༄༅།། འཛིན་བདག་གི་བྱ་བའི་ཉམས་མྱོང་ཕྱོགས་ཁྲིད།
སྤེལ་དུས།  2018-01-02  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། བསེ་ཀུན་དོང་།  རྩོམ་སྒྲིག་པ། lobsang

ལར་ང་ཚོ་ཆ་མི་ཚང་བ་ཞིག་གིས་ཆ་མི་ཚང་བ་སྐོར་ཞིག་འཁྲིད་ནས་ཆ་ཚང་བའི་ལམ་དུ་འགྲོ་བ་ཡིན་ལ། དེར་འགྲོ་ཐུབ་ཀིན་ཡོད་པ་རེད། རྒྱུ་མཚན་ནི་ང་ཚོ་སོང་མྱོང་བའི་ལམ་དེར་འགྲོ་འདོད་པའི་ལམ་འགྲོ་བ་སྐོར་ཞིག་གི་སྣེ་འཁྲིད་པའི་སྣེ་ཤན་པ་ཞིག་གོ།།FFz

བྱང་ཚད་སློབ་གསོ་སྲོག་རྩར་འཕེལ་བའི་བབས་རིས་ལས་ཀུན་སྤྱོད་སློབ་གསོ་འཛུགས་སྐྲུན་ནི་ད་ལྟ་རང་རྒྱལ་སློབ་གསོ་བཅོས་བསྒྱུར་གྱི་དཀྱིལ་སྙིང་དུ་ཆགས་ཡོད་པའི་སྐབས་འདིར། ང་ཚོར་སློབ་གསོར་འདུ་ཤེས་དང་མཚན་ཉིད་གསར་བ་ཆགས་མུས་ཡོད།  ཧ་ཨར་པ་ཐིས།   ༼  དོ་དམ་ནི་སློབ་གསོ་མིན།དོ་དམ་གྱིས་མི་ཡི་འགྲིག་འགལ་ཁོ་ན་འགོག་པ་ལས། མིའི་བསམ་བློའི་འཇིག་རྟེན་ལ་དངོས་པོ་གསར་བ་སྣོན་མི་ཐུབ་ལ། ཡར་ཐོན་གང་ཡང་ཡོད་མི་སྲིད། མིའི་བསམ་བློ་ཧུར་ཐག་གིས་ཤུགས་རྐྱེན་བཟོ་ཐུབ་པ་ཞིག་ལ་སློབ་གསོ་ཟེར།  ༽   ཞེས་པ་ནང་བཞིན་སློབ་གསོ་ནི་མི་ཞིག་མཚན་ཉིད་ཚང་བའི་མི་རུ་འགྱུར་བའི་གོ་རིམ་ཞིག་ཡིན་པར་འདོད།  དེ་མིན་སློབ་གསོ་ནི་ཡུལ་དུས་ཀྱི་འགྱུར་བ་དང་བསྟུན་ནས་གནས་འགྱུར་གཏོང་དགོས་པར་སེམས།FFz

དང་པོ། སྤྲོ་བ་ནི་དགེ་རྒན་གྱི་མཆོག་ཡིན།FFz

རང་མོས་ཀྱི་བྱ་བ་ཞིག་ཡིན་ན་རིན་ཐང་ལྡན་ལ། འཕེལ་རྒྱས་དང་ལེགས་གྲུབ་ཀྱི་ཆ་ཧ་ཅང་ཆེ་སྟེ། ངལ་བ་ལས་རྒྱལ་ཐུབ་ཅིང་བརྩོན་འགྲུས་དང་ལྡན་པའོ།། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་སུ་འགྲོ་ཞེས་པ་ལས་མ་འདས་སོ།།FFz

གཅིག སློབ་གསོའི་ལས་རིགས་ལ་སྤྲོ་བ།FFz

སློབ་གསོ་ནི་མིའི་རིགས་འཕེལ་རྒྱས་འགྲོ་བའི་ཐབས་ལམ་ཞིན་ཡིན་ཙ་ན། ཁྱོད་རང་ལམ་བུ་དེའི་སྟེང་གི་སྣེ་ཤན་པ་ཞིག་གོ།།    རང་ལ་དགའ་བའི་བྱ་བ་ཞིག་ཡིན་ཕྱིན་དེ་ལ་རྒྱུས་ཆེ་ཞིང་ཁྱད་ཆོས་ཡོད་ལ་རིན་ཐང་ཀྱང་རྙེད་ངེས་ཡིན།FFz

གཉིས། སློབ་མར་སྤྲོ་བ།FFz

སློབ་མ་ནི་མ་འོངས་གངས་ལྗོངས་གསར་འཛུགས་བྱེད་པའི་མི་རབས་གསར་བ་དང་རང་གི་བྱ་བཞག་གཉེར་བའི་འཁོར་བའི་གཞི་འཛིན་དྭངས་མ་ཡིན་ལ། རང་གི་བུ་རྒྱུད་དང་གཉིས་སུ་མ་མཆིས་པས་འདུ་ཤེས་ཤིག་ཡོད་དགོས།FFz

གསུམ། རིག་གནས་ལ་སྤྲོ་བ།FFz

རིག་གནས་ལ་དགའ་བ་ནི་གནས་ལུགས་སམ་བདེན་པ་ལ་དགའ་བའོ།།  བདེན་པ་དོན་དུ་གཉེར་བའི་བཟོ་བཀོད་པའི་ཐོན་རྫས་ཀྱི་སྤུས་ཚད་ལ་སུ་ཞིག་གིས་བསྙོན་འདིང་བྱེད་ནུས་སམ།FFz

གཉིས་པ། བརྩེ་བ་ནི་སློབ་སྦྱོང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པའོ།།FFz

སློབ་འབྲིང་སློབ་མའི་ན་ཚོད་ནི་བརྩེ་བ་ཧ་ཅང་མཁོ་དུས་ཡིན་ལ། མི་གཞིའི་སློབ་གསོ་ཆགས་པའི་སྒང་ཡིན་པས། བརྩེ་བ་དང་བྲལ་ན་ལོག་ལམ་དུ་འགྲོ་སླ་ཞིང་མི་གཞིར་གས་ཁ་ཤོར་ཉེན་ཆེ། ལྷག་ཏུ་འཛིན་བདག་ནི་འཛིན་གྲྭ་དེའི་ཁྱིམ་བདག་ཡིན་པའི་ངོས་ནས་བལྟས་ན། བཟའ་མི་གང་བོ་འདང་ཆེ་ཞིང་ཤ་ཚ་བ་གདོད་མི་ཟའོ།།  དེས་ན་བྱ་བ་གང་ཞིག་ཐག་གཅོད་དུས་འདྲ་མཉམ་གྱི་རྩ་དོན་དོར་མི་རུང་ལ། དྲང་བདེན་འཚོལ་བའི་ཐབས་ལ་རྨོངས་མི་རུང་ངོ་།།  དེ་མིན་ཁ་དོན་ཚིག་ལ་གནས་པའི་ཁྱིམ་བདག་ཅིག་བྱ་དགོས་ཏེ། ཡིད་རྟོན་ནི་མི་གཞིའི་རིན་ཐང་གི་རྩ་བ་ཡིན།  ཡིན་ཡང་ཀྱག་ཀྱོག་གི་མི་ཚེའི་ལམ་སྣེ་ནས་ཆས་ཏེ་མཐའ་མར་སླེབས་རྒྱུ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ལྷག་ཏུ་ནོར་འཁྲུལ་མི་བཟོ་བ་ཡོད་མི་སྲིད།  ང་ཚོས་ནོར་འཁྲུལ་ལ་ངོས་འཛིན་ཡང་དག་ཅིག་བྱེད་དགོས། སློབ་འབྲིང་སློབ་མ་ནི་ནོར་སླ་ཞིང་བཅོས་ཀྱང་སླ་བའི་དུས་ཡིན་པས། ནོར་འཁྲུལ་ཆེ་ས་ནས་ཡོ་བསྲིང་དང་བྱ་བ་ཆུང་ས་ནས་འགོ་བརྩམས་ཏེ་སྒྲུབ་པའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་གལ་ཆེའོ།།FFz

གསུམ་པ། གོམས་གཤིས་ཀྱིས་འཛིན་གྲྭའི་བཟང་ངན་འབྱེད།FFz

བློ་གོམས་པའི་རྗེས་སུ་འགྲོ་བ་རྟེན་འབྲེལ་གྱི་ཆོས་ཉིད་བཞིན་དུ་ཀུན་སྤྱོད་ཡག་པའི་གོམས་གཤིས་ལ་འབད་དགོས་པར་སེམས།སློབ་གསོ་ནི་རིག་གནས་སློབ་པའི་སློབ་མ་དང་དེའི་མི་གཞི་གསོ་བའི་ཐབས་ལམ་ཞིག་ལ་གོ།།FFz

སློབ་མ་ལ་སློབ་སྦྱོང་མི་བྱེད་པའི་སློབ་མ་མ་གཏོགས་སློབ་སྦྱོང་ལ་མི་བཟང་བས་སློབ་མ་མེད་ཅེས་པ་བཞིན་ང་ཚོས་སློབ་སྦྱོང་ལ་དགའ་བའི་སློབ་མ་སྐྱེད་སྲིང་བྱ་དགོས།  དེ་བཞིན་གོམས་གཤིས་བཟང་བོས་མི་ཚེ་ལ་ཁ་ཕྱོགས་དང་དམིགས་ཡུལ། གཟི་བརྗིད་སོགས་སྐྱེལ་ཡོང་མ་མིག་མཐོང་ལག་ཟིན་རེད། དཔེར་ན་འཛམ་གླིང་གི་མཚན་མོ་མེད་པའི་སློབ་གྲྭ་ཆེན་མོ་སྟེ་ཧྭ་ཧྥོ་སློབ་ཆེན་གྱི་ སློབ་སྦྱོང་གི་གོམས་གཤིས་བཟང་བོས་འཛམ་གླིང་ལ་ཤེས་ཡོན་གྱི་དཔུང་སྡེ་གང་མང་སྐྱེལ་ཡོང་བ་ལྟ་བུའོ།།དེ་མིན་གངས་ལྗོངས་ཀྱི་སྐྱེས་ཆེན་དམ་པའི་སློབ་སྦྱོང་གི་གོམས་གཤིས་བཟང་བོའི་བཤུལ་ལམ་ལ་གཞིགས་ནའང་ནམ་ལངས་ཀྱི་ཉི་མ་ལྟར་གསལ།FFz

བཞི་པ། ན་ཟུག་ནི་ཡོན་ཏན་འབྱོར་བའི་བདག་རྐྱེན་དངོས་ཡིན།FFz

ན་ཟུག་ནི་མི་སེམས་ལ་འགྱུར་ལྡོག་གཏོང་བའི་སྒུལ་ཤུགས་ཡིན། ན་ཟུག་ནི་གང་ནས་བྱུང་བ་ཡིན་ཟེར་ན། ཐབས་རྡུགས་པ་དང་གནོང་འགྱོད། ཕྲག་དོག   ངོ་ཚ་སོགས་ཀྱིས་ཀུན་ནས་བསླངས་ཏེ། འཚོ་བ་དང་བསམ་བློ་སོགས་ལ་གསར་བརྗེ་བྱེད་པའི་བློ་ལྡོག་མེད་ཅིག་བསྐྱེད་པ་ལས་བྱུང་།  ན་ཟུག་གིས་སྒུལ་ཏེ་བྱ་བ་གང་ཞིག་བརྩམས་ན་ལེགས་གྲུབ་བྱུང་བར་གདོན་མི་ཟ།  དེ་བས་རྨོངས་བའི་ཐབས་རྡུགས་པ་དང་དུས་ཚོད་དང་ལང་ཚོ་ཆུད་ཟོས་སུ་བཏང་བའི་ན་ཟུག  ཆ་རྐྱེན་གཅིག་པའི་སློབ་གྲོགས་ཀྱི་རྒྱུགས་འབྲས་བཟང་བར་མི་བཟོད་པའི་ཕྲག་དོག   ཡུལ་མི་དང་སློབ་གྲོགས་སོགས་ཀྱི་མཐོང་ཆུང་མྱོང་བའི་ན་ཟུག་སོགས་ནི་སློབ་སྦྱོང་གི་སྒུལ་ཤུགས་དང་བྱ་བ་ལེགས་གྲུབ་འབྱུར་བར་ཆེས་བཟང་བའི་དགེ་རྒན་ཡིན།FFz

མི་ལ་རས་པ་ལ་མཚོན་ན། ཐོག་མར་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་མ་སྨད་གསུམ་གྱི་རྒྱུ་ནོར་བདག་གིར་བཟུང་ནས་འཚོ་ཚིས་ཀྱི་ན་ཟུག་བཟོད་ལྷག་མེད་པ་བསླངས་རྐྱེན་མཐུ་བསླབས་ནས་ལེགས་པར་གྲུབ།  ཐ་མར་མི་རྟ་ཉི་ཤུ་ལྷག་གི་སྡིག་པའི་ན་ཟུག་གིས་བསླངས་ནས་ཆོས་ཀྱི་གྲུབ་པ་བརྙེས།   FFz

ཇི་སྐད་དུ། ཚོང་དཔོན་ཞིག་གིས་ཉིན་རྒྱུན་ཁོའི་བུ་ཆུང་སློབ་གྲྭར་འགྲོ་ཁར་དངུལ་སྒོར་གཅིག་རེ་སྟེར་བ་རེད། ཉིན་ཞིག་ཚོང་དཔོན་གྱིས་བུ་ཆུང་ལ་དངུལ་སྒོར་གཅིག་སྤྲད་པ་བུ་ཆུང་གིས་རྫིང་ནང་དུ་གཡུགས་པ་ཐོས།   དབྱར་གྱི་སློབ་གསེང་གི་སྐབས་ཤིག་ལ་ཨ་ཕས་བུ་ཆུང་ལ་སྒོར་མོ་བཙལ་བར་བགྲོས་པར་བུ་ཆུང་གིས་ཀྱང་དང་དུ་ལངས་ནས་འཛུགས་སྐྲུན་བྱེད་ས་ཞིག་ལ་ཞོར་ལས་ལ་སོང་བ་རེད། ཉིན་འགའ་འདས་རྗེས་བུ་ཆུང་གིས་དངུལ་སྒོར་གཅིག་ཁྱེར་ཡོང་ནས་ཨ་ཕར་བསྟན། ཨ་ཕས་ད་ནི་ངའི་བུ་ཆུང་ལག་ཆགས་འདུག་སྒོར་མོ་བཙལ་ཐུབ་འདུག   ཞོར་ལ་དངུལ་སྒོར་འདི་རྫིང་བུར་གཡུགས་ཞོག་ཟེར། མཚམས་དེར་བུ་ཆུང་ཧ་ལས་པའི་ཉམས་ཀྱིས་ཨ་ཕར་ངས་ཉིན་འདི་དག་ལ་ཆར་བ་དང་ཚ་སྡུག་ལ་མ་འཛེམ་པར་ཐ་ན་ཚེ་སྲོག་གཏའ་མར་བཞག་ནས་དངུལ་སྒོར་འདི་བཙལ་བ་ཡིན་པས། འདི་ལྟར་འཕེན་མི་ཐུབ་པར་བརྗོད། སྐབས་དེར་ཨ་ཕས་བུ་ཆུང་ལ་ངས་ཁྱོད་ལ་བྱིན་པའི་དངུལ་སྒོར་ཁྱོད་ཀྱིས་ཅི་མི་སྙམ་པར་རྫིང་བུར་གཡུགས་པ་མ་ཡིན་ནམ་ཞེས་བརྗོད། སྐབས་འདིར་བུ་ཆུང་ལ་ན་ཟུག་བཟོད་ལྷག་མེད་པ་ཞིག་བྱུང་བ་སྨོས་མི་དགོས་ལ། བུ་ཆུང་གི་མ་འོངས་པའི་མདུན་ལྗོངས་ཡང་དཔག་ཐུབ། འདི་ལྟ་བུའི་སློབ་གསོའི་གཏམ་རྒྱུད་ཅི་མང་ཞིག་གིས་སློབ་གསོའི་ཚན་ཁ་དང་ཐབས་ལམ་སྣ་ཚོགས་མཚོན་གྱི་ཡོད།FFz

 རྩོམ་པ་པོ་ནི་མང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་ཡིག་དགེ་རྒན་ཡིན།FFz

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།