༄༅།། མི་རིགས་ལས་དོན་ཐབས་ཇུས་སྐོར་གྱི་བསམ་གཞིགས།
སྤེལ་དུས།  2017-09-01  རྡེབ་ཚད།   ཡོང་ཁུངས། མི་རིགས་དུས་དེབ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

捕获.JPG1.JPGfd6

གཅིགfd6

ཐབས་ཇུས་ནི་གཅིག་པུ་བ་ཞིག་མ་ཡིན་མོད།ཐབས་ཇུས་ཀྱིས་རྒྱལ་ཕམ་ཐག་གཅོད་པ་རེད།འཇིག་རྟེན་ལྟ་ཚུལ་གང་འདྲ་ཞིག་ཡོད་ན་དེར་ཐབས་ཇུས་དེ་ལྟ་བུ་ཞིག་ཡོད་པ་དང་།བསམ་བློས་བྱ་སྤྱོད་ཐག་གཅོད་པར་བྱེད་ཀྱང་།བྱ་སྤྱོད་ཀྱི་མཇུག་འབྲས་ཡིས་བསམ་བློར་དག་འབུལ་བྱ་ཐུབ་པ་ཡིན།ཐབས་ཇུས་ཀྱི་གནད་དོན་ནི་མི་རིགས་ལས་དོན་གྱི་གྲུབ་འབྲས་ལ་ཤུགས་རྐྱེན་སྟེར་བའི་གཞི་རྩའི་གནད་དོན་ཁྲོད་ཀྱི་གཅིག་རེད།ང་ཚོའི་ལས་དོན་གྱི་ཁྲོད་དུ་རྦད་གཅོད་དང་།སྟབས་བདེ་ཅན།བཙན་དབང་གི་སྣང་ཚུལ་ཚབས་ཆེན་པོ་ཡོད་པ་རེད།བློ་མཐུན་ལ་ལར་བྱ་བའི་ཁྲོད་དུ་གཤམ་གྱི་རྨོངས་ཆ་འདི་རིགས་ཡོད་དེ།རྒྱུན་དུ་ཐབས་ཇུས་རིགས་གཅིག་གིས་གནད་དོན་ཐག་གཅོད་པ་དང་།རྒྱུན་དུ་ཐབས་ཇུས་རིགས་གཅིག་གིས་གནད་དོན་ཡོད་ཚད་ཐག་གཅོད་པ།རྒྱུན་དུ་ཐབས་ཇུས་ཆེས་སྟབས་བདེ་བེད་སྤྱད་ནས་གནད་དོན་ཐག་གཅོད་པ།རྒྱུན་དུ་ཐབས་ཇུས་ཆེས་སྟབས་བདེ་བེད་སྤྱད་ནས་གནད་དོན་ཡོད་ཚད་ཐག་གཅོད་པ།རྒྱུན་དུ་བཙན་དབང་གིས་ཡོད་ཚད་ཐག་གཅོད་པ།ཏང་སྲིད་ཀྱིས་ཡོད་ཚད་ཀྱི་ཚབ་བྱེད་པ།ཡོད་ཚད་དངུལ་སྒོར་གྱིས་ལས་ཀ་བྱེད་པ་དང་།དཔལ་འབྱོར་ལས་དོན་གཉེར་བའི་ཐབས་ཇུས་ལྟར་བསམ་པ་དང་།དད་མོས།བསམ་བློ་སློབ་གསོའི་ལས་དོན་སྒྲུབ་པ།རྒྱུན་དུ་ཐོན་སྐྱེད་འཕེལ་རྒྱས་སུ་ཕྱིན་པ་དང་དངོས་པོའི་དཔལ་ཡོན་དར་རྒྱས་སུ་ཕྱིན་པ་ཡིན་ན་བསམ་པའི་ཕྱོགས་གཏོགས་ཀྱི་གནད་དོན་གནས་མི་ཐུབ་པར་བསམ་པ།དངུལ་སྒོར་ཡོད་ན་བརྩེ་དུང་དང་ཀུན་སྤྱོད་ཀྱང་ཡོད་པར་རློམ་པ་རེད།དོན་དངོས་སུ་དེ་ལྟ་བུ་ཡེ་ནས་མ་རེད།fd6

འཇིག་རྟེན་ལྟ་ཚུལ་ནི་ཐབས་ཇུས་དང་།བསམ་བློ་གང་འདྲ་ཞིག་ཡོད་ན་ཐབས་ཇུས་ཀྱང་དེ་འདྲ་བ་ཞིག་ཡོད་པ་རེད།fd6

ཐབས་ཇུས་དང་།ནང་རྐྱེན།བྱེད་ཐབས།ལས་སྟེགས་ནི་འབྲེལ་བའི་རང་བཞིན་ཅན་ཡིན་པས།ཐ་དད་དུ་ཕྲལ་ནས་སྒྲུབ་པ་ནི་ཕན་འབྲས་སྤུ་ཙམ་ཡང་མེད་པའི་ལས་ཤིག་རེད།fd6

    གཉིས།fd6

ཁ་གཏད་ཡུལ་གྱིས་ཐབས་ཇུས་ཐག་གཅོད་པ་རེད།ཐབས་ཇུས་ཡོད་ཚད་གནད་དོན་ལ་དམིགས་དགོས།གནད་དོན་ལ་མ་དམིགས་པའི་ཐབས་ཇུས་ནི་སྤྱོད་མེད་རིན་ཐང་དང་བྲལ་བ་རེད།གནད་དོན་ཐག་གཅོད་ན་བྱ་དངོས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱ་དགོས་པ་དང་།དེའི་ཁྱད་ཆོས་དང་ངོ་བོ་རྟོགས་དགོས།དེ་བས་ན་ཐབས་ཇུས་ཡོད་ཚད་ཞིབ་འཇུག་གི་ཁ་གཏད་ཡུལ་ལ་དམིགས་དགོས་པ་རེད།ཞིབ་འཇུག་གི་ཁ་གཏད་ཡུལ་གསལ་རྟོགས་མ་བྱས་པ་དང།ཞིབ་འཇུག་གི་ཁ་གཏད་ཡུལ་ལ་མ་དམིགས་པའི་ཐབས་ཇུས་ནི་ཇི་ལྟར་བཟང་རུང་།ཇི་ལྟར་ཡག་རུང་སྤྱོད་རིན་མེད་པ་རེད།བྱེ་བྲག་གི་ཁ་གཏད་ཡུལ་ལ་དམིགས་པའི་ཐབས་ཇུས་གང་དེ་ད་གཟོད་ནུས་ལྡན་གྱི་ཐབས་ཇུས་ཉིད་དང་།ཁ་གཏད་ཡུལ་ལ་དམིགས་པའི་མི་ཡོད་ཚད་ནི་དངོས་སུ་ལག་ལེན་བྱ་མཁན་རེད།fd6

ལྡེ་མིག་གཅིག་གིས་ཟྭ་གཅིག་འབྱེད་པ་འདི་ནི་མི་དམངས་མང་ཚོགས་ཀྱི་ཚན་རིག་ཡིན་པ་མ་ཟད།བྱ་དངོས་ཀྱི་སྤྱིར་བཏང་ཆོས་ཉིད་ཕྱོགས་སྡོམ་བྱས་པ་ཞིག་ཀྱང་རེད།ཐབས་ཇུས་རིགས་གཅིག་བེད་སྤྱད་ནས་གནད་དོན་ཡོད་ཚད་ཐག་གཅོད་པ་ནི་ལྡེ་མིག་གཅིག་གིས་ཟྭ་ཡོད་དོ་ཅོག་འབྱེད་པ་དང་ཀུན་ནས་མཚུངས།དཔེ་རྣམ་རིགས་གཅིག་གིས་གནད་དོན་ཡོད་ཚད་ཐག་གཅོད་པའི་མཇུག་འབྲས་ནི་དོན་དངོས་དང་གོ་ལྡོག་པ་ཡིན།བྱ་དངོས་གང་ཡིན་རུང་ཚང་མ་བྱེ་བྲག་པ་ཡིན་པ་དང་།བྱ་དངོས་གང་ཞིག་ཡིན་རུང་བྱ་དངོས་གཞན་དང་འབྲེལ་བ་ཟབ་མོ་དང་རྙོག་འཛིང་གི་འབྲེལ་བ་ལྡན་པ་རེད།ང་ཚོས་བྱ་དངོས་ཀྱི་སྤྱིར་བཏང་རང་བཞིན་ཅན་དེའི་ཆོས་ཉིད་རང་བཞིན་འཚོལ་ཐུབ་པ་དང་།བྱ་དངོས་བྱེ་བྲག་པ་གང་ཡིན་ཐམས་ཅད་ལ་དེའི་དམིགས་བསལ་རང་བཞིན་ཡོད་པ་རེད།དམིགས་བསལ་རང་བཞིན་དེ་ནམ་ཡིན་ཡང་སྤྱིར་བཏང་རང་བཞིན་གྱིས་ཐག་གཅོད་བྱེད་དཀའ་བ་རེད།གཅིག་མཐུན་གྱི་ཚད་98%དང་མི་མཐུན་པའི་ཚད་2%ཡིན་ཚེ།ང་ཚོས་མི་མཐུན་པའི་ཚད་2%དེར་སྣང་ཆུང་བྱེད་པ་རེད།གསང་གནད་དེ་ཕལ་ཆེར་2%འདིའི་སྟེང་ཡོད་སྲིད་ལ།གནད་དོན་ཡང་ཕལ་ཆེར་2%འདིའི་སྟེང་འབྱུང་སྲིད།ཟྭ་གང་དེ་འབྱེད་པའི་ལྡེ་མིག་བཙལ་ནས་རྙེད་རྒྱུ་ནི་གནད་ཀྱི་གཙོ་བོ་ཡིན།མི་མང་ཤོས་ཀྱིས་ལྡེ་མིག་དེ་རང་གིས་རྙེད་ཡོད་པར་རློམ་ཡང་དོན་དངོས་སྟེང་རྙེད་ཡོད་པ་མ་རེད།རྒྱུ་མཚན་ནི་ཁོ་ཚོས་རང་ཉིད་ཀྱི་བྱ་བའི་ཁ་གཏད་ཡུལ་ལ་ཞིབ་འཇུག་གསལ་ཐག་ཆོད་པ་ཞིག་བྱས་མེད་ལ།ཁྱད་གཤིས་རྟོགས་མེད་པ་མ་ཟད་ངོ་བོ་ཡང་རྩ་བ་ནས་རྟོགས་མེད།fd6

རི་རེའི་སྟེང་ནས་གླུ་རེ་ལེན་པ་ནི་མི་དམངས་མང་ཚོགས་ཀྱི་ཐབས་ཇུས་རེད།མང་ཚོགས་རྣམས་རང་ཉིད་འདྲིས་ཆེ་བའི་སྐད་ཆ་དང་དབྱངས་རྟ།གླུ་གཞས་ལ་ཉན་རྒྱུར་དགའ་བ་རེད།དེ་མ་ཡིན་པར་ཁྱོད་ཀྱི་གླུ་གཞས་ཇི་འདྲ་སྙན་འཇེབས་ལྡན་རུང་མང་ཚོགས་ཀྱིས་ཧ་མི་གོཁྱོད་ཀྱིས་བཤད་པ་གང་ཡང་མང་ཚོགས་ཀྱིས་དགའ་བོ་མི་བྱེད།དེ་ནི་སྟོང་ཟད་ཀྱི་ལས་ཤིག་རེད།fd6

ལག་ལེན་དུ་བསྟར་བའི་ཚན་རིག་གིས་ང་ཚོར་དྲན་སྐུལ་ལན་མང་གནང་ཡོད་པ་ནི།དངོས་ཐོག་བདེན་འཚོལ་ནི་ཡོད་ཚད་དོན་དངོས་ལས་མགོ་ཚུགས་དགོས་ཞེས་པ་དེ་རེད།འདི་ནི་མར་ཁེ་སི་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་མ་ཟད།ཀྲུང་གོའི་མི་རིགས་གནད་དོན་ཐག་གཅོད་པའི་གཞི་རྩའི་ཐབས་ཇུས་ཀྱང་རེད།fd6

ཀྲུང་གོ་ནི་མི་རིགས་མང་པོ་འདུས་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན།ཀྲུང་གོའི་མི་རིགས་སོ་སོ་ཀྲུང་གོའི་ས་གཞི་འདིའི་སྟེང་མི་ལོ་5000རིང་འཚོ་བ་རོལ།ཀྲུང་ཧྭའི་ས་གཞི་ཆེན་པོ་ནི་ཀྲུང་གོའི་མི་རིགས་སོ་སོའི་ཐུན་མོང་གི་ཁྱིམ་གཞི་ཡིན།མི་རིགས་56ནི་རྒྱལ་ཁབ་ཀྱི་ཐུན་མོང་བདག་པོ་ཡིན།༼ཁ་འབྲལ་ཐབས་མེད་པ་གསུམ་༽ནི་ཀྲུང་གོའི་མི་རིགས་རྣམས་ཐུན་མོང་གི་ལོ་རྒྱུས་བརྒྱུད་པའི་ཁྲོད་བྱུང་བ་དང་།མི་རིགས་56ནི་ལས་དབང་གཅིག་པའི་ཚོགས་པ་ཞིག་རེད།འདྲ་མཉམ་མཐུན་སྒྲིལ་ནི་ཀྲུང་གོའི་མི་རིགས་རྣམས་གཅིག་ལ་གཅིག་བརྟེན་དུ་འཚོ་བའི་ཐུན་མོང་གི་རྨང་གཞི་སྟེ། ཆེས་མཇུག་མཐའི་ཁེ་ཕན་རེད།ཀྲུང་གོའི་སྤྱི་ཚོགས་སྤྱིའི་གནད་དོན་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་གཤིས།ཀྲུང་གོའི་མི་རིགས་ལས་དོན་ནི་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གཙོ་བོ་དང་།ཀྲུང་གོའི་མི་རིགས་འབྲེལ་བ་ནི་ནམ་ཡང་རྒྱལ་འབངས་དུང་ཕྱུར་13གྱི་ཐུན་མོང་འབྲེལ་བ་ཡིན།འདྲ་མཉམ་ནི་གདམ་ག་ཉག་གཅིག་དང་།མཐུན་སྒྲིལ་ནི་འགྲོ་ལམ་གཅིག་པུ་ཡིན།འདྲ་མཉམ་མཐུན་སྒྲིལ་བྱས་ན་ད་གཟོད་མཉམ་གནས་མཉམ་དར་དང་།ཐུན་མོང་འཕེལ་རྒྱས།ཐུན་མོང་ཡར་ཐོན་ཡོང་ཐུབ་པ་རེད།fd6

མར་ཁེ་སིའི་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་རྩོད་སྒྲུབ་དངོས་གཙོ་སྨྲ་བ་ཞིག་ཡིན་ན།ཁྱད་པར་གྱི་རང་བཞིན་དང་ཐུན་མོང་རང་བཞིན།རྒྱུ་མང་དང་ཕུང་བོ་གཅིག་པ་ཚང་མ་ཡོད་པར་ཁས་ལེན་པ་རེད།གལ་སྲིད་ཚད་ལས་བརྒལ་ནས་ཁྱད་པར་གྱི་རང་བཞིན་དང་རྒྱུ་མང་གསལ་འདོན་བྱས་པ་ཡིན་ན་ནོར་འཁྲུལ་ཡིན་ལ།དེ་དང་འདྲ་བར་ཚད་ལས་བརྒལ་ནས་ཐུན་མོང་རང་བཞིན་དང་ཕུང་བོ་གཅིག་པ་ནན་བཤད་བྱས་པ་ཡང་ནོར་འཁྲུལ་ཡིན།རྒྱུ་མཚན་ནི་ཀྲུང་གོར་ཐུན་མོང་རང་བཞིན་དང་ཕུང་བོ་གཅིག་པའི་རང་བཞིན་རྩིས་མེད་ཁྱད་དུ་བསད་ནས།ཚད་ལས་བརྒལ་ནས་ཁྱད་པར་རང་བཞིན་དང་རྒྱུ་མང་རང་བཞིན་ནན་ལ་གཏད་པ་ཡིན་ན།བྱ་དངོས་ཀྱི་ངོ་བོ་དང་ཁ་བྲལ་བ།ཀྲུང་གོའི་མི་རིགས་འཆམ་མཐུན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འགལ་བ་ཡིན།ཐ་ན་གནོད་ཚབས་ཆེ་བའི་ཆབ་སྲིད་ཀྱི་མཇུག་འབྲས་སློང་བ་ཡིན།དེ་དང་འདྲ་བར་ཁྱད་པར་རང་བཞིན་དང་སྣ་མང་རང་བཞིན་རྩིས་མེད་ཁྱད་དུ་བསད་ནས།ཚད་ལས་བརྒལ་ནས་ཐུན་མོང་རང་བཞིན་དང་ཕུང་བོ་གཅིག་པའི་རང་བཞིན་ནན་ལ་གཏད་པ་ཡིན་ན་ཡང་།བྱ་དངོས་ཀྱི་ངོ་བོ་དང་ཁ་བྲལ་བ།ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་ཆོས་ཉིད་དང་འགལ་བ།ཀྲུང་གོའི་མི་དམངས་དང་སྤྱི་ཚོགས་ལ་གནོད་ཚབས་ཆེ་བའི་མཇུག་འབྲས་སྐྱེལ་ཡོང་བ་རེད།fd6

འཛམ་གླིང་ནི་འབྲེལ་བ་སྣ་ཚོགས་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་ཡིན་ཙ་ན།ཀྲུང་གོའི་མི་རིགས་སོ་སོ་ཡང་དེ་དང་འདྲ་བ་རེད།ཀྲུང་གོའི་གྲངས་ཉུང་མི་རིགས་སོ་སོའི་མི་གྲངས་ཀྱི་མང་ཉུང་མི་འདྲ་སྟེ།མི་གྲངས་མང་ཤོས་ལ་བྱེ་བ་གཅིག་དང་ས་ཡ་བདུན་ཡོད་པ་དང་།ཉུང་ཤོས་ལ་སྟོང་ཕྲག་འགའ་ལས་མེད།འདི་ནི་ཀྲུང་གོའི་དངོས་ཡོད་ཀྱི་མི་གྲངས་རེད།རང་རྒྱལ་གྱི་མི་རིགས་སུམ་ཅུ་ལྷག་ད་དུང་རྒྱལ་མཚམས་བརྒལ་ནས་འཚོ་སྡོད་བྱས་ཡོད།མི་རིགས་ཁ་ཤས་ཀྱི་རྒྱལ་ནང་གི་མི་གྲངས་དེ་ཕྱི་རྒྱལ་དུ་སྡོད་པའི་མི་གྲངས་ལས་མང་བ་དང་།མི་རིགས་ཁ་ཤས་ཀྱི་རྒྱལ་ནང་གི་མི་གྲངས་དེ་ཕྱི་རྒྱལ་དུ་སྡོད་པའི་མི་གྲངས་ལས་ཉུང་བ་རེད།མི་རིགས་ཁ་ཤས་ནི་ཕྱི་རྒྱལ་ནས་ཀྱང་གྲངས་ཉུང་མི་རིགས་ཀྱི་གྲས་ཡིན་པ་དང་།ཁ་ཤས་མི་གྲངས་མང་པོའི་མི་རིགས་ཆགས་ཡོད།མི་རིགས་ཁ་ཤས་ཀྱིས་ཕྱི་ལོགས་སུ་རང་ཉིད་ཀྱི་རྒྱལ་ཁབ་བཙུགས་ཡོད་དེ།དཔེར་ན།ཁོ་རེ་ཡ་བྱང་མ་དང་།ཁོ་རེ་ཡ་ལྷོ་མ།སོག་པོ།ཧ་སག་སི་ཐན་སོགས་ལྟ་བུ།མི་རིགས་གཅིག་པའི་སྐད་དང་ཡི་གེ ལོ་རྒྱུས།ཆོས་ལུགས།རིག་གནས་སྟེང་གི་འབྲེལ་འདྲིས་རང་བཞིན་དང་དེ་དག་རྒྱལ་ཁབ་མི་འདྲ་བའི་ནང་གི་གནས་སྟངས་ལ་དེའི་ལོ་རྒྱུས་ཀྱི་རྙོག་འཛིང་རང་བཞིན་ལྡན་པ་རེད།སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་སྟེང་མངོན་བཞིན་ཡོད་དེ།བཅིངས་འགྲོལ་སྔོན་དུ།མི་རིགས་ཁ་ཤས་རྒྱ་རིགས་དང་འདྲ་བར་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་ཞུགས་ཡོད་པ་རེད།ཁ་ཤས་ད་དུང་གདོད་མའི་སྤྱི་ཚོགས་དང་།བྲན་གཡོག་སྤྱི་ཚོགས།ཞིང་བྲན་སྤྱི་ཚོགས་སུ་ཡོད་པ་རེད།མི་རིགས་སོ་སོས་རང་ཉིད་ཀྱི་རང་བྱུང་ལོ་རྒྱུས་བསྣམས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཞུགས་པས།ལོ་རྒྱུས་ཀྱི་རྗེས་ཤུལ་དེ་ཁོང་ཚོའི་སྤྱི་ཚོགས་འཚོ་བ་དང་འཕེལ་རྒྱས་ཁྲོད་ངང་གིས་མངོན་པ་རེད།སྐད་ཆའི་སྟེང་དུ་མངོན་པ་ནི།མི་རིགས་ཁ་ཤས་ལ་སྐད་དང་ཡི་གེ་གཉིས་ཀ་ཡོད་པ།ཁ་ཤས་ལ་སྐད་ལས་ཡི་གེ་མེད་པ།ཁ་ཤས་ལ་རང་ཚུགས་དང་ལྡན་པའི་སྐད་ཆའི་མ་ལག་མེད་པ་རེད།སྐད་ཆ་འདི་རིགས་སོ་སོར་དབྱེ་ན་རྒྱ་བོད་དང་།ཨ་ཨར་ཐེ།ཨེ་ཤ་ཡ་ལྷོ་མ།གླིང་ཕྲན་ལྷོ་མ།ཧིན་རྡུ་དང་ཡོ་རོབ་ཀྱི་སྐད་ཁོངས་སོགས་ལྔ་རུ་འདུ་བ་རེད།སྐད་ཆའི་མ་ལག་ཀྱང་རྡོ་ཆས་དུས་རབས་སོགས་ལོ་རྒྱུས་ཡུན་རིང་བརྒྱུད་ནས་གྲུབ་པ་རེད།སྐད་ཆ་ནི་མིའི་རིགས་ཀྱི་ཤུལ་བཞག་ནོར་བུ་རྩ་ཆེན་ཞིག་ཡིན་པ་མ་ཟད།མི་རིགས་(མིའི་རིགས་)འཕེལ་རྒྱས་ཀྱི་བཤུལ་ལམ་འཚོལ་བའི་སྒྲོན་མེ་ཡིན།ཆོས་ལུགས་ཀྱི་སྟེང་ནས་མཚོན་ན།ཆོས་ལུགས་མང་པོ་ཡོད་ལ།མི་རིགས་བཅུ་ཡིས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པ་དང་།མི་རིགས་མང་པོ་ཞིག་གིས་སངས་རྒྱས་ཆོས་ལུགས་དང་།ཡེ་ཤུའི་ཆོས་ལུགས་ལ་དད་མོས་བྱེད།ཡང་གྲངས་ཉུང་མི་རིགས་ཁ་ཤས་ཀྱིས་ཏའོ་ཅའོ་ཆོས་ལུགས་དང་དམངས་ཁྲོད་དད་མོས་བསྟེན་པ་རེད།དད་མོས་རིགས་གཅིག་གི་ཕག་ཏུ་དད་མོས་གཅིག་པའི་མི་ཚོགས་རྒྱ་ཆེན་པོ་ཡོད་པ་རེད།fd6

ཁ་གཏད་ཡུལ་ནི་འགུལ་བསྐྱོད་དང་།འགྱུར་ལྡོགའཕེལ་རྒྱས་དང་ལྡན་པ་ཞིག་རེད།fd6

གསུམ།fd6

དམིགས་གཏད་ལ་གཞིགས་ནས་ཐབས་ཇུས་ཐག་གཅོད་པ་ཡིན།དངོས་པོའི་གནས་ལུགས་ནི་ཐབས་ཇུས་ཀྱི་སྲོག་ལྟ་བུ་ཡིན།ཐབས་ཇུས་ཀྱིས་ཁ་ཕྱོགས་དང་།བགྲོད་ལམ།གཞུང་ལུགས་བཅས་ལ་བརྩི་འཇོག་བྱ་དགོས།བློ་མཐུན་ཞི་ཅིན་ཕིན་གྱིས་”མིའི་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན།”ཞེས་གསུངས་པ་རེད།མི་རིགས་ལས་དོན་གྱི་སྙིང་པོ་ཡང་མིའི་སེམས་རེད།མི་རིགས་ལས་དོན་གྱི་དམིགས་གཏད་ས་ནི་མིའི་སེམས་དགུག་རྒྱུ་ཡིན་ཏེ།འགལ་བ་མེད་པ།ཁ་གཏད་མི་བྱེད་པ།ཕན་ཚུན་འཆམ་མཐུན།མཐུན་སྒྲིལ།ངོས་འཛིན་གཅིག་མཐུན་ཡོང་བ།ལས་དབང་གཅིག་ཏུ་སྒྲིལ་བར་བྱ་དགོས།མི་རིགས་ལས་དོན་གྱི་རྩ་དོན་ནི་འགལ་བ་ཞི་བར་བྱེད་པ།འགྲིག་མཐུན་ཡོང་བར་བྱེད་པ།མཐུན་སྒྲིལ་ཇེ་དྲག་གཏོང་བ།མི་སེམས་བདེ་རུ་འཇུག་པ།མི་སེམས་ལོན་པ།མི་སེམས་གཅིག་ཏུ་སྒྲིལ་བར་བྱེད་པ་རེད།《བང་ལེན་ཧྥང་གི་མི་རིགས་ལས་དོན་གྱི་དྲན་ཐོ་》ཁྲོད་དུ་ཐབས་ཇུས་འདི་འདྲ་བ་མང་པོ་བྱུང་ཡོད།ལྷག་བསམ་ཟོལ་མེད་དང་།བརྩི་བཀུར།དཀྱེལ་ཡངས་སོགས་ནི་གཞི་རིམ་དུ་མ་སླེབས་པ་ཡིན་ན་སེམས་ཀྱིས་མྱོང་མི་ཐུབ་པ་རེད།fd6

མི་རིགས་ལས་དོན་ནི་གནའ་ནས་བཟུང་མིའི་བྱ་བ་དང་མིའི་སེམས་ཀྱི་བྱ་བ་སྒྲུབ་པའི་བྱ་གཞག་ཞིག་ཡིན་པས།ཡིག་ངོས་ཀྱི་ཁྱབ་བསྒྲགས་དང་གཞུང་ཡིག་གི་འགྲོ་འོང་ཁོ་ནར་བརྟེན་ནས་གཞི་རིམ་དང་མ་འབྲེལ་བ།ཁ་གཏད་ཡུལ་བྱེ་བྲག་པར་མ་འབྲེལ་ན་སྒྲུབ་ཐུབ་པ་མ་ཡིན།སྐད་ཆའི་སྟེང་འབྲེལ་བ་དམ་ཟབ་བྱ་དགོས་པ་མ་ཟད།སེམས་ཀྱི་སྟེང་ནས་ཀྱང་ཕན་ཚུན་ལ་བློ་གཏད་ནས་འབྲེལ་བ་བྱ་དགོས།ཁ་ནས་འབྲེལ་བ་མ་གཏོགས་སེམས་ནས་འབྲེལ་བ་མི་བྱེད་པ།ངོ་གདོང་གི་ཕྱི་ཚུལ་ལས་སེམས་མི་གཏོད་པ་བྱས་ན་ནམ་ཡང་བར་ཐག་ཅིག་ཡོད་པ་རེད།དེ་བས་ན་”སྤྱོད་ཚུལ་བཞི་”ལ་ངོ་རྒོལ་བྱེད་པ་དེ་མི་རིགས་ལས་དོན་ཀྱི་ཁྱབ་ཁོངས་ཁྲོད་དངོས་ཡོད་ཀྱི་དམིགས་གཏད་རང་བཞིན་ཡོད་པ་རེད།དུས་རྒྱུན་ཤེས་ཡོན་པའི་སྡེ་དང་།ཆོས་ལུགས་པའི་སྡེ།ཆབ་སྲིད་པའི་སྡེ།ཚོང་ལས་ཀྱི་སྡེ་ནས་ཤུགས་རྐྱེན་ཆེ་བའི་མི་རིགས་མི་སྣ་དག་དང་འབྲེལ་འདྲིས་བྱེད་པར་ཤུགས་བརྒྱབ་ནས།བརྩི་འཇོག་ངང་ནས་རྒྱུས་ལོན་བྱེད་པ།འདྲ་མཉམ་ངང་ནས་བསམ་པ་གོ་བ།ཟོལ་མེད་སྒོ་ནས་མཐུན་སྒྲིལ་བྱེད་པ།དམངས་གཙོ་གྲོས་མོལ་གྱི་སྒོ་ནས་འཆམ་མཐུན་བྱས་པ་ཡིན་ན།ད་གཟོད་ང་ཚོས་མི་སེམས་ལོན་པའི་ཐབས་ཇུས་རྙེད་སྲིད་པ་དང་།མི་རིགས་ལས་དོན་སྒྲུབ་ཐུབ་པ་ཡིན།དེ་མ་ཡིན་པར་མཐོ་སར་འགྱིང་ནས་ཁེངས་སེམས་ཀྱིས་གཞན་ལ་བརྙས་པ་དང་།རྒྱང་ནས་ངར་སྐད་སྒྲོག་པ།ཡང་ན་རྫུས་མའི་ཁྲལ་ལྟ་བུ་འཇལ་བ་དང་།དོན་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མི་བྱེད་པར་ཕྱི་ཚུལ་རིང་ལུགས་དང་།ངོ་སྲུང་གི་ལས་ཀ་བྱས་ཏེ་གཡོ་ཟོལ་དང་ཡིད་མི་ཆེས་པ་བྱས་ན་བརྩེ་དུང་གི་སྟེང་བར་ཐག་དང་།བྱ་སྤྱོད་ཀྱི་སྟེང་འགལ་ཟླ་འབྱུང་བ་རེད།fd6

མང་ཚོགས་ལ་སེམས་སྤྲད་པ་ཡིན་ན་མང་ཚོགས་ཀྱིས་ཀྱང་ཁྱོད་ལ་སེམས་སྟེར་ངེས་རེད།ལས་བྱེད་ཁ་ཅིག་གཡོ་ཇུས་ལ་མགོ་འཁོར་བ་རེད།“གཡོ་ཇུས་”ནི་སྐབས་འགའ་རེར་ཐབས་ཇུས་ཤིག་ཡིན་སྲིད་ཀྱང་།དེ་དགྲ་ཕྱོགས་ཁོ་ནར་སྤྱོད་པ་ཞིག་རེད།རང་ཕྱོགས་ཀྱི་མི་དང་།རང་གི་མང་ཚོགས་ལ་གཡོ་ཇུས་བཀོལ་བ་ནི་ཉེན་ཚབས་ཆེན་པོ་རེད།མི་སེམས་ནི་རང་སོ་སོའི་སེམས་ནང་དུ་ཡོད་པས་ཕན་ཚུན་གྱི་སེམས་སྟེང་ནས་བརྩི་འཇོག་དང་།འདྲ་མཉམ།ཡིད་ཆེས་ཀྱིས་འབྲེལ་ཟམ་བཙུགས་པ་ཡིན་ན།ད་གཟོད་ཕྱི་ཐག་རིང་པོ་ཡོད་པ་ཡིན།”བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་”ནི་ཏང་གི་དགོངས་དོན་དང་དམིགས་ཡུལ་ཡིན་ལ།ང་ཚོས་མི་རིགས་ལས་དོན་སྒྲུབ་པའི་གཞི་རྩའི་བསམ་བློའི་མཛུབ་སྟོན་ཡང་ཡིན།འཐབ་འཛིང་གི་ལོ་རབས་དང་ཀྲུང་གོ་གསར་པ་དབུ་བརྙེས་པའི་སྟོད་ཙམ་ལ།ང་ཚོས་བསམ་བློའི་མཛུབ་སྟོན་འདི་ལ་བརྟེན་ནས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པ་རེད།“གུང་ཁྲན་ཏང་དགུང་གི་ཉི་མ་འདྲ།འོད་འཕྲོས་ན་ས་གཞི་རང་གསལ་རེད།”ཞེས་དང་”མའོ་ཙེ་ཏུང་ཁྲི་ལོར་བརྟན་པར་ཤོག””གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་པ་སོགས་ནི་སེམས་ནས་བརྡོལ་བའི་འབོད་སྐད་དང་།གནམ་འོག་ཡོངས་རྫོགས་སེམས་པ་གཅིག་ཏུ་གྲུབ་པའི་འབོད་སྐད་རེད།དེས་ན་འདས་པའི་དུས་སུ་ང་ཚོས་སྒྲུབ་ཐུབ་པ་ཞིག་ད་ལྟ་ཡང་སྒྲུབ་ཐུབ་ངེས་རེད།fd6

མི་སེམས་ཐོབ་ན་གནམ་འོག་དབང་།མི་སེམས་ཤོར་ན་གནམ་འོག་འཆོར།ཞེས་པ་ལྟར་དུ།ཀྲུང་གོ་གུང་ཁྲན་ཏང་གིས་སྔོན་གྱི་དབང་བསྒྱུར་གྲལ་རིམ་རིམ་བྱུང་རེས་མོས་སུ་བརྗེ་བ་དང་དང་།མི་ཤི་སྲིད་ཉམས་ཀྱི་ལོ་རྒྱུས་བསྐྱར་འགྲིམས་བྱ་མི་འདོད་ན།མི་སེམས་དགུག་པའི་བྱ་བ་སྐད་ཅིག་ལ་ཡང་བརྗེད་མི་རུང་།ད་ལྟའི་མ་རུངས་ཐམས་ཅད་དྲུངས་ནས་ཕྱུང་སྟེ་དམངས་གཙོའི་འཕེལ་རིམ་ལ་སྐུལ་འདེད་དང་།སྲོལ་རྒྱུན་བཟང་པོ་དར་སྤེལ་བྱས་ནས་དེ་ལས་ལྷག་པའི་གཟི་བརྗིད་བརྩོན་ལེན་བྱ་དགོས།fd6

བཞི།fd6

དུས་བབ་ཀྱིས་ལས་འགན་ཐག་གཅོད་པ་དང་།ལས་འགན་གྱིས་ཐབས་ཇུས་ཐག་གཅོད་པ་རེད་(བྲེལ་མྱུར་གྱི་ལས་འགན་དང་།དུས་རྒྱུན་གྱི་ལས་འགན།ཐབས་ཇུས་སོ་སོ་མི་འདྲ་བ་རེད)།གནད་དོན་ལ་ཞིབ་འཇུག་བྱེད་པའི་རྩ་བ་ནི་གནད་དོན་ཐག་གཅོད་རྒྱུ་དང་།གནད་དོན་ཐག་གཅོད་པའི་ཐོག་མའི་གནད་དོན་ནི་ཐབས་ཇུས་ཐག་གཅོད་པའི་གནད་དོན་དེ་རེད།fd6

མིག་སྔར་གྱི་ཀྲུང་གོའི་སྤྱི་ཚོགས་ནི་སྤྱི་ཚོགས་ཀྱི་རྣམ་པ་འགྱུར་བའི་དུས་སྐབས་དང་།བཅོས་སྒྱུར་གྱི་ཟབ་ས།གནད་འགག་ལས་སྒྲོལ་བའི་དུས།སྤྱི་ཚོགས་ཀྱི་འགལ་བ་མང་དུ་འབྱུང་བའི་དུས་སྐབས་སུ་འཁེལ་ཡོད།རྙོག་འཛིང་གི་སྣང་ཚུལ་འདི་དག་ཐམས་ཅད་དུས་མཉམ་དུ་མི་རིགས་ས་ཁུལ་དུ་མངོན་པ་རེད།མི་རིགས་ས་ཁུལ་གྱི་རྗེས་ལུས་དང་།དབུལ་ཕོངས།བས་མཐར་གནས་པ་སོགས་ཀྱི་གནད་དོན་གྱིས་འགལ་བ་འདི་དག་རྩེག་སྣོན་ཅན་དུ་འགྱུར་སླ་བ་རེད།སྤྱི་ཚོགས་ཀྱི་རྣམ་པ་འགྱུར་བ་དང་།བཅོས་སྒྱུར་གྱི་ཟབ་ས།ངོས་གྱེན་དུ་འཛེག་པའི་དུས།འགལ་བ་འབྱུང་སླ་ཞིང་མང་དུ་འབྱུང་བའི་དུས་སྐབས་ནི་སྤྱིར་བཏང་རང་བཞིན་ཡིན་ཏེ།ཟབ་ཚད་མི་འདྲ་བ་རེད།རྒྱལ་ཡོངས་ཀྱང་གནས་སྟངས་འདི་འདྲ་ཡིན།མི་ལ་ལས་མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་ནི་ནང་ས་དང་ཡེ་ནས་ཁ་བྲལ་བའི་སྤྱི་ཚོགས་སོ་སོ་བ་གཉིས་དང་།ཐ་ན་མངའ་ཁུལ་གཞན་ཞིག་ཏུ་སྟངས་འཛིན་བྱེད་ཀྱི་ཡོད་དེ། དུས་རྒྱུན་མཐོང་བའི་བརྗོད་ཚུལ་ནི་༼དལ་འགྲོས་ཅན་༽རེད།གནས་ཚུལ་འདི་རིགས་ཅི་ལྟར་བྱུང་བ་ཡིན་ཞེ་ན།དོན་དངོས་ཀྱི་འབྱུང་རྐྱེན་ཤིན་ཏུ་མང་ཡང་སྤྱིར་འཕེལ་རྒྱས་དལ་བའི་མངོན་རྟགས་རེད།འདི་རང་རྒྱལ་མི་རིགས་གནད་དོན་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་འབྲེལ་བ་ཡོད་དེ།ལོ་རྒྱུས་དང་དངོས་ཡོད།རྒྱལ་ནང་གི་རྒྱུ་རྐྱེན་དང་རྒྱལ་ཕྱིའི་རྒྱུ་རྐྱེན།མི་དམངས་ནང་ཁུལ་གྱི་འགལ་བ་དང་དགྲ་གཉེན་བར་གྱི་འགལ་བ།མི་རིགས་དང་ཆོས་ལུགས།ལས་བྱེད་ཀྱི་སྤྱོད་ཚུལ་དང་མང་ཚོགས་ཀྱི་ཁེ་ཕན་བར་གྱི་འཁྲུག་རྩོད།ལུགས་མཐུན་གྱི་ཁེ་ཕན་དང་ཚུལ་མིན་གྱི་ཐབས་ཇུས།ཁེ་ཕན་གྱི་འཁྲུག་རྩོད་དང་མི་རིགས།ཆོས་ལུགས་སོགས་ཀྱི་འགལ་བ་སྣོལ་མར་བྱུང་བ་ལ་འབྲེལ་བ་ཡོད་པ་རེད།fd6

འཕེལ་རྒྱས་ནི་སྒྲུབ་ཐེངས་གཅིག་གིས་འགྲུབ་སྲིད་པ་ཞིག་མ་ཡིན་ཏེ།ཐོན་ཁུངས་འབལ་འབོལ་དང་།རིག་གནས་འབལ་འབོལ་འཕྲལ་མར་དཔལ་འབྱོར་འབལ་འབོལ་དང་།ཐོན་ལས་འབལ་འབོལ་ཅན་དུ་བསྒྱུར་ནུས་པ་ཞིག་མ་ཡིན།འཕེལ་རྒྱས་ཀྱི་གནོན་ཤུགས་དང་།རིག་གནས་བརྡབ་གསིག་གི་གནོན་ཤུགས།འཕེལ་རྒྱས་ལ་རེ་བ་བྱེད་པའི་དུས་མཚུངས་སུ་མུ་མཐུད་བས་མཐའ་རུ་སྐྲོད་པའི་གནོན་ཤུགས།ད་དུང་ནུས་སྟོབས་དང་འདུ་ཤེས།བསམ་བློ།རིག་གནས་ཀྱི་མི་འཚམས་པ།དེའི་སྟེང་དུ་སྐད་ཆ་དང་།དད་མོས།ཐོན་སྐྱེད་འཚོ་བའི་རྣམ་པ་སོགས་ཀྱི་མི་འཚམས་པའི་གནས་ཚུལ་ཡང་དུས་མཉམ་དུ་ལྷགས་ཡོང་བས།མི་རིགས་ས་ཁུལ་གྱི་གནད་དོན་ཉིན་ལྟར་ཕྱོགས་བསྡུས་ཅན་དུ་འགྱུར་གྱི་ཡོད།fd6

ལས་འགན་གྱི་ཁ་གཏད་ཡུལ་ནི་བྱེ་བྲག་ཁོར་ཡུག་ཁྲོད་ཀྱི་ཁ་གཏད་ཡུལ་ཡིན།ཁོར་ཡུག་ནི་བྱེ་བྲག་གི་ཆ་རྐྱེན་ཏེ།དེ་ནི་ནུས་སྟོབས་དང་གོ་སྐབས་ཡིན།fd6

མི་རིགས་ལས་དོན་ཀྱི་བྱ་བའི་སྙིང་བོ་ནི་མི་རིགས་འབྲེལ་བ་སྙོམས་སྒྲིག་བྱེད་པ་རེད།རྒྱལ་ཁབ་ཀྱི་ངོས་ཐད་ནས་གཙོ་བོར་མངོན་པ་ནི་རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བ།གྲངས་ཉུང་མི་རིགས་ཕན་ཚུན་བར་གྱི་འབྲེལ་བ་སྙོམས་སྒྲིག་བྱས་ཏེ།རྒྱལ་ཁབ་ཧྲིལ་པོ་གཅིག་གྱུར་དང་།མི་རིགས་བར་གྱི་འཆམ་མཐུན་མཉམ་གནས་ལ་ཁག་ཐེག་བྱས་ནས།སྤྱི་ཚོགས་གཏན་འཇགས་དང་།མི་རིགས་མཐུན་སྒྲིལ་ལ་ཕན་ཆ་ཆེ་བའི་སྤྱི་ཚོགས་ཁོར་ཡུག་སྐྲུན་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ།རྒྱལ་ཡོངས་ཀྱི་ཚན་རིག་དང་ཤེས་རིག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།འདིའི་རྩ་བ་ནི་མི་རིགས་འབྲེལ་བ་སྙོམས་སྒྲིག་བྱ་བའི་སྲོག་ཤིང་ལ་དམིགས་ནས།མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་ལ་ཞབས་འདེགས་བྱེད་པའི་ལས་འགན་འདི་གཉིས་ཡོངས་འགྲུབ་བྱས་ཏེ།སྤྱིར་བཏང་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་འབྲེལ་བ་འདི་ཐག་གཅོད་ཡག་པོ་བྱ་དགོས།སྤྱིར་བཏང་རང་བཞིན་ནི་ཏང་གི་མགོ་ཁྲིད།རྒྱལ་ཁབ་ཀྱི་བསམ་འདུན་དང་བཅའ་ཁྲིམས།ལམ་ལུགས་དང་སྒྲིག་སྲོལ་གྱི་སྤྱིར་བཏང་རང་བཞིན་ཡིན་ཏེ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངའ་ཞབས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ།རིམ་པ་སོ་སོའི་སྲིད་གཞུང་ཚང་མས་སྤྱིར་བཏང་བཞིན་ལ་གཏོགས་པའི་ལས་ཀ་སྒྲུབ་བཞིན་ཡོད།འོན་ཀྱང་ཡུལ་ཁམས་དང་།མི་རིགས།ལོ་རྒྱུས།སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་རིམ།ཆོས་ལུགས།རིག་གནས།ཡུལ་སྲོལ་གོམས་གཤིས་སོགས་མི་འདྲ་བའི་དབང་གིས་མི་རིགས་ས་ཁུལ་དུ་ཡང་ཁྱད་པར་གྱི་རང་བཞིན་ནམ་དམིགས་བསལ་རང་བཞིན་རབ་དང་རིམ་པ་ཐོན་གྱི་ཡོད།སྤྱིར་བཏང་རང་བཞིན་གྱིས་ཐག་གཅོད་དཀའ་བ་དང་ཐག་གཅོད་མ་ཐུབ་ཚེ་དམིགས་བསལ་སྲིད་ཇུས་བཟོས་ཏེ་ཐག་གཅོད་བྱ་དགོས་པ་རེད།བསམ་བློའི་ཐབས་ཇུས་ཀྱི་སྟེང་དུ།ང་ཚོས་རྩོད་སྒྲུབ་ཚན་རིག་གི་སྒོ་ནས་གནད་དོན་ལ་དམིགས་དགོས་པ་ལས།སྤྱིར་བཏང་རང་བཞིན་གྱིས་དམིགས་བསལ་རང་བཞིན་དགག་ནས་ཁས་མི་ལེན་པ།དམིགས་བསལ་རང་བཞིན་གྱིས་སྤྱིར་བཏང་རང་བཞིན་དགག་ནས་ཁས་མི་ལེན་པ་བྱ་མི་རུང་།ཡང་ན་སྤྱིར་བཏང་རང་བཞིན་གྱིས་དམིགས་བསལ་རང་བཞིན་གྱི་ཚབ་བྱེད་མི་རུང་ལ།དམིགས་བསལ་རང་བཞིན་གྱིས་ཀྱང་སྤྱིར་བཏང་རང་བཞིན་གྱི་ཚབ་བྱེད་མི་རུང་།རྨང་གཞི་གཅིག་རྒྱུན་འཁྱོངས་བྱ་དགོས་ཏེ།སྤྱིར་བཏང་རང་བཞིན་གྱི་རྨང་གཞིའི་སྟེང་ནས་དམིགས་བསལ་རང་བཞིན་ཐག་གཅོད་བྱེད་པ་དང་།སྤྱིར་བཏང་རང་བཞིན་དང་དམིགས་བསལ་རང་བཞིན་ཟུང་འབྲེལ་གྱི་སྟེང་ནས་ཚན་རིག་དང་མཐུན་ཞིང་ཡང་དག་པའི་ཐབས་ཇུས་དང་སྲིད་ཇུས་འཚོལ་དགོས།ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན།ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་།ཀྲུང་གོའི་ཤར་ཕྱོགས་རྒྱ་མཚོའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་དང་བསྡུར་ན།མི་རིགས་ས་ཁུལ་ནི་རྗེས་ལུས་ས་ཁུལ་ཡིན་པ་རེད།མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྟེང་བལྟས་ན།རྩ་བའི་ཐབས་ཇུས་ནི་སྙོམས་སྒྲིག་བྱེད་པ་དེ་རེད།དེ་ལ་དབྱེ་ན་དོ་དམ་སྙོམས་སྒྲིག་དང་།ཞབས་ཞུ་སྙོམས་སྒྲིགམཉམ་སྡེབ་སྙོམས་སྒྲིག་སོགས་རྣམ་པ་མང་པོ་ཡོད།མི་རིགས་ལས་དོན་གྱི་ཁྱབ་ཁོངས་ནང་དུ།ང་ཚོའི་བསམ་གཞིགས་བྱེད་སྟངས་དང་ཐབས་ཇུས་སྐོར་ཞིག་ལ་ངེས་པར་བཅོས་བསྒྱུར་བྱ་དགོས།ང་ཚོའི་ལས་འགན་ནི་མི་རིགས་འབྲེལ་བ་སྙོམས་སྒྲིག་བྱེད་པ་དང་།མི་རིགས་མཐུན་སྒྲིལ་གོང་སྤེལ་བྱེད་པ་ཡིན།མཐུན་སྒྲིལ་གྱི་དམིགས་ཡུལ་ནི་མཉམ་དུ་མཐུན་སྒྲིལ་གྱིས་འབད་བརྩོན་དང་།ཐུན་མོང་གི་ཁྱིམ་གཞིས་མཉམ་འཛུགས།བདེ་སྐྱིད་ཀྱི་འཚོ་བ་མཉམ་རོལ་བྱེད་པ་དེ་ཡིན།མཐུན་སྒྲིལ་གྱི་ཐབས་ཇུས་ནི་རྣམ་པ་སྣ་ཚོགས་ཡོད་ཀྱང་།ང་ཚོས་སྙེག་པའི་མཐུན་སྒྲིལ་ནི་རྩ་དོན་ཡོད་པའི་མཐུན་སྒྲིལ་ཡིན་པ་ལས་རྩ་དོན་མེད་པའི་མཐུན་སྒྲིལ་མིན།རྩ་དོན་ནི་འདྲ་མཉམ་དང་།དམངས་གཙོ།མཉམ་དུ་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ།སྤྱི་ཚོགས་གཏན་འཇགས།མཉམ་དུ་རླབས་ཆེ་བའི་མེས་རྒྱལ་འཛུགས་སྐྲུན་བྱེད་པ་དེ་རེད།འདྲ་མཉམ་བྱེད་པ་ལ་མཐའ་གཅིག་ཏུ་མི་རིགས་ཆེན་པོའི་རིང་ལུགས་དང་གུ་དོག་པའི་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱ་དགོས།དམངས་གཙོ་བྱེད་པ་ལ་ཐུན་མོང་གིས་རང་ཁྱིམ་རང་བདག་དང་།རྒྱལ་ཁབ་དོ་དམ་བྱ་དགོས།གཅིག་གྱུར་སྲུང་སྐྱོབ་བྱེད་པ་ལ་མཐའ་གཅིག་ཏུ་ཁ་བྲལ་ལ་ངོ་རྒོལ་བྱ་དགོས།སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་བྱེད་པ་ལ་གཏུམ་སྤྱོད་འཇིགས་སྐུལ་དང་།ཐལ་དྲགས་པའི་ཆོས་ལུགས་སོགས་མི་ཆོས་དང་།མི་གཤིས།སྤྱི་ཚོགས་ལ་རྒོལ་བའི་བྱ་སྤྱོད་དག་ལ་ངོ་རྒོལ་བྱ་དགོས།མཉམ་དུ་འཛུགས་སྐྲུན་བྱེད་པ་ནི་མི་རེ་རེ་ཡིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་དོན་དུ་འགན་ལེན་དང་འོས་འགན་སྒྲུབ་པ།དེ་བས་ང་ཚོའི་ལས་དོན་གྱི་ཐབས་ཇུས་ནི་ཕྱོགས་གཅིག་ནས་དྲག་པོ་ཡིན་པ་སྟེ།ཁ་བྲལ་ལ་ངོ་རྒོལ་བྱེད་པ་དང་སྟོབས་ཤུགས་ཁག་གསུམ་ལ་ཚ་རྡེག་བྱེད་པ་ལྟ་བུར་ལས་དྲག་པོ་མ་སྤྱད་ན་མི་གཅུན་ལ།ཡང་ཕྱོགས་གཞན་ཞིག་ནས་ཞི་བའི་ཐབས་ཇུས་ཡིན་ཏེ།མི་རིགས་མང་ཚོགས་ལ་ཁ་ཕྱོགས་པའི་དུས་རྒྱུན་གྱི་འཚོ་བ་མང་དག་དོ་དམ་བྱ་བའི་ཐབས་ཇུས།མང་ཚོགས་ལས་དོན་གྱི་ཐབས་ཇུས།མཐུན་སྒྲིལ་སློབ་གསོའི་ཐབས་ཇུས།བསམ་བློའི་ལས་དོན་གྱི་ཐབས་ཇུས་དང་།ཆུང་ཐ་སྐྱོབ་པ།ཉམ་ཆུང་སྐྱོབ་པ།ནད་ལས་སྐྱོབ་པའི་ཐབས་ཇུས་སོགས་ལྟ་བུ།འདི་ནི་བྱ་དངོས་འཕེལ་རྒྱས་ཀྱི་ངོས་གཉིས་ཀྱིས་ཐག་བཅད་པ་ཡིན་ཏེ།དེ་ནི་གླུ་གཞས་ཁྲོད་དུ་”འཕར་སྤྱང་སླེབས་ན་རྔོན་མདས་བསུ་མ་བྱེད།”ཅེས་དང་”གྲོགས་པོ་སླེབས་ན་བདུད་རྩི་ཆང་གིས་བསུ”ཅེས་པ་ལྟར།ཁྱེད་ཀྱིས་མེ་མདའ་མ་འཆང་ན་འཕར་སྤྱང་གིས་ཁྱེད་ཀྱི་སྲོག་འཕྲོག་ཉེན་ཡོད་པས།ཆང་དང་མེ་མདའ་གཉིས་ཀ་ཕྱོགས་གཅིག་ཏུ་ཐལ་བར་མི་རིགས་སོ། །fd6

ལྔ།fd6

ཁོར་ཡུག་གིས་ཐབས་ཇུས་ཐག་གཅོད་པ་ཡིན།རྩ་བའི་མི་རིགས་ཀྱི་གནས་ཚུལ་ནི་ང་ཚོས་ཀྲུང་གོའི་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་རྨང་གཞི་ཡིན་པས།ངེས་པར་དུ་ང་ཚོས་ཁོར་ཡུག་གི་ཆ་རྐྱེན་གང་འདྲ་ཞིག་གི་འོག་ཏུ་བྱ་བ་སྒྲུབ་ཀྱི་ཡོད་པར་ལན་འདེབས་དགོས།ཁོར་ཡུག་གི་ཆ་རྐྱེན་གང་འདྲ་ཞིག་གི་འོག་ཏུ་བྱ་བ་སྒྲུབ་ཀྱི་ཡོད་པ་གསལ་བོར་རྟོགས་ན།ད་གཟོད་ཐབས་ཇུས་ཅི་འདྲ་ཞིག་སྤྱད་ན་བྱ་བ་ལེགས་པོར་སྒྲུབ་ཐུབ་པའི་གནད་དོན་ཐག་གཅོད་བྱ་ཐུབ།fd6

དེ་བས་ན་རྩ་བའི་མི་རིགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱ་རྒྱུ་དེ་རྨང་གཞིར་འཛིན་དགོས།རྒྱུ་མཚན་ནི་རྩ་བའི་མི་རིགས་ཀྱི་གནས་ཚུལ་རྒྱུས་མ་ལོན་ན་བྱ་བ་སྒྲུབ་ཐབས་མེད་པ་དང་།དམིགས་གཏད་རང་བཞིན་གྱི་བྱ་བ་དེ་ལས་ཀྱང་སྒྲུབ་ཐབས་མེད་པ་རེད།གནད་དོན་འདིས་དོན་དངོས་ཐོག་རིམ་པ་གཉིས་ལ་འབྲེལ་ཡོད་དེ།fd6

གཅིག་ནི་རྒྱལ་ཁབ་ཧྲིལ་པོའི་མི་རིགས་ཀྱི་གནས་ཚུལ་རེད།རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་བརླིང་གི་ངོས་ནས་བལྟས་ན།རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་ཁུལ་གྱིས་རྒྱལ་ཁོངས་རྒྱ་ཁྱོན་གྱི་64%ཟིན་ཡོད་པ་དང་།64%དེ་གཏན་འཇགས་མ་ཡོང་བ་ཡིན་ན་རྒྱལ་ཁབ་གཏན་འཇགས་ཡོང་སྲིད་དམ།ཡང་རང་རྒྱལ་གྲངས་ཉུང་མི་རིགས་མི་གྲངས་ཀྱིས་རྒྱལ་ཡོངས་སྤྱིའི་མི་གྲངས་ཀྱི་8.49%ཟིན་པ་དང་།མི་གྲངས་དུང་ཕྱུར་1.14ཡོད།མི་གྲངས་དུང་ཕྱུར་1.14གཏན་འཇགས་མ་ཡོང་བ་ཡིན་ན་རྒྱལ་ཁབ་གཏན་འཇགས་ཡོང་སྲིད་དམ།ལན་གསལ་བོ་ཡིན་པ་དེ་རེད།ང་ཚོའི་མི་རིགས་སྲིད་ཇུས་ནི་རང་རྒྱལ་མི་རིགས་གནས་ཚུལ་གྱི་རྨང་གཞིའི་སྟེང་གཏན་འབེབས་གནང་བའི་སྲིད་ཇུས་རེད།དེའི་རྐྱེན་གྱིས་རང་རྒྱལ་གྱི་མི་རིགས་གནས་ཚུལ་མ་རྟོགས་ན།རང་རྒྱལ་གྱི་མི་རིགས་སྲིད་ཇུས་ཀྱི་གལ་གནད་རང་བཞིན་དང་།ཏང་གིས་བཙུགས་པའི་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་དེ་མེད་དུ་མི་རུང་བ་ཞིག་ཡིན་པའི་དངོས་ཡོད་ཀྱི་དོན་སྙིང་ཡང་རྟོགས་པར་དཀའ།ས་ཁོངས་ནི་ཐོན་ཁུངས་ཁོར་ཡུག་དང་འབྲེལ་ཡོད་པ་ཞིག་རེད།ཀྲུང་གོ་ནི་རིགས་སོ་སོའི་མི་དམངས་མཉམ་དུ་འཚོ་སྡོད་བྱེད་པའི་ཁྱིམ་གཞིས་ཤིག་ཡིན་ལ།རིགས་སོ་སོའི་མི་དམངས་རྣམས་གཅིག་སྲོག་གཅིག་ལ་བརྟེན་ནས།འབྲལ་མེད་ངང་ཡབ་མེས་ཡང་མེས་ནས་མཉམ་དུ་བཙུགས་པའི་རྒྱལ་སྲིད་ཅིག་ཡིན།fd6

གཉིས་ནི་བྱེ་བྲག་གི་མི་རིགས་གནས་ཚུལ་རེད།ཀྲུང་གོས་རྒྱ་རིགས་ཕུད་པའི་མི་རིགས་གཞན་དག་ལ་”གྲངས་ཉུང་མི་རིགས་”ཞེས་དབྱེ་མཚམས་འབྱེད་པ་རེད།དོན་དངོས་ཐོག་མང་པོ་དང་ཉུང་ངུ་ཡང་ལྟོས་བཅས་ཀྱི་དོན་ཞིག་རེད།ང་རང་རྒྱལ་ཁབ་ག་གེ་མོར་འཚམས་འདྲིར་སོང་ནས།རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཆེས་མང་ཤོས་ལ་མི་གྲངས་བྱེ་བ་གཅིག་དང་ས་ཡ་དྲུག་(ཁྲི་1600)ཡོད་ཅེས་མཚམས་སྦྱོར་བྱེད་སྐབས་ཁོ་ཚོས་མགོ་བོ་གཡུགས་སོང་།ཡང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྱོན་བསྡོམས་དུང་ཕྱུར་གཅིག་ལྷག་ཡོད་ཅེས་བཤད་དུས།ཁོ་ཚོ་ཧ་ལས་ནས་མགོ་བོ་གཡུགས་སོང་།ངས་རྒྱལ་ཁབ་དེའི་མི་གྲངས་སྐོར་གྱི་དྲི་བ་འདྲི་དུས་ད་གཟོད་རྒྱལ་ཁབ་དེར་ཁྱོན་བསྡོམས་མི་གྲངས་ས་ཡ་འགའ་ལས་མེད་པ་རྟོགས།རྗེས་ནས་ངས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་གྲངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་དུས།མི་གྲངས་ས་ཡ་ལྔ་མན་གྱི་རྒྱལ་ཁབ་ཉུང་ཉུང་མ་རེད།འཛམ་གླིང་ལ་བལྟས་ན་ང་ཚོས་ཐོག་མར་མཐོང་བ་ནི་མི་དང་།མི་རིགས།རྒྱལ་ཁབ།ཆོས་ལུགས།རིག་གནས་སོགས་རེད།མི་ཡོད་ཚད་གཅིག་འདྲ་ཞིག་ཨེ་རེད།དེ་ལ་ལན་གཉིས་ཡོད་དེ།ཐོག་མར་ཚང་མ་གཅིག་འདྲ་ཞིག་རེད།ཚང་མ་མི་རེད།དབང་བོ་ལྔ་དང་ཡན་ལག་བཞི།ཟ་འཐུང་སྙིགས་འདོར་གཅིག་པ་རེད།ཅི་ཞིག་མ་གཅིག་པ་རེད་དམ།གཅིག་འདྲ་རེད་ཟེར་བ་ནི་སྤྱིར་བཏང་རང་བཞིན་རེད།གཅིག་འདྲ་མ་ཡིན་ན་དེ་ལ་མི་ཞེས་བརྗོད་མི་རུང་བ་རེད།གཞན་ཞིག་ནི་གཅིག་འདྲ་མ་ཡིན་པ་དེ་རེད།སྐྱི་པགས་ཀྱི་ཁ་དོག་མི་འདྲ་སྟེ།དཀར་པོ་དང་ནག་པོ།སེར་པོ་དང་རྫ་མདོག་ཡོད་པ་རེད།ཡང་ཞིབ་ཏུ་བལྟས་ན་མི་དང་མི་ཡོངས་སུ་འདྲ་བ་ཞིག་ཡོད་པ་མ་རེད།སྡོད་གནས་དང་།སྐད་ཆ།ཆོས་ལུགས།རིག་གནས།སེམས་ཁམས་དེ་ལས་ཀྱང་ཁྱད་པར་ཡོད་པ་རེད།འདི་ནི་མིའི་བསམ་འདུན་ལྟར་སྒྱུར་ཆོག་པ་ཞིག་མ་རེད།རྒྱུ་མཚན་ནི་རྒྱལ་ཁབ་དང་མི་རིགས་གྲུབ་སྟངས་ལ་མཚུངས་ཆོས་ཤིག་ཡོད་པ་ནི་རང་བྱུང་དུ་གྲུབ་པ་དེ་ཡིན་ཏེ།ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་ལྟར་སུས་ཀྱང་བཀག་འགོག་བྱེད་མི་ཐུབ་པ་རེད།འཕེལ་རྒྱས་ཀྱང་དེ་དང་འདྲ་བར་ཁ་ཤས་མགྱོགས་ལ།ཁ་ཤས་དལ་མོ་རེད།དེའི་རྐྱེན་གྱིས་ཁ་ཤས་ཆེན་པོ་དང་ཧ་ཅང་ཆེན་པོ།ཁ་ཤས་ཆུང་ངུ་དང་ཐ་ན་ཤིན་ཏུ་ཆུང་བ་ཡང་ཡོད་པ་རེད།fd6

གཅིག་འདྲ་མིན་ན་ཇི་ལྟར་བྱའམ།ལྡེ་མིག་གཅིག་གིས་ཟྭ་གཅིག་འབྱེད་དགོས་པ་རེད།མི་མང་པོ་ཞིག་གིས་མི་རིགས་ཀྱི་ཁྱད་ཆོས་འདི་དག་སྣང་མེད་བྱེད་ཀྱི་ཡོད།དོན་དངོས་ཐོག་འདི་ནི་ནུས་ལྡན་དང་སྤྱོད་ཆོག་པའི་བདེན་ལུགས་ཤིག་རེད།འདི་ལ་གོ་འཛོལ་གསུམ་བྱུང་ཡོད་པ་སྟེ།གཅིག་ནི་དད་མོས་འདྲ་ན་གཞན་ཐམས་ཅད་གཅིག་མཚུངས་སུ་འདོད་པ།དོན་དངོས་ཐོག་དེ་འདྲ་མ་ཡིན་ཏེ།རང་རྒྱལ་དུ་དད་མོས་གཅིག་མཚུངས་ཡིན་པའི་གྲངས་ཉུང་མི་རིགས་ཀྱང་ཉུང་ཉུང་མ་རེད།དཔེར་ན་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པའི་གྲངས་ཉུང་མི་རིགས་བཅུ་ཡོད་པ་དང་།དེ་བཅུ་བོའི་མི་རིགས་ཀྱི་གནས་ཚུལ་ཐ་དད་ཡིན་པ་རེད།ཡང་བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་མཁན་གྱི་མི་རིགས་ཀྱང་མང་པོ་ཡོད་དེ།སོག་པོ་དང་།ཧོར་རིགས།བོད་རིགས་སོགས་ཡོད།དེ་དག་གི་གནས་ཚུལ་ཡང་ཐ་དད་རེད།གཉིས་ནི་སྐད་རིགས་འདྲ་མཚུངས་ཡིན་ན་ཐམས་ཅད་གཅིག་མཚུངས་སུ་འདོད་པ།དོན་དངོས་ཐོག་དེ་འདྲ་ཡང་མ་ཡིན་ཏེ།ད་ལྟ་རྒྱ་རིགས་དང་མན་ཇུ་རིགས།ཧའེ་རིགས་སོགས་ཚང་མས་རྒྱའི་སྐད་དང་ཡི་གེ་སྤྱོད་བཞིན་ཡོད།འོ་ན་ཁོ་ཚོའི་མི་རིགས་རང་བཞིན་གཅིག་མཚུངས་ཡིན་ནམ།གཅིག་མཚུངས་མ་ཡིན་ནོ། གསུམ་ནི་ཐོན་སྐྱེད་འཚོ་བའི་རྣམ་པ་འདྲ་ན་གཞན་ཐམས་ཅད་རང་བཞིན་གྱིས་གཅིག་མཚུངས་ཡིན་པར་འདོད་པ།དོན་དངོས་ཐོག་དེ་འདྲ་ཡང་མ་ཡིན་ཏེ།བྱང་ཕྱོགས་སུ་ཕྱུགས་ལས་གཉེར་བའི་མི་རིགས་མང་པོ་ཡོད་པ་དང་།ལྷོ་ཕྱོགས་སུ་ཞིང་ལས་གཉེར་བའི་མི་རིགས་ཀྱང་མང་པོ་ཡོད།འོན་ཀྱང་དེ་རྣམས་གཅིག་མཚུངས་མ་རེད།ཟུར་ཚད་གཞོགས་གཅིག་གི་ངོས་འཛིན་དང་གདེང་འཇོག་ལ་ཚད་བཀག་རང་བཞིན་ཡོད་པ་རེད།མི་རིགས་ཀྱི་འཕེལ་རྒྱས་ནི་ལོ་ངོ་སྟོང་ཕྲག་དང་སྟོང་ཕྲག་འགའི་ལོ་རྒྱུས་བརྒྱུད་པ་ཡིན་ཕྱིར་ཡོངས་སུ་འདྲ་བ་ཞིག་ཡིན་སྲིད་དམ།ཡོངས་སུ་མཚུངས་པར་འདོད་པ་ནི་ང་ཚོའི་རེ་སྨོན་ཡག་པོ་ཞིག་རེད།རེ་སྨོན་འདི་རིགས་ལ་ཡང་རང་བཞིན་གྱིས་ཚད་བཀག་རང་བཞིན་ཆེན་པོ་ཡོད་པ་རེད།fd6

ཐེངས་འདིའི་ཀྲུང་དབྱང་གི་མི་རིགས་ལས་དོན་གྱི་ཚོགས་འདུའི་སྟེང་དུ།བློ་མཐུན་ཞི་ཅིན་ཕིན་གྱིས་ཀྲུང་གོའི་མི་རིགས་ཀྱི་གནས་ཚུལ་གཏིང་ཟབ་སྒོས་རྒྱུས་ལོན་བྱ་དགོས་པར་ནན་བཤད་གནང་ཡོད་དེ།fd6

གཅིགམི་རིགས་མང་བ་ནི་ཁྱད་ཆོས་དང་།སྒུལ་ཤུགས་ཡིན་པར་མངོན་གསལ་སྒོས་ནན་བཤད་བྱས་པ།མི་རིགས་ས་ཁུལ་དུ་”ཁུལ་མང་པོ་”གཅིག་ཏུ་འདུས་པ་ནི་རྒྱལ་ཁབ་ཀྱི་ཆ་རྐྱེན་གལ་ཆེན་ཞིག་དང་།འཕེལ་རྒྱས་ཀྱི་མཐུན་རྐྱེན་ཆེན་པོ་ཞིག་རེད།མི་རིགས་ས་ཁུལ་མང་ཤོས་ཀྱི་རང་བྱུང་ཆ་རྐྱེན་ཞན་པ་དང་།འཕེལ་རྒྱལ་གྱི་དབུ་ཚུགས་ས་དམའ་བ།ལོ་རྒྱུས་ཀྱི་བུ་ལོན་མང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་བར་ཁྱད་མངོན་གསལ་ཡིན་པ།ཤར་ཕྱོགས་ས་ཁུལ་གྱི་འཕེལ་རྒྱས་དང་བསྡུར་ན་བར་ཁྱད་སྔོན་ལྟར་ཆེ་བས།མུ་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་བྱ་དགོས།fd6

གཉིས།  ཀྲུང་ཧྭ་མི་རིགས་ནི་ལས་དབང་མཉམ་འདུས་ཀྱི་ཕུང་པོ་གཅིག་ཡིན་པ་ངོས་ཟིན་གང་ལེགས་བྱ་དགོས་པར་མངོན་གསལ་སྒོས་ནན་བཤད་བྱས་པ།fd6

གསུམ།  མི་རིགས་ལས་དོན་བཟང་པོར་སྒྲུབ་པ་ནི་མི་རིགས་ལས་དོན་གྱི་ལོ་རྒྱུས་དང་དངོས་ཡོད་ཁྲོད་ཀྱི་གལ་ཆེའི་གནས་ཡུལ་གྱིས་ཐག་བཅད་པ་ཡིན་པ་ངོས་ཟིན་གང་ལེགས་བྱ་དགོས་པར་མངོན་གསལ་སྒོས་ནན་བཤད་བྱས་པ།མི་རིགས་གནད་དོན་ཐག་གཅོད་ལེགས་པོ་དང་།མི་རིགས་ལས་དོན་བཟང་པོར་སྒྲུབ་པ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་ཡོང་བའི་དོན་ཆེན་དང་འབྲེལ་བ།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ཀྱི་དོན་ཆེན་དང་འབྲེལ་བ།རྒྱལ་ཁབ་ཀྱི་ཡུན་རིང་གཏན་འཇགས་དང་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བའི་དོན་ཆེན་དང་འབྲེལ་བ་ཡིན།fd6

བཞི། རྒྱལ་ཁབ་ཀྱི་གནས་ཚུལ་ཡིད་ལ་བརྟན་པོར་བཅངས་ནས།རིགས་སོ་སོའི་མི་དམངས་མཐུན་སྒྲིལ་གྱིས་ཐུན་མོང་གི་དམིགས་ཡུལ་དོན་དུ་འབད་བརྩོན་བྱ་དགོས་པར་མངོན་གསལ་སྒོས་ནན་བཤད་བྱས་པ།ཏང་ཡོངས་ཀྱིས་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་ཞིག་ཡིན་པའི་གནས་ཚུལ་འདི་ཡིད་ལ་བརྟན་པོར་བཅངས་པ་དང་།མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་དང་རྒྱལ་ཁབ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དེ་མི་རིགས་སོ་སོའི་ཆེས་མཐོ་བའི་ཁེ་ཕན་དུ་རྩིས་ནས།རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་ནུས་སྟོབས་གཅིག་ཏུ་སྒྲིལ་ནས།བློ་གཅིག་སེམས་གཅིག་གིས་”ལོ་ངོ་བརྒྱ་ཕྲག་གཉིས་”ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུརཡོང་ཆེད་འབད་འཐབ་བྱ་དགོས།fd6

དྲུགfd6

བརྩེ་དུང་གིས་ཐབས་ཇུས་ལ་ཤུགས་རྐྱེན་ཡོད་པ།ཡང་ན་རྣམ་འགྱུར་གྱིས་གཏན་འབེབས་ལ་ཤུགས་རྐྱེན་ཡོད་པ་རེད།ཐབས་ཇུས་དེ་རྣམ་འགྱུར་དང་བརྩེ་དུང་ལ་རག་ལས་པས་རྣམ་འགྱུར་རྩུབ་མོ་ཞིག་ལ་ཐབས་ཇུས་ལེགས་པོ་ཞིག་ཡོད་མི་སྲིད་པ་དང་།དགྲར་འཛིན་གྱི་བརྩེ་དུང་ཞིག་ལ་ཞི་མཐུན་གྱི་ཐབས་ཇུས་ཤིག་ཡོད་སྲིད་པ་མ་རེད།fd6

དགྲ་རུ་འཛིན་པ་དང་།མཐོང་ཆུང་བྱེད་པ་དོར་ནས།འདྲ་མཉམ་དང་།མཉམ་གནས་མཉམ་དར་ལ་བསྟུན་པ་ནི་མི་རིགས་འབྲེལ་བ་ཡོད་ཚད་ཀྱི་རྨང་གཞི་ཡིན།ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་ས་ཡང་འདྲ་མཉམ་གྱིས་མཉམ་གནས་ཀྱི་གནད་དོན་ཐག་གཅོད་པ་དེ་རེད།ཆེན་པོས་ཆུང་ངུ་ལ་མི་འཚེ་བ་དང་།བཙན་པོས་གཉོམ་ཆུང་ལ་མི་བརྙས་པ།མཐུན་སྒྲིལ་གྱིས་མཉམ་དར་གྱི་གནད་དོན་ཐག་བཅད་ནས།གྲངས་ཉུང་མི་རིགས་གཅིག་ཀྱང་མི་བསྐྱུར་བ་ཡིན།བསམ་བློ་དང་བྱེད་ཐབས་འདི་རིགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གྲངས་མེད་ཅིག་ལ་སེམས་འགུལ་ཐེབས་དང་ཐེབས་བཞིན་ཡོད་ལ།འགུག་ཤུགས་ཀྱང་དྲག་པོ་ཡོད་པ་རེད།fd6

དོན་དག་གི་ཕྱོོགས་ཡོངས་ལ་གཞིགས་ན་བྱས་འབྲས་ཇི་སྲིད་བར་དུ་གནས་པ་ཡིན་པས།མི་རིགས་ལས་དོན་སྒྲུབ་ན་ང་ཚོར་ཁོག་རྒྱ་ཆེན་པོ་དགོས།མི་རིགས་ལ་རྐང་བཙུགས་ནས་མི་རིགས་ལས་ཐོད་བརྒལ་བྱ་དགོས།ལོ་རྒྱུས་དང་དངོས་ཡོད་ལ་རྐང་བཙུགས་ནས་ལོ་རྒྱུས་དང་དངོས་ཡོད་ལས་ཐོད་བརྒལ་བྱ་དགོས།སྔོན་གྱི་བུ་ལོན་རྙིང་པ་དང་ད་ལྟའི་བུ་ལོན་གསར་པ་ཁོག་ཏུ་མ་བཅངས་པར།མི་རིགས་ཡོངས་ཀྱི་ཆེད་དུ་མ་གཏོགས་རང་མི་རིགས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ་མ་ཡིན་པ།རང་མི་རིགས་ཀྱི་སྒེར་སེམས་མ་བཟུང་བར་དྲང་བོ་དྲང་བཞག་དང་།ཕྱི་གསལ་ནང་གསལ།ལས་གང་ཡིན་མཐུན་སྒྲིལ་དང་།གནས་གང་སར་འཆམ་མཐུན་བཤད་དགོས་པ་ཡིན།དེ་དང་མཉམ་དུ་མཐོང་རྒྱ་ཡངས་པོ་དང་།གཏིང་ཟབ།རྒྱང་རིང་དུ་བསྲིངས་དགོས་ཏེ།ཡངས་བོའི་མཐོང་རྒྱ་ནི་རང་ཉིད་དང་རང་མི་རིགས་ཀྱི་དོན་ཕྲན་ཚེགས་དེར་བལྟ་བ་མ་ཡིན་པར་འཛམ་གླིང་ལ་བལྟ་བ།མིའི་རིགས་ལ་བལྟ་བ།འཕེལ་རྒྱས་ལ་བལྟ་བ།མ་འོངས་པར་བལྟ་བ།སེམས་ཀྱི་འོད་སྣང་ལ་བལྟ་བ།ཤེས་རིག་གི་འཕེལ་རྒྱས་ལ་བལྟ་དགོས།མཐོང་རྒྱ་གཏིང་ཟབ་མོ་ནི་འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས།འཆམ་མཐུན་ལ་བལྟ་བ་རེད།མཐོང་རྒྱ་རྒྱང་རིང་བོ་ནི་མཉམ་དུ་མེས་རྒྱལ་འཛུགས་སྐྲུན་དང་།མཉམ་དུ་རང་ཁྱིམ་རང་བདག་བྱེད་པ།མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པ།མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བ་ཡིན།དོན་དག་ལ་འཕྲད་ཚེ་ཕྱོགས་ཡོངས་ལ་བལྟ་བ་ལས་བྱེ་བྲག་པར་མི་འཇུག་པ།མ་འོངས་པར་མང་དུ་བལྟ་བ་དང་འདས་སོང་ལ་ཉུང་ངུར་བལྟ་བ།དྲང་ཕྱོགས་སུ་མང་དུ་བལྟ་བ་དང་ལྡོག་ཕྱོགས་སུ་ཉུང་ངུར་བལྟ་བ།རང་སྐྱོན་མང་དུ་བཅའ་བ་དང་གཞན་ལ་ལེ་བདའ་བྱེད་པ་ཉུང་ཉུང་བྱ་དགོས།fd6

བདེན་པ་དང་ལྷག་བསམ།ཡིད་རྟོན་ཀྱིས་སེམས་འགུལ་ཐེབས་སུ་འཇུག་དགོས།ལྷག་བསམ་དང་ཁ་དན་ཚིག་ལ་གནས་པ་ཡང་མི་རིགས་ལས་དོན་གྱི་གཞི་རྩའི་ཐབས་ཇུས་རེད།བརྩེ་དུང་མེད་པའི་ལས་དོན་ནི་ཕུགས་འབྲས་མེད་པ་དང་།བརྩེ་དུང་མེད་པའི་འབྲེལ་འདྲིས་ནི་མཇུག་འབྲས་མེད་པ་ཡིན།ཐོག་མ་ནས་བཟུང་སྟེ་བརྩི་བཀུར་དང་འདྲ་མཉམ།བརྩེ་བའི་དྲོད་ཁོལ་ཡོད་པ།ཟོལ་མེད་ཡིད་རྟོན་བྱ་དགོས།མི་སེམས་ཡོད་ཚད་ཤ་ཁྲག་གིས་གྲུབ་པ་ཡིན་ཕྱིར།འདི་ལྟར་ལས་དོན་སྒྲུབ་ན།ནམ་ཞིག་”བསམ་པ་རྣམ་དག་བྱས་གྱུར་ན།།ལྷུན་པོ་ཡིན་ཡང་སེམས་པ་སྒུལ།།”ཞེས་པའི་ཉི་མ་ཞིག་ཡོད་ངེས་རེད།ཁྱད་པར་དུ་ང་ཚོ་གདོང་གཏོད་ས་ནི་ཉམ་ཆུང་གི་མང་ཚོགས་ཡིན་པས།ཁོང་ཚོར་ཐུགས་འཁུར་བྱེད་པ་ནི་ཏག་ཏག་རྒྱལ་ཁབ་ཀྱི་མ་འོངས་པར་ཐུགས་འཁུར་བྱེད་པ་རེད།རྒྱུ་མཚན་ནི་ཆུང་ཐ་དང་།ཉམ་ཆུང་།ནད་པ་ལ་རོགས་རམ་བྱེད་པ་ནི་རྒྱལ་ཁབ་ཧྲིལ་བོའི་དགོས་མཁོ་ཡིན་པ་དང་།རྒྱལ་ཁབ་ཅིག་གི་ཤེས་རིག་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད།ང་ཚོས་བསམ་བློའི་ངོས་འཛིན་མི་འཚམ་པ་དང་།ནུས་སྟོབས་ཀྱི་བྱང་ཚད་མི་འཚམ་པ།བྱ་བའི་བྱེད་ཕྱོགས་མི་འཚམ་པའི་རྣམ་པ་རྩ་བ་ནས་བསྒྱུར་དགོས་སོ།།fd6

བདུན།fd6

ཤེས་རྒྱའི་ཟབ་ཡངས་ཀྱི་ཚད་ནི་ཐབས་ཇུས་ཀྱིས་གནད་ཁེལ་ཚད་ཡིན་པ་རེད།ཤེས་ཡོན་ནི་འབྲེལ་ཟམ་ཡིན་པ་དང་།ཤེས་པའི་ཟབ་ཚད་ནི་བསམ་བློའི་མཐོ་ཚད་དང་།ཤེས་པའི་ཆུ་ཚད་ནི་ལས་སྒྲུབ་ཀྱི་ཆུ་ཚད་ཡིན།དེས་ན་མཐོ་ཚད་དང་ཆུ་ཚད་གཉིས་ཐབས་ཇུས་སུ་བསྒྱུར་བ་ཡིན་ན།དེ་ནི་བློ་གྲོས་དང་ནུས་སྟོབས་རེད།ཤེས་རྟོགས་ཀྱི་གནད་ལ་ཤེས་ཡོན་གྱི་རྨང་གཞི་དགོས་པ་རེད།ཡོད་ཚད་དངོས་ཡོད་ནས་མགོ་རྩོམ་པ་དང་དངོས་ཐོག་བདེན་འཚོལ་བྱེད་དགོས།ཐབས་ཇུས་ཀྱིས་གཞུང་ལུགས་དང་།བཅའ་ཁྲིམས།སྲིད་ཇུས་ལ་བརྩི་འཇོག་བྱ་དགོས།fd6

ཀྲུང་གོའི་མི་རིགས་སྲིད་ཇུས་ཀྱི་ལམ་བུ་ནི་སུའུ་ལེན་གྱི་དཔེ་རྣམ་མིན་ལ།ཡོ་རོབ་དང་ཨ་མེ་རི་ཁའི་དཔེ་རྣམ་ཡང་མ་རེད།ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་སའི་གནས་ཀྱང་ཚན་རིག་གི་ཆོས་ཉིད་དང་བསྟུན་པ།ཀུན་གྱི་བཟང་ཕྱོགས་ཚུར་བསྡུ་བ།དངོས་ཐོག་བདེན་འཚོལ།རང་ཉིད་ཀྱི་དངོས་ཡོད་ནས་བརྩམས་ཏེ་རང་གི་ལམ་བུ་སྙེག་པ་དེ་རེད།fd6

གཅིག་ནས་གཏིང་ཟབ་སྒོས་ཀྲུང་གོའི་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩའི་ཆོས་ཉིད་རྟོགས་པ་དང་།ཚན་རིག་སྒོས་ཀྲུང་གོའི་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩའི་ལོ་རྒྱུས་ཀྱི་ཁ་ཕྱོགས་རྟོགས་པ།སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་ཀྲུང་གོའི་མི་རིགས་གནས་པའི་གཞི་རྩའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཡིན་ལ།དུས་རིམ་འདི་ནི་མི་རིགས་སོ་སོོ་དར་རྒྱས་གོང་འཕེལ་འགྲོ་བའི་དུས་སྐབས་ཡིན་པ་ལས།མི་རིགས་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་ནི་མ་ཡིན་ནོ།།fd6

གཉིས་ནས་མི་རིགས་གནད་དོན་ལ་གནས་པའི་ཡོངས་ཁྱབ་རང་བཞིན་དང་།ཡུན་རིང་རང་བཞིན།རྙོག་འཛིང་རང་བཞིན།རྒྱལ་སྤྱིའི་རང་བཞིན།གཙོ་གནད་རང་བཞིན་ཏེ།མི་རིགས་ཀྱི་”རང་བཞིན་ལྔ་བོ་”འདི་རྗེན་པར་རྟོགས་དགོས།འདི་ཡང་ང་ཚོས་མི་རིགས་ལས་དོན་བཟང་བོར་སྒྲུབ་པའི་རྨང་གཞི་ཞིག་ཡིན།“རྒྱལ་སྤྱིའི་རང་བཞིན་དང་གཙོ་གནད་རང་བཞིན་”གཉིས་ནི་ཀུན་ལ་རྒྱུས་རྟོགས་ཡོད་ཀྱང་།དེ་ལས་གཞན་པའི་”རང་བཞིན་གསུམ་པོ་”དེར་ཤེས་རྟོགས་བྱས་པ་མི་འདང་བ་དང་ཚད་ལྡན་མིན་པའི་གནད་དོན་འདུགཁྱད་པར་དུ་མི་རིགས་ལ་གནས་པའི་ཡུན་རིང་རང་བཞིན་ལ་ཤེས་རྟོགས་བྱས་པ་ཚད་ལྡན་མིན་པས།ང་ཚོའི་བསམ་བློ་གཏོང་ཕྱོགས་དང་།འདེགས་སྐྱོར་གྱི་གནས།ཤུགས་རྒྱག་ས་དང་ཐབས་ཇུས་གདམ་ག་བྱེད་པར་ཤུགས་རྐྱེན་ཡོད་པ་རེད།fd6

མི་རིགས་ནི་མཇུག་མཐར་ཉམས་རྒུད་དུ་འགྲོ་བ་ཞིག་ཡིན་ཡང་།དེ་ནི་ཡུན་རིང་ཡུན་རིང་ཞིག་གི་བརྒྱུད་རིམ་རེད།ཡུན་རིང་རང་བཞིན་དེ་ཤེས་རྟོགས་བྱ་དགོས་ན་ཆོས་ཉིད་ནས་མགོ་བརྩམས་ཏེ་གནད་དོན་ལ་བསམ་བློ་གཏོང་བ།རྒྱང་རིང་ལ་འཆར་གཞི་འགོད་པ་དང་ཡུན་རིང་རྒྱུན་འཁྱོངས་བྱེད་པ།བྲེལ་འཚུབ་བྱ་མི་རུང་བ་དང་ཡོངས་རྫོགས་གནས་སྐབས་ཀྱི་བྱེད་ཐབས་སུ་སྤྱོད་མི་རུང་བ།ཇི་ལྟར་བྱས་ནས་གཅིག་ལ་གཅིག་བརྟེན་གྱིས་“མི་ཚེ་མཐའ་འཁྱོལ་”ཡོང་བར་བསམ་གཞིགས་བྱ་དགོས།ཀྲུང་གོའི་མི་རིགས་སོ་སོའི་”མི་ཚེ་མཐའ་འཁྱོལ་”ཡོང་བར་དོན་ངོ་མར་དུས་ཚོད་ག་ཚོད་དགོས་པ་ཡིན་ཞེ་ན།ངས་བསམ་ན་སུས་ཀྱང་གསལ་བོ་བརྗོད་ཐུབ་ཀྱི་མ་རེད།འོན་ཀྱང་འདི་ནི་ཧ་ཅང་ཡུན་རིང་བོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་གསལ་བོ་རེད།ཉུང་མཐའ་ཡང་ལོ་ངོ་བརྒྱ་ཕྲག་འགའ་འམ་ཐ་ན་སྟོང་ཕྲག་འགོར་དགོས་པ་ལས་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་ཐུབ་པ་ཞིག་ཡིན་མི་སྲིད།ང་ཚོས་མི་རིགས་འདྲ་མཉམ་དང་།མཐུན་སྒྲིལ།རོགས་རེས།མཆམ་མཐུན་གྱི་རྨང་གཞིའི་སྟེང་ནས་གནད་དོན་འདི་ལ་བསམ་གཞིགས་བྱ་དགོས།བུ་རབས་ཚ་རྒྱུད་ཀྱི་འདྲ་མཉམ་མཐུན་སྒྲིལ་དང་།མཉམ་གནས་མཉམ་དར་སྟེང་ནས་གནད་དོན་འདི་ལ་བསམ་གཞིགས་བྱ་དགོས།མུ་མཐུད་འགལ་བ་ཞི་འདུམ་བྱེད་པ་ལས་འགལ་བ་གསོག་དགོས་པ་མ་རེད།འགལ་ཆ་སེལ་དགོས་པ་ལས་འགལ་ཆ་བཟོ་དགོས་པ་མ་རེད།མཛའ་མཐུན་གོང་སྤེལ་གཏོང་བ་ལས་འཁོན་སྡང་གསོག་དགོས་པ་མ་རེད།གཅིག་འདུས་ཀྱི་ནུས་ཤུགས་ཇེ་དྲག་གཏོང་བ་ལས་སིལ་བུར་འཐོར་བའི་ནུས་ཤུགས་སྐྱེད་པ་མ་རེད།སེམས་བག་ལྷོད་པོའི་ངང་རྒྱང་རིང་ལ་དམིགས་ཏེ།ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་བཏོན་པའི་སྲིད་ཇུས་རེ་རེ་བྱ་བའི་བྱེ་བྲག་གི་ཞིབ་ཕྲའི་སྟེང་བསྟར་ནས།དོན་གཅིག་རེ་གཅིག་རེ་དམ་པོར་བཟུང་ནས་ཁབ་གསོག་འབུག་གི་ཚུལ་དུ་གྲངས་ཀྱི་འགྱུར་བ་ནས་ངོ་བོའི་འགྱུར་བ།རྒྱལ་ཁ་ཆུང་ངུ་གསོག་ནས་ཆེན་པོ་ལེན་པ་དང་།འབད་བརྩོན་ཧུར་ཐག་བྱ་དགོས།ཡུན་རིང་རང་བཞིན་ཤེས་རྟོགས་བྱེད་པ་ལ་མར་ཁེ་སི་རང་ལུགས་པའི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་མཐོང་རྒྱ་དང་ཡངས་པའི་ཁོག་རྒྱ་དགོས་པ་རེད།ང་ཚོས་རང་རྟོགས་སྒོས་འདི་ལྟ་བུའི་ལོ་རྒྱུས་ཀྱི་མཐོང་རྒྱ་དང་ཡངས་པའི་ཁོག་རྒྱ་སློབ་དགོས་ཏེ།དངོས་ཡོད་ཀྱི་ཁྲོད་དུ་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་དགོས་པ་མ་ཟད།དངོས་ཡོད་ཕྱི་རོལ་ཏུ་ཡང་མཐོང་རྒྱ་བསྲིངས་ནས་དོན་དག་ལ་ལྟ་དགོས།ལོ་རྒྱུས་འཕེལ་རྒྱས་ཀྱི་དྲང་ནུས་ཆེད་དུ་རང་ཉིད་ཀྱི་ནུས་པ་གསོལ་འབུལ་བྱ་དགོས་པ་མ་ཟད།རྒྱབ་ཁབ་དང་མི་རིགས་ཀྱི་ཕྱོགས་ཡོངས་ཀྱི་ཁེ་ཕན་ཆེད་དུ་ཁེངས་སྐྱུང་དང་།ཆུང་བཟོད་ཆེ་གཉེར།ཐ་ན་ཡོད་ཚད་བློས་གཏོང་དགོས་པ་ཡིན་ནོ།།fd6

བརྒྱད།fd6

བསམ་ཕྱོགས་ནི་འགྲོ་ཕྱོགས་དང་།ཐབས་ཇུས་ནི་གོམ་སྟབས་ཡིན།མི་རིགས་ནི་སྒེར་ཚུགས་ཀྱི་ཡན་ལག་ཞིག་དང་སོ་སོའི་གནས་ཚུལ་གཅིག་འདྲ་མ་ཡིན་པས།གཅིག་གྱུར་གྱི་དཔེ་རྣམ་ཞིག་གིས་མི་རིགས་ལས་དོན་གྱི་གནད་དོན་ཡོངས་རྫོགས་ཐག་གཅོད་ནུས་པ་ཞིག་མ་རེད།ངས་བསམ་པ་ལ།གནས་ཚུལ་མི་འདྲ་བ་ལ་ཐབས་ཇུས་མི་འདྲ་བ་སྤྱོད་དགོས་པར་བསམ།འདུས་སྡོད་ས་ཁུལ་དང་འདྲེས་སྡོད་ས་ཁུལ་གྱི་གནས་ཚུལ་མི་འདྲ་བ་རེད།མི་རིགས་མི་གྲངས་ཀྱི་བསྡུར་ཚད་10%མན་ནམ།ཡང་ན་30%དང་40%50%ཡན་གྱི་བྱ་བའི་ཐབས་ཇུས་མི་འདྲ་བ་ཁོ་ཐག་རེད།དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་དང་སྤྱི་ཚོགས་འཚར་ལོངས་ཀྱི་ཚུལ་མི་འདྲ་བ།སློབ་གསོ་མྱོང་ཚད་མི་འདྲ་བ།གྲོང་ཁྱེར་དང་ཞིང་སྡེ་མི་འདྲ་བས་ཐབས་ཇུས་ཀྱང་མི་འདྲ་བ་སོ་སོ་ཡོད་ངེས་པ་རེད།fd6

མི་ཚོགས་མི་འདྲ་བ་ལ་ཐབས་ཇུསམི་འདྲ་བ།fd6

 དུས་མི་འདྲ་བ་ལ་ཐབས་ཇུས་མི་འདྲ་བ།  ཁྱབ་ཁོངས་མི་འདྲ་བ་ལ་ཐབས་ཇུས་མི་འདྲ་བ། fd6

དེ་དང་མཉམ་དུ་བྱེ་བྲག་གི་ལས་དོན་ཁྲོད་དུ། ང་ཚོས་ལྷག་པར་དུ་གཤམ་གྱི་གནད་དོན་ཁ་ཤས་ལ་མཉམ་འཇོག་བྱ་དགོས་ཏེ།fd6

གཅིག  ཐོག་མཐའ་བར་གསུམ་དུ་ཏང་གི་དབུ་ཁྲིད་མཐའ་འཁྱོངས་བྱེད་པ།ཏང་འཛུགས་སྐྲུན་བྱས་ཏེ་དོན་དངོས་ཐོག་མི་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་ཚབ་མཚོན་བྱེད་པའི་ཏང་ཞིག་དང་།སྲིད་གཞུང་འཛུགས་སྐྲུན་བྱས་ཏེ་མི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་ཟོལ་མེད་ངང་བརྩི་བཀུར་བྱེད་པའི་སྲིད་གཞུང་ཞིག་ཏུ་འཛུགས་སྐྲུན་བྱེད་པ།fd6

གཉིས། མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ལ་ཆབ་སྲིད་རང་བཞིན་དང་།སྲིད་ཇུས་རང་བཞིན།ཆེད་ལས་རང་བཞིན་དྲག་པོ་ལྡན་པས།དོན་དངོས་ཐོག་མི་རིགས་ལས་དོན་དོ་དམ་གྱི་ཁྲིམས་སྐྱོང་རང་བཞིན་དང་།སྤྱི་ཚོགས་རང་བཞིན།ཚན་རིག་རང་བཞིན་གྱི་འཕེལ་རིམ་དུ་སྐུལ་འདེད་གཏོང་བ།“ཁྱོན་ཡོངས་བཞི་”རྩ་འཛིན་དང་།《རྩ་ཁྲིམས་》རྨང་གཞི།《མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས་》གཙོ་གནད་དུ་བཟུང་སྟེ་ཁྱོན་ཡོངས་ནས་ནུས་པ་ལྡན་པའི་མི་རིགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ།གཅིག་གྱུར་གྱི་རྒྱལ་ཁབ་ཁྲིམས་སྐྱོང་རྩ་དོན་འོག་ཁྲེ་ཙེ་གཅིག་གིས་མི་རིགས་ཡོད་ཚད་ཚད་འཇལ་བྱེད་པ་དང་།བཅའ་ཁྲིམས་ཀྱི་མདུན་དུ་མི་རེ་རེ་འདྲ་མཉམ་ཡིན་པ་སོགས་བྱ་དགོས།fd6

གསུམ། རྒྱལ་ཁབ་ཧྲིལ་པོ་འཕེལ་རྒྱས་ཁྲོད་དུ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འདི་དག་གི་འཕེལ་རྒྱས་སྙོམས་སྒྲིག་ལེགས་པོ་གཏོང་བ།དེང་སྐབས་ཀྱི་གནད་དོན་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་བཞག་ནས་ཤེས་རྟོགས་བྱེད་པ།དེ་རིང་གི་དོན་གནད་དང་སང་ཉིན་གྱི་དོན་དག་མཉམ་དུ་སྦྲེལ་ནས་ཐག་གཅོད་བྱེད་པ།བར་ཁྱད་ལ་བརྩི་འཇོག་དང་སྣ་མང་དང་ལེན་གྱིས་ཕུང་བོ་གཅིག་པའི་རྒྱུན་གཙོ་བོ་འདི་ཇེ་གསལ་དང་།རྒྱུ་མང་བོའི་སྒུལ་ཤུགས་འདི་ཇེ་དྲག་གཏོང་དགོས།རྒྱལ་ཁབ་དང་གྲངས་ཉུང་མི་རིགས་(མི་རིགས་ས་ཁུལ)ཀྱི་ཧུར་སེམས་གཉིས་པོ་སྐུལ་སློང་དང་ལྟ་རྟོག་བྱ་དགོས།རང་ཉིད་ཀྱིས་འབད་བརྩོན་བྱས་ན་ད་གཟོད་སྒེར་ལངས་བྱེད་ཐུབ་པས་གཞན་བརྟེན་སློང་མོ་དང་ངང་སྒུག་བྱེད་མི་རུང་བ།བློ་ཐག་རྦད་བཅད་སྒོས་བར་ཁྱད་ལ་རོགས་འདེགས་བྱ་བའི་སྲིད་ཇུས་སྐུལ་འདེད་གཏོང་བ་དང་།གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཚན་རིག་འཕེལ་རྒྱལ་ཇེ་མགྱོགས་སུ་གཏོང་བ།ཚན་རིག་འཕེལ་རྒྱས་ཁྲོད་བར་ཁྱད་ཆུང་དུ་གཏོང་བ།ཚན་རིག་འཕེལ་རྒྱས་ཁྲོད་ཕན་ཚུན་གྱི་ཡིད་རྟོན་ཇེ་བཟང་ཡོང་བ།ཚན་རིག་འཕེལ་རྒྱས་ཁྲོད་འགལ་ཆ་ཞི་འདུམ་དང་མཐུན་སྒྲིལ་ཇེ་ཟབ་གཏོང་བ།ཚན་རིག་འཕེལ་རྒྱས་ཁྲོད་ལྟེ་བར་ཕྱོགས་པའི་ཤུགས་དང་།གཅིག་འདུས་ཀྱི་ཤུགས།འཐབ་འཛིང་གི་ནུས་ཤུགས་འབྱུང་བ་དང་།མཉམ་དུ་གོང་འཕེལ་དང་མཉམ་དུ་དར་རྒྱས་ཕུན་ཚོགས་ཡོང་བ་བྱ་དགོས།fd6

བཞི། བརྩི་འཇོག་བྱ་དགོས་པ་ལ་ངེས་པར་བརྩི་འཇོག་དང་།གོ་རྟོགས་བྱ་དགོས་པ་ལ་ངེས་པར་གོ་རྟོགས།ཡིད་རྟོན་བྱ་དགོས་པ་ལ་ངེས་པར་ཡིད་རྟོན་བྱ་དགོས།མི་རིགས་ལས་དོན་དེ་ཕན་ཚུན་ལ་ཡིད་རྟོན་དང་།སེམས་ཀྱིས་འབྲེལ་བ་བྱས་ནས་སེམས་ཀྱིས་སེམས་རློམ་པ་ནི་གལ་ཆེན་ཡིན།བརྩི་འཇོག་དང་འདྲ་མཉམ།དཀྱེལ་ཡངས།བསམ་ཤེས་ནི་རང་རེའི་ཏང་གིས་མི་རིགས་ལས་དོན་ལོ་རྒྱུས་སྟེང་རྒྱུན་དུ་སྤྱོད་པའི་རྣམ་འགྱུར་དང་ཐབས་ཇུས་ཤིག་ཀྱང་རེད།fd6

ལྔ། སྤྱི་ཚོགས་དང་མིའི་རིགས།མི་གཤིས་ལ་རྒོལ་བའི་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་ལ་ངེས་པར་མཐའ་གཅིག་ཏུ་དྲག་གནོན་བྱ་དགོས།fd6

དྲུག ལས་བྱེད་པ་ནི་ཡོད་ཚད་ཀྱི་འགག་རྩ་ཡིན་པས།དངོས་ཡོད་ཐོག་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་འཐུས་ཚབ་རང་བཞིན་གྱི་མི་སྣའི་བྱ་བ་ལེགས་པོར་སྒྲུབ་དགོས།།fd6

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།