཕྱོགས་ནས་བཀའ་གསར་དང་བཀའ་རྙིང་ཟེར་བ་དང་། ཤར་རྫས་བཀྲ་ཤིས་རྒྱལ་མཚན་གྱིས་དེའང་མི་འཚམ་སྟེ་གཏེར་གསར་དང་གཏེར་རྙིང་ཞེས་ན་འགྲིག་པར་གདམས་ཡོད། བསྟན་པ་ལ་གཏེར་གསར་རྙིང་གི་ཁྱད་པར་ཡོད་པའི་ཐད་ནས་བོན་གྱི་མཁས་པ་རྣམས་ཞལ་མཐུན་མོད། དེ་ལ་དཀར་ནག་གི་ཁྱད་པར་ཕྱེ་བར་སུས་ཀྱང་ཁས་འཆེས་དཀར་བར་གྱུར་ཡོད། ཚང་མས་མཁྱེན་གསལ་ལྟར་ན་ནག་བྱ་བ་ཁ་དོག་ནག་པོ་མ་གཏོགས་ཁོ་ན་དང་ཤ་སྟག་གི་དོན་ཡོད་པ་དཔེར་ན་བོད་ནག་ནག་ཅེས་པ་བོད་ཤ་སྟག་གི་དོན་རེད། དེ་ལྟར་ན་བོན་ནག་ནི་བོན་ཤ་སྟག་ལ་གོ་ཆོགདེ་མ་ཟད། དྲག་ཤུལ་གྱི་ལས་ལ་གོ་བ་དཔེར་ན་དགྲ་ནག་པོ་ནི་དགྲ་དྲག་པོ་ལ་གོ་ཡིན་ན་ཡང་། བོད་མི་རིགས་འཚོ་བཞིན་པའི་ཁ་བ་ཅན་གྱི་ཡུལ་འདི་ནས་ག་ས་གར་གངས་རི་མི་མཐོང་ས་ཤིན་ཏུ་ཉུང་ཞིང་གངས་རི་ཐམས་ཅད་དབྱར་དགུན་གྱི་དུས་ཚིགས་ལ་མ་བལྟས་པར་ཁ་བ་དཀར་པོས་གཡོགས་འདུག་པས། དཀར་པོ་ནི་ཁོ་ཚོས་མི་ཚེ་གང་བོར་ཆེས་མང་པོར་མཐོང་ཐུབ་པའི་ཁ་དོག་ཅིག་ཡིན་པ་དང་། དཀར་པོ་རང་ལ་ལྡན་པའི་དྭངས་ཤིང་གཙང་བའི་ཁྱད་ཆོས་སོགས་ཀྱིས་བོད་མི་དམངས་ཀྱི་བསམ་བློའི་འདུ་ཤེས་ཀྱི་འཁྱེར་སོ་ལ་དཀར་པོ་ནི་བཟང་ཕྱོགས་དང་གཙང་ཕྱོགས་དགེ་ཕྱོགས་ཀྱི་མཚན་རྟགས་ཙམ་དུ་གོ་བར་གོམས་པས་བོན་དཀར་བྱ་བའི་ཐ་སྙད་ཐོགས་པ་རྣམས་ཀྱི་བསམ་བློར་མི་འཚམ་རྒྱུ་ཆེན་པོ་མེད་དོ། ། བོན་ནག་ཐོགས་པ་རྣམས་ནི་དེ་ལས་ལྡོག་སྟེ། དཀར་པོ་དང་གོ་བསྡུར་བྱས་པའི་ཁ་དོག་གི་བར་ཁྱེད་ཆེན་པོ་མི་རྣམས་ཀྱི་བསམ་བློར་ནག་པོ་ནི་དཀར་པོའི་ལྡོག་ཕྱོགས་སུ་གོ་བར་གོམས་འདུག་པས་བོན་ནག་ཏུ་འབོད་པ་རྣམས་ཀྱིས་ཐ་སྙད་དེ་གཏན་ནས་ཁས་མི་ལེན་པ་བྱུང་། ཆོས་ལུགས་ཀྱི་བརྩེ་དུངས་ཤུགས་དྲག་པོའི་རྐྱེན་གྱིས་བོན་ནག་ལ་བོན་ཤ་སྟག་གི་ནང་དོན་ལྡན་པའང་སྣང་མེད་དུ་གྱུར། གཞན་ཡང་། བོན་ལ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བྱ་བ་ཞིག་ཡོད་རུང་། དེ་བོན་བསྟན་གྱི་ཆ་ཤས་ཤིག་ཡིན་པ་ལས་བོན་སྤྱིའི་མིང་དུ་བཏགས་ན་ར་སུག་ལུག་གི་དཔེ་ལྟར་རོ། ། YWz

བརྡོལ་བོན་དང་འཁྱར་བོན་བསྒྱུར་བོན་གསུམ། བརྡོལ་བོན་དང་འཁྱར་བོན་དང་བསྒྱུར་བོན་གསུམ་ནི་བོད་ཀྱི་ཐུབ་བསྟན་པའི་མཁས་པས་བོན་པོའི་ལོ་རྒྱུས་ལ་ཞིབ་དཔྱོད་དང་མཚམས་ཚིགས་བཅད་པའི་བཞེད་པ་ཞིག་རེད། བཞེད་པ་དེ་ཐོག་མར་འདོན་མཁན་ནི་འབྲི་གུང་བ་རིན་ཆེན་ཕུན་ཚོགས་ཡིན་ཞེས་བོན་གྱི་མཁས་པ་ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་(6)གསུངས། བཞེད་པ་འདིས་བོན་གྱི་ལོ་རྒྱུས་མཚམས་ཚིགས་གསུམ་དུ་བཅད་པའི་བྱེ་བྲག་གི་སྒྲ་བཤད་ལ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཞིབ་ཏུ་གསུངས་(7)ཡོད་དེ་བརྡོལ་བོན་ནི་གཉའ་ཁྲི་བཙན་པོ་ནས་བཟུང་བོད་དུ་དར་བའི་མར་འདྲེ་སྲི་གནོན་པ་དང་། ཡར་རྒན་གྱི་ལྷ་མཆོད་པ། བར་ཁྱིམ་གྱི་ཐབ་འདོན་པ་ལ་སོགས་པའི་བོན་དང་། འཁྱར་བོན་ནི་གྲི་གུམ་བཙན་པོའི་སྐབས་སུ་ཁ་ཆེ་དང་བྲུ་ཤ་ཞང་ཞུང་གསུམ་ནས་གདན་དྲངས་པའི་མེ་ལྷ་སྒྲུང་མཁན་དང་། གཏར་ཁ་ལེན་པ། ཇུ་ཐིག་གཏོང་བ་སོགས་ཀྱི་བོན་ཡིན་ཟེར། བསྒྱུར་བོན་ནི་པཎྡ་ཏ་ཤམས་ཐབས་སྔོན་པོ་ཅན་དང་རིན་ཆེན་མཆོགགཤེན་རྒུར་ཀླུ་དགའ་སོགས་ཀྱིས་ཆོས་བོན་དུ་བསྒྱུར་བར་ཟེར། བོན་པོ་རྣམས་ཀྱིས་བཞེད་དགོངས་འདི་ལ་དོན་མེད་དུ་མཐོང་མོད། ལོ་རྒྱུས་ལ་བསམ་གཞིག་ཤིག་བཏང་ན་རྒྱུ་མཚན་གལ་ཆེན་འདུག་སྙམ། ཐོག་མར་བཞེད་པ་དེས་སྔ་དུས་ཀྱི་བོན་ལ་བོད་རང་སའི་བོན་སྣ་ཚོགས་ཡོད་པ་དང་ཞང་ཞུང་སོགས་ནས་དར་ཡོང་བའི་བོན་གཉིས་སུ་གྱེས་ཡོད། དེ་ལོ་རྒྱུས་དང་མཐུན་པོ་རེད། དེའི་རྗེས་ནས་བོན་གྱི་གཏེར་མ་ཐམས་ཅད་ཆོས་ནས་བསྒྱུར་བར་ངོས་བཟུང་བར་བོན་གྱི་བསྟན་བཅོས་རྣམས་མ་མཐོང་བ་དང་ཕྱོགས་ལྷུང་གི་ཤུགས་ཆེ་བའི་སྐྱོན་འདུག་མོད། དེས་ཀྱང་ཕྱི་རབས་ཀྱི་བོན་རྣམས་ལ་ཐུབ་བསྟན་པའི་ཤན་ཤུགས་རྒྱ་ཆེན་པོ་ཞུགས་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་བར་བསྟན་ཡོད། ཡིན་ན་ཡང་ཁོང་རྣམ་པའི་བཞེད་པ་དེར་དོན་དང་མི་མཐུན་ས་ཡང་འདུག་སྟེ། དང་པོ་བརྡོལ་བོན་དང་འཁྱར་བོན་གཉིས་སུ་བཀར་ཡོད་མོད། དེ་གཉིས་ཀྱི་ནང་དོན་དང་ཁྱད་ཆོས་གང་ཡང་ངོས་བཟུང་མེད་པ་དང་། གཉིས་སུ་ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཚང་ལ་གཞིགས་ན་དང་པོ་བོད་ཁམས་སུ་ས་ཁྱབ་རྡོ་ཁྱབ་ཏུ་དར་བའི་རྒྱའི་བོན་བཞི་ཡོད་ཀྱི་དཔྱད་གཞིའི་ཡིག་ཚང་ལ་གཞིགས་ན་དང་པོ་བོད་ཁམས་སུ་ས་ཁྱབ་རྡོ་ཁྱབ་ཏུ་དར་བའི་རྒྱའི་བོན་བཞི་སྟེ་ཕྱྭ་གཤེན་སྣང་གཤེན་སྲིད་གཤེན་འཕྲུལ་གཤེན་བཞིའི་ནང་དོན་ནི་ཤིན་ཏུ་རྒྱ་ཆེ་བས། བརྡོལ་བོན་དང་འཁྱར་བོན་བྱ་བའི་དོན་སྤྱི་ཙམ་དུ་གཏན་ནས་འདུས་མི་ཐུབ། དེ་མ་ཟད། རྒྱའི་བོན་མ་གཏོགས་པའི་བོན་ཀྱང་དར་ཡོད་གསུམ་ནས་ཕྱི་རབས་ཀྱི་བོན་ལ་བན་གྱི་ཤན་ཆེན་པོ་ཞུགས་ཡོད་པ་ལོ་རྒྱུས་ཀྱི་དོན་དངོས་ཡིན་མོད། དེ་ཚང་མ་བསྒྱུར་བར་ངོས་བཟུང་ན་ཡང་ཐལ་ཆེ་བའི་སྐྱོན་དུ་འགྱུར། བོན་གྱི་བཀའ་བསྟན་རྣམས་ལ་བལྟས་ན་དེ་དག་གི་རིག་གནས་ཀྱི་སྲོལ་རྒྱུན་ནི་བོན་པོ་རང་ཤ་སྟག་ཡིན་པ་ཤེས་ཐུབ། དེ་མ་ཟད་བོན་གྱི་གཏེར་མ་གཙོ་བོ་ནི་གསུམ་སྟེ། གཤེན་ཆེན་ཀླུ་དགས་ལྷོ་འབྲི་མཚམས་མཐའ་དཀར་ནས་བཏོན་པའི་ལྷོ་གཏེར་དང་། དཔོན་སྲས་ཁྱུང་རྒོད་ཀྱིས་ཟང་ཟང་ལྷ་བྲག་ནས་བཏོན་པའི་བྱང་གཏེར་དང་ཨ་ཙ་ར་མི་གསུམ་གྱིས་ལྷ་སའི་ཡེར་ནས་བཏོན་པའི་དབུས་གཏེར་རོ། ། གཏེར་འདི་གསུམ་བོན་གྱི་གཏེར་མའི་ནང་ནས་དཔེ་མཚོན་གྱི་དོན་སྙིང་ལྡན། ཐུའུ་བཀྭན་རིན་པོ་ཆེས་ལྷོ་གཏེར་མ་གཏོགས་གླེང་མ་བྱུང་། ཞར་དུ། ཐུའུ་བཀྭན་རིན་པོ་ཆེས་བོན་པོ་དང་རྒྱ་ནག་གི་ཏའོ་སིའི་ཆོས་ལུགས་གཉིས་གཅིག་པ་ཡིན་པར་གསུངས་ཡོད། ཆོས་ལུགས་དེ་གཉིས་ནང་དོན་དང་ཆོ་ག་སྟོན་པ་དང་དེའི་མཛད་པ་སོགས་གང་གི་ཆ་ནས་ཀྱང་གཅིག་ཏུ་མི་འགྲུབ་པས་དེ་ནི་ཁོང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད་བསམ་གྱིན་འདུགYWz

བོན་དང་ས་མན། རྒྱལ་ཁབ་ཕྱི་ནང་གི་མཁས་པ་ལ་ལས་བོན་པོ་ནི་སོག་པོ་དང་མན་ཇུ་སོགས་མི་རིགས་ལ་དར་ཆེ་བའི་ས་མན་གྱི་ཆོས་ལུགས་དེ་རེད་ཟེར་བ་དང་བཞེད་པ་དེ་ལ་རྗེས་འབྲང་མཁན་ཡང་མི་ཉུང་བ་འདུག་ཀྱང་ཁོ་བོས་མད་པར་འདོད་མ་བྱུང་། སོག་པོ་དང་མན་ཇུ་སོགས་རང་རྒྱལ་བྱང་ཕྱོགས་ཀྱི་མི་རིགས་གྲངས་ཉུང་ཁག་ཏུ་ཡོངས་ཁྱབ་ཏུ་དར་མྱོང་བའི་ས་མན་ཆོས་ལུགས་དེ་ལ་ཁོ་བོས་ཤེས་རྟོགས་ཞིབ་མོ་ཡོད་པར་ཁ་ཕོ་གཏོང་མི་ནུས་མོད། དེ་དང་བོན་གྱི་འབྲེལ་བའི་སྐོར་ལ་མཉམ་བཞག་ནས་དཔེ་ཆ་འགའ་རེ་ཀློག་པས་ཆོས་ལུགས་དེ་གཉིས་བར་འདྲ་ས་འགའ་རེ་ཡོད་རུང་མི་འདྲ་ས་ནི་དེལས་མང་ཞིང་གལ་ཆེ་བ་གཤམ་གཤམ་ནས་དེ་གཉིས་ལ་ཞིབ་བསྡུར་རགས་ཙམ་བྱ། YWz

(གནམ)གནམ་གྱི་དད་པ་ནི་བོན་པོ་དང་ས་མན་ཆོས་ལུགས་ཀྱི་ཐུན་མོང་གི་ནང་དོན་གལ་ཆེན་ཞིག་རེད། ད་ཡོད་ཀྱི་དཔྱད་གཞི་རྣམས་ལ་ཞིབ་འཇུག་བྱས་ན། གནམ་གྱི་དད་པ་ནི་དང་ཐོག་གནམ་གྱི་ཕྱི་གཟུགས་ཀྱི་དད་པ་ནས་འཕེལ་རྒྱས་བྱུང་བ་རེད་ཡ་ཐོག་གི་མི་རྣམས་ནས་འོལ་ཚོད་ཀྱིས་བལྟས་ན་གནམ་གྱི་ཕྱི་གཟུགས་དེ་ནི་ཤུན་ཏུ་ལྐོག་གྱུར་གྱི་གནམ་ཤིག་ཡིན་གཤིས། དེ་མི་རིགས་ཀྱི་འཚོ་གནས་དང་ཁ་ཐག་ཤིན་ཏུ་རིང་བས་ཐོགས་རེག་གི་ངེས་ཤེསལྟ་ཅི་གཟུགས་དབྱིབས་ཙམ་ཡང་ཡིད་ལ་ངེས་རྒྱུ་མེད་ལ། འགྲོ་བ་ཀུན་ལ་འོད་གསལ་དང་དྲོད་སྐྱིད་གནང་བའི་ཉི་མ་དང་ཟླ་བ་དེ་ཡི་ཕང་དུ་གནས་ཤིང་མིའི་རིགས་ལ་ཁེ་གྱོང་ཆེན་པོ་སྟེར་པའི་རླུང་འཚུབ་དང་དྲག་ཆར་དེ་ཡི་འོག་ཏུ་རྒྱུ། སྙིང་རྗེ་མེད་པའི་ཤ་འོད་དང་གློག་ཞགས་ནད་དང་ཡམས་སོགས་ཀྱིས་འགྲོ་བ་མི་ལ་བརྗོད་ཀྱིས་མི་ལང་བའི་ཆག་སྒོ་དང་སྡུག་བསྔལ་བསྐྱལ་མོད། དེ་དག་གང་གིས་ཀྱང་གནམ་གྱི་གཟི་བརྗིད་ལ་མཐོ་བརྩམས་མི་ཐུབ་པ་བྱུང་། ཕྱི་ཚུལ་གྱི་རྣམ་པ་འདི་དག་གིས་ཡ་ཐོག་གི་མི་རྣམས་ལ་འབྱུང་ཁམས་དང་སྲོག་ཆགས་སྐྱེ་དངོས་སོགས་ཀྱི་ཁྲོད་ནས་གནམ་ནི་ཆོས་བླ་ན་མེད་ཅིང་གཟི་བརྗིད་ལྡན་པ་ཞིག་རེད་ཅེས་པའི་བློ་བསྐྱེད་ཐོབ་པ་དང་ཆབས་ཅིག་ཏུ་དེ་ལ་དད་པ་སྐྱེས། ཡ་ཐོག་གི་གནམ་གྱི་དད་པ་དེའི་ངོ་བོ་ནི་དངོས་པོའི་དད་པར་གཏོགས་ཏེ་ཁོ་རང་ཚོའི་བསམ་བློའི་འདུ་ཤེས་ནང་དུ་གནམ་བྱ་བ་ནི་ཤིན་ཏུ་མཐོ་ཞིང་ཆེ་བའི་ཕྱི་རོལ་ཡུལ་གྱི་དངོས་པོ་ཆེན་པོ་ཞིག་ཡིན། དེའི་རྗེས་སུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མིའི་རིགས་ཀྱི་སྔོན་ཐོན་དང་བསྟུན་ནས་མི་རྣམས་ཀྱི་ལྟ་བར་ཡང་འགྱུར་ལྡོག་བྱུང་སྟེ། ཕྱི་རོལ་ཡུལ་གྱི་དངོས་པོ་ཞིག་ཏུ་མཐོང་ནས་དད་པའི་གནམ་དེ་ཡུན་རིང་གི་ལོ་རྒྱུས་ནང་དུ་མི་གཤིས་ཅན་གྱི་བློས་བཞག་གི་ཡུལ་ཞིག་ཏུ་གྱུར་ཡོད། དེར་བཟང་བ་གཟེངས་སུ་བསྟོད་ཅིང་ངན་པ་ཆམ་དུ་ཕབ་པའི་གཤིས་ཀ་དང་ལྡན་པས་འགྲོ་བ་མི་ཡི་བདེ་སྡུག་གི་སྐྱབས་བཅོལ་སའང་དེ་རྒྱུ་གྱུར། དཔེར་ན། བོད་མི་སུ་མིན་ན་ཡང་། སོ་ནམ་པར་ལོ་ལེགས་བྱུང་བ་དང་། འབྲོག་པའི་ཕྱུགས་འཕེལ་བ་སོགས་ཡིད་སེམས་དགའ་བའི་བྱ་བར་འཕྲལ་ན་ཀུན་གྱིས་གནམ་རྒན་མས་མིག་ཕྱེ་བར་གོ་བ་དང་། དེ་ལས་ལྡོག་པར་ཡིད་སེམས་སྐྱོ་བའི་བྱ་བར་ཐུག་ན་ཡང་གནམ་རྒན་མ་ཞེས་དེ་ལ་སྐྱབས་བཅོལ་བའི་ཚིག་བཅོས་མིན་དབང་མེད་དུ་འཆོར་ངེས། དེ་དུས་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་སུ་གནམ་བྱ་བ་ནི་མི་མཁྱེན་པ་མེད་པ། མི་ནུས་པ་མེད་པ་། མི་གནས་ས་མེད་པ་ནམ་ཡང་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར་པའི་བསམ་བློའི་ཡུལ་ཞིག་ཡིན་ལས། མི་རྣམས་ཀྱི་སྤྱན་ལམ་དུ་མཐོང་རྒྱུ་ཡོད་པའི་སྔོ་ཞིང་དྭངས་པ། རྒྱུ་སྐར་བཀྲ་བ། སྤྲིན་ཕུང་འཁྲུགས་པ་སོགས་ཀྱི་གནམ་དེ་གཏན་ནས་མ་ཡིན་ནོ། ། དེ་དུས་མི་རྣམས་ཀྱི་འདུ་ཤེས་སུ་གནམ་བྱ་བའི་དོན་སྤྱི་དེ་དངོས་པོའི་གནམ་ནས་བསམ་བློའི་གནམ་དུ་འགྱུར་བའི་རྒྱུད་རིམ་རྫོགས་སོང་། བོད་ཀྱི་ཡིག་ཚང་དུ་གནའ་ཁྲི་བཙན་པོ་ཡང་ལུང་དུ་སླེབས་དུས་གནམ་ནས་བབས་པར་མཐོང་བ་དང་གྲི་གུམ་གྱིས་རྨུ་ཐག་ལྟེ་གནམ་དུ་ཕྱིར་ལོག་པའི་བྲེག་པ་སོགས་ཀྱིས་ཀྱང་དེ་དུས་སུ་མི་རྣམས་ཀྱི་འདུ་ཤེས་སུ་གནམ་གྱི་དོན་སྤྱི་ཆགས་ཡོད་པར་མ་ཟད་དེ་སྐོར་གྱི་ཤེས་རྟོགས་དེ་དག་ལ་མི་ཕྱེད་པའི་དད་པའང་ཆགས་ཡོད་པ་མཚོན་ཡོད། དེ་མ་གཏོགས་ཁ་དོག་སྔོན་པོར་དགའ་བའང་གནམ་ལ་དད་པའི་རྐྱེན་གྱིས་རེད། དང་པོ་བོན་པོས་ཤམས་ཐུབ་སྔོན་པོ་གྱོན་པ་དང་དཔེ་ཐུམ་སྔོན་པོ་བྱེད་པ། སོག་པོས་ཁོ་རང་ཚོ་ལ་སོག་པོ་སྔོན་པོ་ཟེར་བ་སོགས་ཀྱང་གནམ་གྱི་དད་པ་དང་འབྲེལ་བ་དམ་པོ་ཡོད་སྙམ། དེ་གནམ་གྱི་ཁ་དོག་ལ་བལྟས་པས་སོ། ། གནམ་ལ་སོག་པོས་ཐུན་ཀི་རིས(tngri)ཟེར་བ་དེའི་དད་པ་དེ་བོད་སོ་མི་རིགས་ཀྱི་གནའ་རབས་རིག་གནས་ཁྲོད་ནས་གོ་གནས་གལ་ཆེན་ཟིན་འདུགད་ཡོད་ཀྱི་ཡིག་ཆ་དག་ལ་ཞིབ་དཔྱོད་བྱས་ན། ཡ་ཐོག་གི་དངོས་པོའི་དད་པ་སྣ་ཚོགས་ནི་ཤིན་ཏུ་རྙོག་དྲ་ཞིང་མང་དྲགས་པ་ཞིག་ཡིན་མོད་དེའི་ནང་ནས་གནམ་གྱི་དད་པ་དེ་ལོ་རྒྱུས་རིང་མོའི་ཁྲོད་དུ་ཚོད་བགམ་ཐོག་ནས་ད་ལྟའི་བར་དུ་དར་འདུག་པ་ནི་དེ་ལ་དང་པོ་ནས་སྲ་ཞིང་བརྟན་པའི་རྨང་གཞི་ཆགས་ཡོད་པའི་རྟགས་རེད། ཡིན་ན་ཡང་། དེ་ལ་གསལ་བཤད་ཅིག་བྱེད་དགོས་པ་ནི་བོན་པོ་གནམ་ལ་དགའ་བྱ་བའི་བོན་པོ་དེ་བོད་མི་རིགས་སྤྱི་ལ་གོ་དགོས་པ་ལས་ད་ལྟའི་བན་བོན་གཉིས་སུ་གྱེས་འདུག་པའི་བོན་པོ་ཙམ་གཏན་ནས་མི་ཡིན། དེ་དང་ཐོག་མི་རིགས་འདི་སྤྱི་ཡིས་བོན་ལ་དད་པས་བོད་ཐམས་ཅད་བོན་པོ་ཡིན་ཞིང་གནམ་གྱི་དད་པ་དེ་གདོད་མོའི་བོན་གྱི་ཁོངས་སུ་གཏོགས་པས་སོ། ། གཞན་ཡང་། གྲངས་ཀ་ལ་ལ་ཡང་གནམ་གྱི་དད་པདང་འབྲེལ་བ་སྙམ་སྟེ་གནམ་ལ་རིམ་པ་དགུ་ཡོད་པའི་ལྟ་ཚུལ་གྱིས། ས་མན་ཆོས་ལུགས་སུ་ཧིར་མོ་སྲི་ཐད་ཀྱི་འཁོར་དུ་ལྷ་དགུ་དང་སོགས་པོའི་སེ་ཆེན་རྒྱལ་་བོ་ལ་དམག་དཔོན་དགུ་ཐ་ན་ཁོང་གི་དར་ཆའི་ཁ་ཚར་ཡང་ལྕེ་དགུ་བྱེད་དགོས་པའི་སྲོལ་ཡོད། དེ་མཚུངས་སུ་བོན་ལ་ཡང་གཡུང་དྲུང་དགུ་བརྩེགས་དང་ཐེག་པ་རིམ་དགུ་སོགས་དགུ་གྲངས་ཅན་མང་པོ་ཡོད། YWz

(མེ་དང་འོད)མེ་ལ་དད་པའི་སྲོལ་ནི་ས་མན་ཆོས་ལུགས་སུ་མང་པོ་ཡོད་པ་མཁྱེན་གསལ་ལྟར་རེད། བོད་ལའང་དེ་མཚུངས་ཀྱི་ཡུལ་སྲོལ་འདུགབོད་སོག་མི་རིགས་ཀྱིས་མེ་ལ་དྲི་བཙོག་རྣམས་གཙང་དག་དང་འདྲེ་བགེགས་ཕྱིར་སྐྲོད་བྱེད་པའི་ནུས་མཐུ་ཡོད་པར་ཡིད་ཆེས་ཡོད། དེ་བས་བྱིས་པ་བསམ་མེད་རྣམས་ཀྱིས་ཐབ་མེ་རུ་མཆིལ་མ་དང་སྒོག་ཤུན། བཙོང་ཤུན་སོགས་འཕང་ན་རྒན་གྲས་རྣམས་ཀྱིས་སྡིགས་མཛུབ་དྲག་པོ་བྱེད་ངེས་པ་དང་། མཚན་མོ་མགྲོན་པོ་སླེབས་པ་དང་ལྷག་པར་ཁྱིམ་དུ་ནད་པ་དང་སྦྲུམ་མ་ཡོད་དུས་ངེས་པར་དུ་སྒོ་ལམ་ནས་མེ་བཏགས་སཏེ་ཕྱི་ནས་སླེབས་མི་དེ་མེ་ལ་བརྒལ་རྗེས་ད་གཟོད་ཁྱིམ་དུ་ཡོང་ཆོགཕྱི་ནས་སླེབས་མི་དེ་ཁྲོམ་སྲང་དང་དུར་ཁྲོད་སོགས་བརྒྱུད་ནས་སླེབས་པ་ཡིན་ན་ལྷག་པར་མེ་འགོག་དྲག་པོ་བྱེད་དཔེ། གོང་སྨྲས་ཀྱི་མེ་དད་ཡུལ་སྲོལ་འདི་དག་བོད་སོག་གཉིས་འདྲ་མཚུངས་ཡིན་ལ། མི་འདྲ་ས་ནི་སོག་པོ་མི་རིགས་ཀྱི་མེ་མཆོད་ཀྱི་ཡུལ་སྲོལ་ནི་བོད་ལས་ཤིན་ཏུ་ཐལ་དྲག་པར་སྣང་སྟེ། ཁོ་ཚོས་གཉེན་སྒྲིག་དུས་མག་པ་དང་བག་མས་ཐོག་མར་མེར་ཕྱག་འཚལ་བ་དང་། བར་དུ་མེ་ཡི་མཆོད་བསྟོད་འདོན་པ། མཐར་གཉེན་སྟོན་གྱི་ཆོ་ག་སྒྲིག་ཆོག(8)། ཉིན་རེར་ཟ་མ་ཟ་དུས་ཐོག་མར་མེར་མཆོད་པ། ལོ་རེར་མེ་མཆོད་ཀྱི་ཆོ་ག་ཆེན་པོ་ཞིག་རེ་བཅས་ཀྱི་ཡུལ་སྲོལ་འདུག་ལ། བོད་མི་རིགས་ལ་ཡུལ་སྲོལ་འདི་དག་བརྗོད་ཀྱི་མེད། ས་མན་ཆོས་ལུགས་སུ་མེ་མཆོད་ནི་ཁོ་ཚོར་གནའ་བོའི་འཚོ་བའི་ཁྲོད་ཀྱི་དོན་བྱ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། བོད་ནས་དེ་ཡུལ་སྲོལ་ཙམ་ཞིག་ཏུ་སྣང་། བོད་སོག་མ་གཏོགས་མི་རིགས་གཞན་དག་གི་གནའ་རབས་རིག་གནས་ཁྲོད་དུ་ཡང་མེ་མཆོད་ཡོད་མྱོང་། དེའི་རྒྱུ་མཚན་ནི། མེ་ནི་ཡུལ་དང་རུས་དང་ཁོར་ཡུག་གི་ཆ་རྐྱེན་སོགས་མི་འདྲ་བའི་ཡ་ཐོགས་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་མི་རུང་བའི་ཐུན་མོང་གི་མཁོ་ཆས་རེད། དེ་ལ་མཆོད་ཅིང་རྩིས་ཆེན་དུ་མཐོང་བས་ཡ་ཐོག་མི་རྣམས་ཀྱི་རང་བྱུང་ཁམས་སུ་བདེ་ལེགས་སུ་འཚོ་ཞིང་དེ་བཅོས་བསྒྱུར་བྱེད་འདོད་པའི་ཕུགས་འདུན་མཚོན་ཡོད། དེ་བས། མེ་མཆོད་ནི་བོད་དང་སོག་པོ་མན་ཇུ་སོགས་མི་རིགས་མང་པོ་ཞིག་གི་གདོད་མའི་ཆོས་ལུགས་སུ་ཚད་འདྲ་མིན་དུ་གནས་པའི་ཡ་ཐོག་རིག་གནས་ཤིག་རེད། གཞན་ཡང་། བོད་སོག་མི་རིགས་རྣམས་འོད་ལའང་དགའ་བ་ནི་ཤུན་ཏུ་མངོན་གསལ་རེད། སོག་པོའི་<<དེབ་སྔོན>>(9)སོགས་སུ་སོག་པོའི་མེས་པོར་མཐོང་བའི་སྤེ་སྟོན་ཚར་ནི་ཁོའི་ཡུམ་འོད་སྣང་ལ་ཆགས་ནས་སྦྲུམ་པར་བཤད་པ་དང་། བོད་ཀྱིས་མིའི་འགྲོ་བ་ནི་ཐོག་མར་འོད་གསལ་ལྷ་ལས་ཆད་པར་འདོད་པ་སོགས་སོ། ། YWz

(ལ་བཙས)ལ་བཙས་སྟོད་པ་ནི་བོད་སོག་མི་རིགས་ཀྱི་ཡོངས་ཁྱབ་ཏུ་དར་ཡོད་པའི་གནའ་རབས་ཀྱི་དད་པའི་ཆོ་ག་ཞིག་ཡིན་པ་ལས། བོད་དང་བོན་པོར་ཁྱད་དུ་ཡོད་པའི་རིག་གནས་ཤིག་གཏན་ནས་མ་རེད། ཡིན་ན་ཡང་། ལོ་འདི་འགའི་རིང་ལ་མི་མང་པོ་ཞིག་གིས་བོན་པོའི་རིག་གནས་སུ་མཐོང་ནས་གླེང་གནང་ཡོད་པས་ཁོ་བོས་ཀྱང་འདི་ནས་འཆད་པར་བྱ། YWz

ལ་བཙས་ནི་མཁས་པ་ལ་ལས་ཞང་སྐད་ཡིན་ཞིང་ལམ་རྟགས་ཀྱི་དོན་ཡིན་གསུངས། དེ་ལ་བཞེད་པ་མི་མཐུན་པ་གཉིས་ཡོད་དེ། གཅིག་ནི། དང་པོ་ས་སྟོང་དང་ལུང་སྟོང་དུ་ཕྱུགས་འཚོ་བར་ཕྱིན་ན་ལམ་ནོར་བར་དོགས་ནས་རིའི་རྩེ་མོ་དང་ས་མཚམས་སུ་རྡོ་བརྩིགས་བརྒྱབ་པ་རེད་ཟེར། གཞན་ཞིག་ནི། དང་པོ་བོད་མིའི་འཚོ་བ་ཁག་གི་བར་ནས་འཕྲོག་བཅོམ་དང་དམག་འཁྲུག་བྱུང་ན་ཡུལ་ཁམས་ཆ་མེད་མང་པོ་བརྒྱུད་དགོས་པས། རི་མཐོ་ས་དང་ས་མཚམས་ནས་མདའ་དང་མདུང་སོགས་བཙུགས་ནས་ལམ་རྟགས་བཟོས་པ་རེད་ཟེར། གང་ལྟར་ཀྱང་མདའ་མདུང་བཙུགས་པར་གཞིགས་ན་དམག་འཁྲུག་དང་འབྲེལ་བ་ཡོད་སྙམ་པ་དང་ལ་བཙས་ལ་ལ་ཡུལ་ལྷ་གཞི་བདག་གི་གནས་སར་མཐོང་བར་གཞིགས་ནས་དང་པོའི་ཞིང་ཕྱུགས་ཀྱི་འཚོ་བར་ཡང་འབྲེལ་བ་དམ་པོ་ཡོད་སྙམ། སོག་པོའི་སྐད་དུ་ལ་བཙས་ལ་ཨོ་པོ(obo)ཟེར། དེ་མཆོད་སྲོལ་དང་སྟོད་སྲོལ་ནི་བོད་དང་འདྲ་མཚུངས་རེད། YWz

ས་མན་ཆོས་ལུགས་ལ་དད་པའི་མི་རིགས་གྲངས་ཉུང་ཁ་ཤས་དང་བོད་རིགས་རྣམས་ལ་འཚོ་བའི་ཆ་རྐྱེན་དང་ཁོར་ཡུག་གི་གནས་ཚུལ་འདྲ་མཚུངས་ཡོད་པས་ཁོ་ཚོའི་རིག་གནས་ནང་ནས་ཡང་གོང་སྨྲས་ཀྱི་འདྲ་ས་རེ་འགའ་ཡོད་པ་དེ་ལུགས་དང་མཐུན་པ་ཞིག་རེད། དེ་མཚུངས་སུ། མི་རིགས་དེ་ཚོའི་ཁོར་ཡུག་དང་ཆ་རྐྱེན་མི་མཚུངས་པ་དག་གིས་རྐྱེན་པས། ཁོ་རང་ཚོའི་རིག་གནས་ལ་མི་མཚུངས་པའི་ནང་དོན་དང་ཁྱད་ཆོས་ལྡན་པ་ནི་གོང་སྨྲས་ལས་ཀྱང་མང་ཞིང་གལ་ཆེ་བ་རེད། གཤམ་ནས་ཆོས་ལུགས་འདི་གཉིས་ཀྱི་ཁྱད་པར་སྐོར་གྲོས་སུ་ཕུལ་བར་བྱ། YWz

དང་པོ། དངོས་པོ་དད་པ་སྟེ་ཐོ་ཐེམ(10)གྱི་མཆོད་བཀུར་ནི་གདོད་མའི་ཆོས་ལུགས་རྣམས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཏུ་མཐོང་། ས་མན་ཆོས་ལུགས་ནི་གདོད་མའི་ཆོས་ལུགས་ཤིག་ཡིན་པའི་ཆ་ནས་དེ་ལ་ཐོ་ཐེམ་གྱི་མཆོད་བཀུར་མང་པོ་འདུག་སྟེ། དུར་གྱིས་དང་སོག་པོས་སྤྱང་ཀི་དང་ཤ་བོ་མཆོད་པ་དང་། ཨུ་ལུང་ཁྲོང་དང་། ཨུ་བུན་ཁི་ཡིས་དོམ་མཆོད་པ་ལྟ་བུའོ། འོན་ཀྱང་དེ་མཚུངས་ཀྱི་རིག་གནས་བོན་ལ་མཐོང་རྒྱུ་མ་བྱུང་། ད་ལྟའི་བོད་རིག་པའི་མཁས་རློམ་འགའ་ཡིས་གཡག་དང་སྤྲེའུ་སོགས་བོད་ཀྱི་ཐོ་ཐེམ་ཡིན་ཞིང་བོད་ཀྱིས་དེ་དག་མཆོད་བཀུར་བྱས་མྱོང་ཞེས་པ་བྱུང་མྱོང་མོད། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལས་དེ་དག་ལ་སྒྲུབ་བྱེད་རེ་མཐོང་རྒྱུ་མ་བྱུང་། YWz

གཉིས་པ། སྟོན་པ་དང་གཞུང་ལུགས་བསྟན་བཅོས་བཅས་ནི་གཙོ་ལྷའི་ཆོས་ལུགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་རེད། བོན་པོ་ལ་ཁྱད་ཆོས་དེ་གསུམ་ཡོངས་སུ་ཚང་ཡོད་དེ། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། གཞུང་ལུགས་ཀྱི་ཆ་ནས་སྔར་སྨྲས་ཀྱི་ཐོག་པ་རིམ་དགུ་དང་ཆབས་ཅིག་ཏུ་ལོ་རྒྱུས་དང་སྨན་དཔྱད་རྩིས་སོགས་བཞག་ཆོག་ལ། བསྟན་བཅོས་ནི་པོ་ཏི་བརྒྱ་ཕྲག་བརྒལ་བའི་བཀའ་བསྟན་འགྱུར་མ་གཏོགས་ད་རུང་རྗེས་མའི་གསུང་མང་པོ་ཡོད། ཐུབ་པའི་བསྟན་པ་མ་གཏོགས་འཛམ་གླིང་སྟེང་གི་ཆོས་ལུགས་གང་ལའང་དེ་མཚུངས་ཀྱི་བསྟན་བཅོས་མང་པོ་གཏན་ནས་མེད་ལ་དེ་ལྷ་མང་མཆོད་བཀུར་བྱེད་པའི་ས་མན་ཆོས་ལུགས་དང་ཡེ་ནས་མི་འདྲའོ། ། YWz

གསུམ། ཆོས་ལུགས་རྩ་འཛུགས་དང་བྱ་འགུལ་དང་ཆོ་གབོན་གྱི་བསྟན་འབྱུང་ལྟར་ན། བོན་པོ་ལ་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ནས་བཟུང་རྩ་འཛུགས་ཡོད་པ་དང་མཉམ་དུ་ཆོས་ལུགས་ཀྱི་བྱ་བ་འགུལ་དང་ཆོ་ག་རེའང་ཡོད་པར་མངོན། བཙན་པོའི་རྒྱལ་རབས་སྐབས་དང་རྗེས་ནས་བོན་གྱི་དགོན་པ་རྣམས་ལྷག་པར་དུ་ཚགས་ཇི་ཞིབ་དང་གྲྭ་འབོར་ཇེ་ཆེ། ཆོས་ལུགས་ཀྱི་བྱ་འགུལ་ཇེ་མང་སོགས་སུ་དར་ཡོད་པས། དེ་རྣམས་ས་མན་ཆོས་ལུགས་ཀྱི་དམངས་ཁྲོད་ཀྱི་མཆོད་བཀུར་ཙམ་དང་གཏན་ནས་འདྲ་ཐབས་མེད། YWz

བཞི་བ། ལྷ་ཁང་དང་ཆེད་གཉེར་མི་སྣ། ད་ཡདོ་ཀྱི་དཔྱད་གཞིའི་ཡིག་ཆ་ལྟར་ན། བོད་ནས་ལྷ་ཁང་ཆེས་སྔ་ནི་གཉའ་ཁྲིའི་དུས་ཀྱི་གཡུང་དྲུང་ལྷ་རྩེ་ཡིན་པ་འདྲ། དེ་ནས་བཟུང་བོད་ཀྱི་གསས་ཁང་བརྩིགས་པའི་འགོ་བརྩམས་པ་རེད། དེའི་རྗེས་སུ་མུ་ཁྲིས་ཞང་ཞུང་ནས་བོན་པོ་རྣམས་གདན་དྲངས་པའི་དུས་ཡང་གསས་ཁང་སུམ་ཅུ་སོ་བདུན་བཞེངས་(11)སྐད། ཕྱིས་སུ་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་རིག་གནས་ཆུ་ཚད་ཀྱི་མཐོར་འདེགས་དང་བསྟུན་ནས་གསས་ཁང་བརྩིགས་པའང་ཇེ་ཆེ་དང་ཇེ་རྒྱས་སུ་གྱུར་པར་མ་ཟད། དེ་དག་གི་ནང་དུ་ཐང་ག་དང་རྟེན་བཞེངས་ཀྱང་མང་པོ་བྱས། མཐར་དེ་དག་སྐྱ་བོ་འཚོགས་པའི་གསས་ཁང་གི་རིག་དང་སེར་མོ་བ་འཚོགས་པའི་དགོན་སྡེ་སྡེ་ཁག་གཉིས་སུ་གྱེས་ནས་ཕལ་ཆེར་བོད་ཁམས་སུ་ཁྱབ་ཡོད། ས་མན་ཆོས་ལུགས་ལ་འཚོགས་སའི་གནས་འགའ་རེ་ཡོད་པ་ལས་གོང་སྨྲས་ཀྱི་ལད་མོ་ཙམ་ཡང་བརྗོད་ཀྱི་མི་འདུགམན་ཇུ་མི་རིགས་ལ་ནུར་ཧལ་ཁྲིས་མན་ཇུ་གཅིག་གྱུར་བྱས་རྗེས་དགོན་ཆེན་བདུན་བཞེངས་པ་དང་། སོག་པོས་ཀྱང་ཕྱི་རབས་ལོ་རྒྱུས་སུ་དགོན་པ་དགའ་རེ་བཞེངས་ཡོད། དེ་ཐམས་ཅད་ཐུབ་བསྟན་པའི་དགོན་པ་ཡིན་པ་ལས་་ཡིན་པ་ལས་ས་མན་ཆོས་ལུགས་གཏན་ནས་མ་རེད། ཆེད་གཉེར་མི་སྣ་ནི་ཆོས་ལུགས་ཁོ་ན་གཉེར་བར་ཟེར་ལ། བོད་ཁམས་ཀྱི་བོན་གྱི་གསས་ཁང་དང་དགོན་པ་ཁག་ཏུ་གྲངས་ཀྱིས་མི་ལང་བ་ཡོད་ལ་དཔེར་ན། བོན་གྱི་དགོན་ཆེན་དྲུང་ལྷ་ལྡིང་ལ་བླ་གྲྭ་སྟོང་ཕྲག་ཁ་ཤས་སུ་བུད་མྱོང་། ས་མན་ཆོས་ལུགས་ལ་དགོན་ཁག་གཏན་ནས་མེད་པ་དང་ཆེད་གཉེར་མི་སྣ་ཡང་དམངས་ཁྲོད་དུ་ཁྱབ་པའི་ལྷ་བ་འགའ་རེ་ལས་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། YWz

སྤྱིར་བཏང་གིས་བལྟས་ན། གཙོ་ལྷའི་ཆོས་ལུགས་ཚང་མ་ལྷ་མང་ཆོས་ལུགས་ཀྱི་རྨང་གཞིའི་སྟེང་ནས་དར་ཞིང་རྒྱས་པ་རེད། ལྷ་མང་ཆོས་ལུགས་མེད་ན། གཙོ་ལྷའི་ཆོས་ལུགས་ཡང་འབྱུང་བའི་གཞིས་སྟོངས་པ་རེད། བོན་པོའི་ཆོས་ལུགས་ཀྱང་དེ་ལས་མ་འདས་ཏེ། སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བོད་ཁམས་ཐམས་ཅད་གདོད་མའི་བོན་སྣ་ཚོགས་ཀྱིས་བསྐྱངས་པས་དེ་དག་གི་མཆོད་བཀུར་གྱི་ཆོ་ག་དང་ལྟ་བ་རྣམས་མི་རྣམས་ཀྱི་ནམ་རྒྱུན་གྱི་འཚོ་བ་དང་། ཐོན་སྐྱེད་ཀྱི་བྱ་འགུལ། རིག་གནས་ཀྱི་གོམས་སྲོལ་སོགས་སུ་ཤོག་གུ་སྣུམ་གྱིས་ཟིན་པ་ཇི་བཞིན་འདྲེས་ཤིང་འཐིམ་ཡོད། གཡུང་དྲུང་བོན་ནི་རྨང་གཞིའི་སྟེང་བསྟན་པ་རེད། སྟོན་པ་གཤེན་རབ་ཀྱིས་གཡུང་དྲུང་གི་བོན་སྟོན་དུས་སྔར་གྱི་གདོད་མའི་བོན་འདི་རྣམས་ལ་བཟོ་བཅོས་གང་མང་བྱས་པ་ཁོང་གི་མཛད་རྣམ་<<མདོ་གཟེར་མིག>>སོགས་སུ་གསལ་མོད། ཡིན་ན་ཡང་ཁོང་གི་རྗེས་ནས་ཀྱང་དུས་ཡུན་རིང་བོ་ཞིག་ལ་བཟོ་བཅོས་བྱས་པའི་བོན་འདི་དག་གཡུང་དྲུང་བོན་གྱི་རྨང་དུ་གྱུར་ཡོད། ཐ་ན་ད་ལྟའང་རྒྱུའི་བོན་དུ་བགྲངས་པའི་ཕྱྭ་གཤེན་སྣང་གཤེན་སྲིད་གཤེན་འཕྲུལ་གཤེན་སོགས་ཀྱིང་ནང་དོན་ཚང་མའི་ཁུངས་གདོད་མའི་བོན་མ་གཏོགས་བཙལ་ས་མེད། མི་ལ་ལས་བོན་པོ་ས་མན་ཆོས་ལུགས་རེད་ཟེར་བའི་གཞི་འཛིན་ས་ཡང་དེ་ལ་ཐུགཡིན་ན་ཡང་། གཡུང་དྲུང་བོན་ལ་གདོད་མའི་བོན་དེ་དག་མ་གཏོགས་དེ་ལས་གལ་ཆེ་བའི་ནང་དོན་གང་མང་ཡོད་དེ།  ད་ལྟའི་བར་དུ་བོན་གྱི་སྲོག་ཤིང་དུ་མཐོང་བའི་རྫོགས་པ་ཆེན་པོ་ཡང་དེ་འདྲ་རེད། རྫོགས་པ་ཆེན་པོ་དེའི་འབྱུང་ཁུངས་བན་བོན་གང་ལ་ཐུག་པའི་སྐོར་དེ་བོད་ཀྱི་ལོ་རྒྱུས་སྟེང་ནས་རྩོད་པ་མང་པོ་བྱས་མྱོང་ན་ཡང་། དེ་སྐོར་གྱི་རྩོད་པ། <<ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱས>>སོགས་འབྲེལ་ཡོད་ཡིག་ཚང་དག་ལ་བསམ་གཞིགས་ཞིབ་མོ་རེ་བཏང་ན། རྫོགས་ཆེན་གྱི་ཁུངས་དེ་བོན་པོ་མ་གཏོགས་ངོས་འཛིན་ས་མེད་པར་མ་ཟད། དེའི་བརྒྱུད་ཁུངས་དེ་སྲོང་བཙན་ནས་ལོ་མང་པོ་སྔོན་ལ་ཞང་བོད་དུ་གནས་ཡོད་པར་བཞེད་པ་དེར་ཡིད་ཆེས་ཆོག་སྙམ། རྙིང་མ་བ་ནི་བོད་ཀྱི་ཐུབ་བསྟན་པའི་གྲུབ་མཐའ་ཆེས་སྔ་བ་ཞིག་ཡིན། ཐུབ་བསྟན་པ་ཐོག་མར་བོད་དུ་དར་དུས་བོད་མི་རྣམས་ཀྱིས་ཡུལ་ཁམས་གཞན་པ་དང་མི་རིགས་གཞན་པའི་རིག་གནས་དེ་ལ་ཆ་རྒྱུས་མེད་པ་དང་རང་སའི་བོན་གྱི་རིག་གནས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ངོ་རྒོལ་དྲག་པོ་བྱས་པས། ཐུབ་བསྟན་པས་ཁོ་ཚོའི་རིག་གནས་དེ་བོད་ནས་རྐང་ཚུགས་པའི་ཆེད་དུ་བོད་རང་སའི་ཆོས་ལུགས་ཀྱི་ནང་དོན་དང་ལེན་བྱས་ནས་བོད་མི་དམངས་སེམས་ཁམས་དང་བསྟུན་ཅི་ཐུབ་བྱས། རྫོགས་ཆེན་ཡང་དེ་དུས་བོན་ལས་ཐུབ་བསྟན་པར་མཆེད་པ་རེད། ཕྱིས་སུ་ཐུབ་བསྟན་པའི་མཁས་པ་ལས་རྙིང་མ་བར་བོན་ཚ་ཞེས་སྡིགས་མཛུབ་བྱས་པ་གཙོ་བོ་དེ་ལ་ངོས་འཛིན་དགོས་ཤིང་། རྙིང་མ་མ་གཏོགས་པའི་བོད་ཀྱི་ཐུབ་བསྟན་པའི་གྲུབ་མཐའ་གཞན་པ་རྣམས་ཀྱིས་རྫོགས་ཆེན་གྱི་ཉམས་ལེན་གཏན་ནས་མི་བྱེད་པའང་རྒྱུ་མཚན་དེ་ལ་ཐུགརྫོགས་ཆེན་གྱི་ཁུངས་གང་ཡིན་ཕྱོགས་ཀྱི་རྟགས་དཔྱད་ཞིབ་མོ་གཞན་ནས་བྱས་ཆོག་གི་གོང་སྨྲས་ཀྱིས་རྫོགས་པ་ཆེན་མོ་དང་དེ་མཚུངས་ཀྱི་རིག་གནས་གཞན་དག་རྣམས་ཀྱང་བོན་གྱི་ནང་དོན་མང་པོ་རྒྱུད་འཛིན་བྱས་ཡོད་ན་ཡང་། ཁོང་གིས་བསྟན་པའི་གཡུང་དྲུང་བོན་དང་དེའི་སྔར་གྱི་གདོད་མའི་བོན་རྣམས་ལ་ཁྱད་པར་ཆེན་པོ་ཡོད། ཁོང་གིས་བསྟན་པའི་བོན་ལ་གཡུང་དྲུང་བོན་ཟེར་ནས་གདོད་མའི་བོན་དང་ཁྱད་པར་ཕྱེ་དོན་ཡང་རྒྱུ་མཚན་དེ་ལ་ཐུགགཤེན་རབ་ནས་བཟུང་བོན་གྱི་ཆོས་ལུགས་དེ་རང་བྱུང་ཆོས་ལུགས་ནས་མིས་བསྟན་བཅོས་ལུགས་ལ་བར་བརྒལ་གྱི་འགོ་བརྩམས་པ་དང་། བཙན་པོའི་རྒྱལ་རབས་སྐབས་དང་ལྷག་པར་དུ་ཕྱིས་སུ་ཐུབ་བསྟན་པའི་ཤན་ཆེན་པོ་ཞུགས་པས་གཙོ་ལྷའི་ཆོས་ལུགས་ཁོ་ན་ཞིག་ཏུ་གྱུར་ཡོད་ལ། ཡུན་རིང་གི་བར་བརྒལ་དེ་བརྒྱུད་ནས་སྟོན་པ་གཤེན་རབ་ཀྱང་ཆོས་ལུགས་གཞན་པ་རྣམས་ཀྱིས་སྟོན་པ་དང་འདྲ་བར་ཁོ་རང་ལོ་རྒྱུས་སྟེང་གི་མི་སྣ་ཡིན་པའི་མཛད་པ་དང་ཕྱིས་ཀྱི་དད་ལྡན་རྣམས་ཀྱི་རྟོག་སྣང་ལྟར་ཆེ་བརྗོད་བྱས་པ་འདྲེས་ནས་བོན་པོ་གྱི་ནང་དོན་འགའ་རེ་རྒྱུད་འཛིན་བྱས་ཡོད་པས་ས་མན་ཆོས་ལུགས་ཡིན་པའི་སྒྲུབ་བྱེད་དུ་གཏན་ནས་མི་འགྱུར་ཏེ། གོང་སྨྲས་ཀྱི་འདྲ་མཚུངས་དེ་དག་དང་དེ་མཚུངས་ཀྱི་ནང་དོན་མང་པོ་ཞིག་ཆོས་ལུགས་འདི་གཉིས་མ་གཏོགས་རྒྱ་ནག་དང་གླིང་གཞན་པའི་མི་རིགས་ཁག་གི་རིག་གནས་སུ་ཡང་མང་བས་སོ། ། དེ་བས། ཁོ་བོའི་ལྟ་ཚུལ་ནི་བོན་པོ་དང་ས་མན་ཆོས་ལུགས་གཉིས་ནི་ལོ་རྒྱུས་ཤིན་ཏུ་རྙིང་བ་ཡིན་པས་ཐུན་མོང་གི་ནང་དོན་འགའ་རེ་ཡོད་མོད། དེ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་སྐོར་གོང་སྨྲས་ལས་ཀྱང་མང་ཞིང་གལ་ཆེ་བས་ཆོས་ལུགས་དེ་གཉིས་གཅིག་ཏུ་མཐོང་བ་ནི་ཁུངས་ལུང་མེད་པའི་གཏམ་དུ་ངེས། ས་མན་ཆོས་ལུགས་ནི་སོག་པོ་དང་མན་ཇུ་སོགས་སུ་དར་བའི་ད་ལྟ་ད་རུང་རང་བྱུང་ཆོས་ལུགས་ཀྱི་ཚད་དུ་གནས་ཡོད་པའི་གདོན་མའི་ཆོས་ལུགས་ཤིག་ཡིན་ལ། བོན་བསྟན་ནི་སྔར་ནས་མིས་བསྟན་ཆོས་ལུགས་ཀྱི་ཚད་དུ་གནས་ཡོད་པའི་གདོད་མའི་ཆོས་ལུགས་ཤིག་ཡིན་ལ། བོན་བསྟན་ནི་སྔར་ནས་མིས་བསྟན་ཆོས་ལུགས་ཀྱི་ཚད་དུ་སླེབས་པར་མ་ཟད་སྔ་ནས་རྒྱུད་འཛིན་དང་བར་ནས་གསར་གཏོད་ཕྱིས་སུ་དང་ལེན་བཅས་བྱས་ནས་གཞུང་ལུགས་དང་བསྟན་བཅོས་གང་གི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གཙོ་ལྷའི་ཆོས་ལུགས་ཅུང་ཆེན་པོ་རེད། YWz

གསུམ་པ།YWz

བོན་གྱི་རིག་གནས་ནི་བོད་མི་རིགས་ཀྱི་གནའ་རབས་རིག་གནས་ཀྱི་མ་ལག་ཆེན་པོ་གཉིས་ཀྱི་གྲས་གཅིག་ཡིན། དེའི་གཞུང་ལུགས་དང་ཆོ་ག ལོ་རྒྱུས་དང་ཡི་གེ་སོགས་ཀྱིས་བོད་ཀྱི་རིག་གནས་སྤྱི་ལ་ཤན་ཤུགས་རྒྱ་ཆེན་པོ་ཡོད།  ད་ལྟ་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལྷག་པར་དུ་བཙན་པོའི་རྒྱལ་རབས་སྐབས་དང་དེའི་ཡར་སྔོན་གྱི་སྐོར་ལ་ཞིབ་འཇུག་བྱེད་ན་བོན་གྱི་རིག་གནས་ནི་མེད་དུ་མི་རུང་བ་ཞིག་རེད། ད་ལྟའི་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་ཁྲོད་དུ་མཁས་པ་མང་པོ་ཞིག་གིས་སྲོང་བཙན་སྒམ་པོའི་ཡར་སྔོན་གྱི་རིག་གནས་དང་ལོ་རྒྱུས་ལ་རྩིས་མེད་དུ་མཐོང་ཞིང་དེའི་ཡར་སྔོན་གྱི་བོད་ཀྱི་ལོ་རྒྱུས་ལའང་ངག་རྒྱུན་གྱི་དུས་རབས་ཟེར། མ་མཐོང་བ་ནི་མེད་པ་མིན་བྱ་བའི་དཔེ་ལྟར་དེ་ནི་ཁོ་ཚོས་བོད་ཀྱི་གནའ་རབས་རིག་གནས་ཀྱི་ཆ་ཤས་གལ་ཆེན་ཞིག་ལ་ཆ་རྒྱུས་ཅི་ཡང་མེད་པའི་རྟགས་ཁོ་ནར་ཟད་དེ། སྲོང་བཙན་ཡར་སྔོན་དུ་བོད་དང་གི་གནའ་རབས་གཉིས་ཀྱི་རིག་གནས་ཀྱི་ཆུ་ཚད་ནི་ཤིན་ཏུ་མཐོན་པོར་ཕྱིན་ཡོད། སྲོང་བཙན་གྱི་ཡར་སྔོན་དུ་བོད་དང་ཞང་ཞུང་གཉིས་རང་བཙན་གྱི་རྒྱལ་ཁབ་གཉིས་ཡིན་ན་ཡང་དེ་གཉིས་ཀར་བོན་གྱི་བསྟན་པ་དར་བས་རིག་གནས་ཀྱི་ཆ་ནས་གོང་བུ་གཅིག་ཏུ་འདྲིལ་ཡོད། རྒྱལ་ཁབ་དེ་གཉིས་ཀྱིས་ཆབ་སྲིད་དང་བཅའ་ཁྲིམས་དང་དམག་དོན་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་ཆེན་པོ་ཐོན་པས་ཕྱིས་སུ་བཙན་པོའི་རྒྱལ་རབས་བཙུགས་པར་རྨང་གཞི་སྲ་ཞིང་མཁྲེགས་པ་བཏིང་ཡོད། བོན་གྱི་ཡིག་ཚང་ལྟར་ན། རྒྱལ་གཤེན་མི་ལུས་བསམ་ལེགས་སྐབས་སུ་རྒྱལ་ཁམས་དེ་རྒྱལ་ཕྲན་སོ་གཉིས་ལ་བགོས་ཏེ། “སྲོག་བཅད་ན་མགོ་གཅོད། མ་བྱིན་བླངས་ན་མིག་འབྱེན། རྫུན་སྨྲས་ན་ལྕེ་འདྲལ། ལོག་པར་གཡེམ་ན་འབྲས་བུ་ཕྱུང་། ”སོགས་ཀྱི་ཁྲིམས་ལུགས་ཀྱང་གཏན་འཁེལ་བྱས་མྱོང་། དེ་དང་དེ་མཚུངས་ཀྱི་རྒྱལ་སྲིད་བསྐྱངས་པའི་ཉམས་མྱོང་དང་ཁྲིམས་ལུགས་ཀྱི་རྩ་ཚིགདམག་འཐབ་ཀྱི་མྱོང་བ་སོགས་ལ་བརྟེན་ནས་ད་གཟོད་བཙན་པོའི་རྒྱལ་རབས་མགྱོགས་མྱུང་སྒོས་བོད་ཀྱི་མཐོ་སྒང་དུ་ནས་ཀྱང་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཡོད་དེ་ཞང་བོད་ཀྱི་ལོ་རྒྱུས་དང་མོ་རྩིས། སྨན་དཔྱད་སོགས་དར་ཆེ་བར་མ་ཟད་ནང་དོན་མང་པོ་ཞིག་ད་ལྟའི་བར་དུ་དར་རྒྱུན་ཆད་མེད། དཔེར་ན། རང་སྲོང་དཔྱད་བུ་ཁྲི་ཤེས་སྨན་དཔྱད་བསྟན་པའི་ལོ་རྒྱུས་ཤིན་ཏུ་གསལ་བོ་ཡོད་ལ་དེ་ད་ལྟའི་བོད་སྨན་དུ་ཞང་ཡིག་མང་པོ་ཡོད་པས་ཀྱང་ཤེས་ཐུབ། དེ་མཚུངས། ད་ལྟའི་བོད་ཀྱི་རིག་གནས་ཁག་མང་པོ་ཞིག་སྲོང་བཙན་ཡར་སྔོན་གྱི་ཡུན་རིང་པོ་ཞིག་གི་སྔོན་ནས་བཟུང་ཞང་བོད་དུ་དར་འགོ་བརྩམས་པ་དང་ལ་ལ་ཆུ་ཚད་ཀྱང་མཐོན་པོར་སླེབས་ཡོད། དེ་ལས་བོད་མི་རིགས་ཀྱི་གནའ་རབས་རིག་གནས་ལ་རྒྱ་གར་ནག་སོགས་མི་རིགས་གཞན་པའི་རིག་གནས་ཀྱི་ཤན་ཤུགས་ཡོད་མོད་དེའི་འབྱུང་ཁུངས་ནི་བོད་རང་ས་ཡིན་པ་ལས་གཞན་ནས་འོངས་པ་ཞིག་གཏན་ནས་མ་ཡིན་པའི་ཤེས་རྟོགས་བྱུང་ཐུབ། ང་ཚོས་སྲོང་བཙན་ཡར་སྔོན་གྱི་རིག་གནས་དང་བོད་ཀྱི་གནའ་རབས་ཤེས་རིག་གི་འབྱང་ཁུངས་ལ་ཞིབ་འཇུག་བྱེད་ན་གནའ་རྫས་བརྟག་དཔྱད་པ་དང་བོན་གྱི་ཡིག་ཚང་གཉིས་ནི་མེད་དུ་མི་རུང་བའི་དཔྱད་གཞི་རྩ་ཆེན་གཉིས་རེད། YWz

གཞན་དུ། སྲོང་བཙན་སྒམ་པོའི་རྗེས་ཀྱི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ནའང་བོན་ཀྱི་ཡིག་ཆ་གལ་ཆེ་བར་སྙམ། ལོ་རྒྱུས་ཀྱི་དབང་གིས་བོད་ཀྱི་ལོ་རྒྱུས་སྟེང་གི་དོན་རྐྱེན་གཅིག་ལ་བན་བོན་གྱི་ཡིག་ཚང་དུ་བཀོད་པ་མི་མཚུངས་པའི་གནས་ཚུལ་མང་པོ་བྱུང་ཡོད། ང་ཚོ་ཞིབ་འཇུག་པས་གྲུབ་མཐའ་གཉིས་ཀའི་ལྟ་ཚུལ་ལ་བརྟག་དཔྱད་དཔྱིས་ཕྱིན་པ་བྱས་ན་ད་གཟོད་ལོ་རྒྱུས་ཀྱི་བདེན་པ་འཚོལ་ཐུབ། དཔེར་ན། བོད་ཀྱི་ལོ་རྒྱུས་སྟེང་སྙན་གྲགས་ཅན་གྱི་མི་སྣ་སློབ་དཔོན་པད་མ་འབྱུང་གནས་ལ་མཚོན་ན། ད་ལྟའི་ཞིབ་འཇུག་པ་རྣམས་ཀྱིས་ཐུབ་བསྟན་པར་གཏོགས་པའི་<<པད་མ་བཀའ་ཐང་>>དེ་མ་གཏོགས་བོན་པོར་ཡང་ནང་དོན་དེ་དང་མི་འདྲ་ས་མང་བའི་<<པད་འབྱུང་བཀའ་ཐང་>>དུམ་པ་བཞི་ཅན་ཞིག་ཡོདཔ་ཤེས་མེད་པ་འདྲ། ཁོ་བོད་ཀྱང་བོན་ཁའི་བཀའ་ཐང་བདེན་དངོས་ཁོ་ནར་མི་མཐོང་མོད། ལོ་རྒྱུས་ཀྱི་མི་སྣ་ཞིག་ལ་ཞིབ་འཇུག་བྱེད་ན་དེའི་འབྲེལ་ཡོད་ཀྱི་ཡིག་ཆ་ཚང་མ་ཀློག་དགོས་པ་ནི་སྤྱིར་བཏང་གི་རྒྱུན་ཤེས་ཤིག་རེད། དེབས་འཇུག་བོད་རིག་པའི་ཞིབ་འཇུག་པ་རྣམས་དང་ལྷག་པར་དུ་བོད་ཀྱི་ཕྱི་རབས་པ་རྣམས་ཀྱིས་བཞེད་པ་ལ་ལ་བལྟོས་མེད་ཀྱིས་བདེན་པར་བཟུང་ཞིང་ལ་ལ་མ་བལྟས་པར་སྣང་མེད་དུ་རྩི་བའི་དགོས་པ་ནི་ཡེ་ནས་མ་མཆིས།  བོད་ཀྱི་སྔ་རབས་པ་རྣམས་ཀྱིས་བོད་མི་རིགས་ལ་རིག་གནས་ཀྱི་ཤུལ་རྫས་རིན་ཐང་གཞལ་དུ་མེད་པ་བཞག་པའི་བཀའ་དྲིན་གྱིས་བོད་མི་རིགས་འདི་འཛམ་གླིང་མི་རིགས་ཁག་མང་པོའི་ཁྲོད་ནས་ཀྱང་གཟེངས་སུ་མཐོ་བ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་། ལོ་རྒྱུས་ཀྱི་དབང་གིས་དེར་རྙོག་དྲ་བའི་གནས་ཀྱང་མང་པོ་ཞིག་ཆགས་ཡོད། ང་ཚོས་རང་རིགས་ཀྱི་ཤེས་རིག་ལོ་རྒྱུས་ལ་ཤེས་རྟོགས་ཡང་དག་ཅིང་གཏིང་ཟབ་མོ་ཞིག་ཐོབ་དགོས། དེའི་གནས་སོ་སོར་ཕྱོགས་སོ་སོ་དང་རིམ་པ་སོ་སོ་ནས་བརྟག་ཅིང་དཔྱད་དགོས་པ་ནི་ཀུན་གྱིས་གལ་འགངས་ཆེ་བར་བསམ་དགོས།  དེ་ལྟར་བྱས་ན་ད་གཟོད་བོད་ཀྱི་ཤེས་རིག་འདི་ཡང་དག་པ་ཞིག་རྒྱུད་འཛིན་དང་དར་སྤེལ་བྱེད་ཐུབ། ཁོང་ཡང་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་ལ་ཡང་དག་པའི་ཤེས་རྟོགས་ཤིག་ཐོབ་དགོས་ཤིང་དེ་དར་སྤེལ་བྱེད་པའི་ཀུན་སློང་ཟོལ་མེད་ཀྱིས་ཡོངས་སུ་བསྐུལ་ནས་དེ་ཕྱོགས་སུ་བསམ་གཞིགས་འགའ་བཏང་བ་ཡིན་པས་དེར་ནོར་འཁྲུལ་ཡོད་སར་བློ་ལྡན་རྣམས་ཀྱིས་བཀའ་སྟོན་ཡང་ཡང་ཞུ་ཞུ། །  YWz

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།