༄༅།། སློབ་ཆུང་བྱིས་པའི་སེམས་ཀྱི་ཁྱད་རྟགས་ཀྱི་སྐོར།
སྤེལ་དུས།  2017-12-29  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། མཛོད་དགེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་དཔལ་འཚོ།   རྩོམ་སྒྲིག་པ། lobsang

ལོ་རིམ་དང་པོའི་བྱིས་པའི་སེམས་ཀྱི་ཁྱད་རྟགས། Lb3

སློབ་ཆུང་གི་འཚོ་བ་ལ་ཡ་མཚན་ཡང་མི་གོམས་པ་དང་ཡུད་ཙམ་ལ་མི་ལོབས་པ།མཚར་སྣང་ཆེ་ལ་རྣམ་གཡེང་ཡང་ཆེ།ལད་མོ་བྱེད་པར་དགའ་ཡང་བློ་སེམས་སྒྲིམ་བྱས་ནས་སློབ་ཁྲིད་ལ་མི་ཉན་པ། དགེ་རྒན་ལ་ཡིད་ཆེས་ཀྱང་ཐད་ཀ་དངོས་ཀྱི་རྣམ་པ་བཅས་ལ་བསམ་གཞིག་གི་ཁྱད་ཆོས་ཡོད།Lb3

འབྲེལ་འདྲིས་ཀྱི་ཐབས་ལམ། Lb3

རིམ་པ་དེ་ལ་ལོབས་རྒྱུ་དང་གོམས་གཤིས་གསོ་སྐྱོང་བྱེད་རྒྱུ་གཙིགས་སུ་འཛིན་པ། བྱིས་པ་ལ་དགའ་སྤྲོའི་ངང་ནས་སློབ་སྦྱོང་ཇི་ལྟར་བྱེད་པའི་ཁ་ཕྱོགས་སྟོན་པ། དུས་ཚོད་ཇི་ལྟར་བཀོད་སྒྲིག་བྱེད་པ།  སྐད་ཡིག་བེད་སྤྱོད་ཇི་ལྟར་བྱས་ན་འབྲས་བུ་མཐོར་པོ་ལེན་པའི་ཐད་ལ་མཛུབ་སྟོན་བྱེད་པ།  བྱིས་པ་ལ་རང་རྐྱ་ཐུབ་པ་དང་སློབ་སྦྱོང་ལ་དགའ་བའི་གོམས་གཤིས་བཟང་བོ་གསོ་སྐྱོང་བྱེད་པ་གལ་ལོ།Lb3

ལོ་རིམ་གཉིས་པའི་བྱིས་པའི་སེམས་ཀྱི་ཁྱད་རྟགས།Lb3

དུས་རིམ་འདིའི་ནང་སློབ་མའི་ཡིད་རྟོན་རྒྱས་པའི་གནད་དུས་ཞིག་ཡིན།  བློ་ཁ་མི་བརྟན་པ་དང་མགོ་ཡང་བ།  རང་ཚུགས་ཀྱི་ནུས་པ་ཞན་པ།Lb3

འབྲེལ་མཐུད་ཀྱི་ཐབས་ལམ། Lb3

དུས་རིམ་འདིའི་ནང་བྱིས་པའི་སློབ་སྦྱོང་གི་གོམས་གཤིས་དང་སློབ་སྦྱོང་གི་རྣམ་འགྱུར་བཅས་བརྟན་པོར་འགྲོ་བའི་བརྒྱུད་རིམ་གལ་ཆེ་ཞིག་ཡིན་ལ།  སློབ་ཆུང་གི་འཚོ་བར་ཅུང་གོམས་པ།  བྱ་སྤྱོད་གོམས་གཤིས་ཅུང་ལོབས་པ། དེའི་ཁར་དགེ་རྒན་གྱིས་ཀུན་སྤྱོད་ཀྱི་གོམས་གཤིས་ཅུང་མི་བཟང་སར་དག་བཅོས་དང་ཡོ་བ0སྲང་བྱས་ནས་སློབ་སྦྱོང་གི་སྤྲོ་བ་གསོ་སྐྱོང་བྱེད་དགོས།Lb3

ལོ་རིམ་གསུམ་པའི་བྱིས་པའི་སེམས་ཀྱི་ཁྱད་རྟགས།Lb3

དུས་རིམ་འདི་ནི་བྱིས་པའི་བརྩེ་སེམས་རྣམ་འགྱུར་བཅས་ལ་འགྱུར་ལྡོག་བྱུང་བཞིན་ཡོད་ལ།  ནང་སེམས་ཀྱི་ཚོར་བ་ཕྱིར་མངོན་པ་ཉུང་བ། རང་རྐྱའི་ངང་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་མོད།  འོན་ཀྱང་སློབ་སྦྱོང་དང་མིའི་འབྲེལ་འདྲིས་ཁྲོད་དུ་བློ་ཁ་འཛིན་པའི་ནུས་པ་ལ་ཚོད་ཡོད་པ་ཡིན།Lb3

འབྲེལ་མཐུད་ཀྱི་ཐབས་ལམ། Lb3

དུས་རིམ་འདིའི་ནང་སློབ་མའི་འབྲེལ་འདྲིས་ཀྱི་ཁོར་ཡུག་ཇེ་ཆེ་འགྲོ་བ་དང་བསྟུན་ནས་ཤེས་རྟོགས་ཀྱི་ནུས་པ་ཡང་ཇེ་མཐོར་སོང་ཡོད་ཀྱང་། བྱིས་པར་དཀའ་ཁག་རབ་དང་རིམ་པ་ཕྲད་པས་བློ་སེམས་མི་བདེ་བའི་སྣང་བ་སྐྱེས་མགོ་བརྩམས། དེའི་ཕྱིར་དགེ་རྒན་གྱིས་ཞག་འདུག་སློབ་མར་ལྷག་ཏུ་བྱམས་སེམས་ངང་ནས་འགྲོགས་རོགས་དང་བརྩེ་སེམས་ཞིབ་མོས་མཛུབ་སྟོན་བྱེད་རྒྱུ་གལ་ཆེ། དུས་ཐོག་ཏུ་བྱིས་པར་རོགས་བྱས་ནས་དོན་དག་ཐག་གཅོད་བྱེད་དགོས།Lb3

ལོ་རིམ་བཞི་བའི་བྱིས་པའི་སེམས་ཀྱི་ཁྱད་རྟགས།Lb3

ལོ་དགུ་ནས་བཅུ་གཅིག་ནི་བྱིས་པའི་འཚར་ལོངས་ཁྲོད་ཀྱི་གནད་དུས་ཤིག་ཡིན་ལ། བྱིས་པའི་སྐབས་ཀྱི་དུས་མཇུག་ཡང་ཡིན། མགོའི་ཀླད་པ་དང་ནུས་རྩལ་རྒྱས་བའི་དུས་ཚོད་ཡིན་ལ།  སློབ་ཆུང་སློབ་གསོ་དམའ་ས་ནས་མཐོ་སར་ཆས་མགོ་རྩམས་དུས་ཡང་ཡིན། ཕྱིའི་ལུས་ཕུང་འཚར་ལོངས་དང་ནང་གི་སེམས་ཁམས་འགྱུར་ལྡོག་མངོན་གསལ་ཡིན། སློབ་སྦྱོང་གི་ནུས་པ་དང་བློ་ཁའི་ནུས་པ།  འདུ་ཤེས་ཀྱི་ནུས་པ་བཅས་གསོ་སྐྱོང་བྱེད་སླ་བ།  སློབ་སྦྱོང་གི་གོམས་གཤིས་ལོབས་པའི་གནད་དུས་ཡང་ཡིན། སློབ་སྦྱོང་གིས་སྐུལ་མའི་འོག་ནས་རང་རྐྱ་ཐུབ་པའི་སློབ་སྦྱོང་བྱེད་པ། སྤྱིར་རང་ཉིད་ལ་བསམ་ཚུལ་ཡོད་ཀྱང་བཟང་ངན་དབྱེ་འབྱེད་ཀྱི་ནུས་པ་ཞན་པ། Lb3

སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཉམས་མྱོང་མེད་པ།  དུས་རྒྱུན་དཀའ་ཁག་དང་གནད་དོན་མང་པོ་ལ་ཕྲད་པ།  ཕྱོགས་སོ་སོ་ནས་འགྱུར་ལྡོག་ཆེ་བ། གལ་ཏེ་མཛུབ་སྟོན་ཡག་པོ་མ་བྱས་ན་དོན་ཕྲ་རེས་སློབ་སྦྱོང་ལ་བར་ཆད་བཟོ་བ།  རིམ་བཞིན་སློབ་སྦྱོང་ལ་སྤྲོ་བ་མེད་པ་དང་སུན་སྣང་སྐྱེ་བ།  ཡིན་ནའང་སློབ་གསོ་ཡང་དག་ཐོབ་ན་སློབ་སྦྱོང་ལ་དགའ་ཞེན་དང་རེ་འདོད་ཆེ་བ། ཀུན་སྤྱོད་གོམས་གཤིས་མྱུར་དུ་ཇེ་བཟང་འགྲོ་བ། སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་དོན་སྙིང་ཡོད་པའི་མི་ཚེའི་ཁ་ཕྱོགས་དང་རྒྱལ་ཁའི་ལམ་བུའི་སྟེང་དུ་ཆས་མགོ་བརྩམས་དུས་ཡིན་ནོ།Lb3

འབྲེལ་མཐུད་ཀྱི་ཐབས་ལམ།Lb3

དུས་རིམ་འདིའི་ནང་བྱིས་པའི་སློབ་སྦྱོང་གི་ཤེས་བྱ་ཇེ་མང་དང་དོན་ཇེ་ཟབ་འགྲོ་བས་དགེ་རྒན་གྱིས་རོགས་རམ་དང་འབྲེལ་འདྲིས་བྱེད་དགོས་ལ།དོན་དག་ཐག་བཅོད་དང་ཡིད་ཆེས་བསྐྱེད་བཙུགས་བྱེད་རྒྱུ་གལ་ཆེ། ཚོགས་ཐུན་སྐབས་སུ་བློ་རིག་སྐྲིམ་མིན་ལ་ལྟ་དགོས། ཡི་གེ་འབྲི་སྟངས། དཔེ་ཆ་འདོན་ཚུལ། འདུག་སྟངས། འཁྲབ་ཚུལ་བཅས་ཀྱི་གོམས་གཤིས་ལ་ཞིབ་བཤེར་བྱེད་དགོས།Lb3

ལོ་རིམ་ལྔ་བའི་བྱིས་པའི་སེམས་ཀྱི་ཁྱད་རྟགས།Lb3

འགྲན་སེམས་ཀྱི་འདུ་ཤེས་ཇེ་ཆེ་ཡིན་ཞིང་རྗེས་ལུས་བྱེད་མི་བསམ་པ། སྦྱངས་འབྲས་ལ་ལྷག་ཏུ་དོ་སྣང་བྱེད་པ།  སློབ་འབྲས་ཕུལ་བྱུང་གི་སློབ་མ་ལ་ཡིད་སྨོན་སྐྱེ་བ་དང་སློབ་སྦྱོང་བྱེད།  རང་རྐྱའི་ནུས་པ་ཇེ་ཆེ་ཡིན་ལ།སྐོར་རེ་རྩ་འཛུགས་བྱེད་པར་མོས་ཤིང་རང་མགོ་ཇེ་འཐོམས་རེད།Lb3

འབྲེལ་མཐུད་ཀྱི་ཐབས་ལམ།Lb3

དོན་དག་སྒྲུབ་པའི་རང་བཞིན་ལྡན་དགོས་ཤིང་།  བྱིས་པའི་མི་ཚེའི་རྣམ་འགྱུར་ཡག་པོ་བཙུགས་པར་རོགས་རམ་བྱེད་དགོས། རང་རྐྱའི་འདུ་ཤེས་ཡར་ལ་སྤེལ་དགོས། བྱིས་པ་རིམ་གྱི་དར་དུས་ལ་བབས་བཞིན་ཡོད་པས་ལྷག་པར་ཏུ་དགེ་རྒན་གྱིས་རོགས་རམ་དང་དོ་དམ་མཁོ།  བྱིས་པར་རང་བྱུང་ཁམས་དང་སྤྱི་ཚོགས་དངོས་ལ་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་སྟེར་བ། སློབ་སྦྱོང་གི་ཁྲོད་དུ་ཕྲད་པའི་རང་བྱུང་དང་སྤྱི་ཚོགས་ཀྱི་གནད་དོན་ལ་ཚོད་ལྟ་རྟག་དཔྱད་ཀྱི་ནུས་པ་ཞན་པས།  སློབ་སྦྱོང་གི་སྤྲོ་བ་གསོ་སྐྱོང་དང་རང་མོས་སློབ་སྦྱོང་བྱེད་པའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་དགོས།  འགྲན་སེམས་དང་བརྩོན་སེམས་གཙིགས་སུ་འཛིན་དགོས།Lb3

ལོ་རིམ་དྲུག་པའི་བྱིས་པའི་སེམས་ཀྱི་ཁྱད་རྟགས།Lb3

བྱིས་པ་ན་གཞོན་གྱི་དུས་ལ་འགྲོ་མགོ་ཚུགས་པ། གཞོན་དུས་ནི་དར་མ་ལ་བབས་པའི་དུས་རིམ་ཡིན། སློབ་ཆུང་གི་མཇུག་དུས་དང་སློབ་འབྲིང་ལ་བཞུགས་མགོ་བརྩམས་དུས་ཀྱི་བརྒྱུད་རིམ་ཡང་ཡིན།  སློབ་མའི་རང་རྐྱའི་འདུ་ཤེས་ཡང་རིམ་བཞིན་ཇེ་མཐོ་ཡིན་ལ། སྐྱེ་དངོས་དང་དོན་དག་ལ་རང་གིས་དགའ་ཕྱོགས་ཀྱི་ལྟ་བ་འཛིན་པ།  མཚམས་རེ་དགེ་རྒན་གྱིས་བསླབ་བྱ་སློབ་གསོ་ལ་འཁང་ར་དང་སུན་པ།  བློ་ཁའི་ཁ་ལོ་བསྒྱུར་བ་ལ་གཟབ་དགོས། Lb3

འབྲེལ་མཐུད་ཀྱི་ཐབས་ལམ།Lb3

དུས་རིམ་འདིའི་ནང་བྱིས་པའི་སེམས་ཁམས་ལ་དོ་སྣང་ཞིབ་མོ་བྱེད་དགོས་ལ། སློབ་སྦྱོང་ལ་དོ་དམ་བྱེད་པ་དང་བསྟུན་ནས་བདེ་ཐང་གི་ངང་ནས་བསམ་བློ་འཕེལ་དགོས།  སློབ་འབྲིང་ལ་ཆས་པར་གྲ་སྒྲིག་གལ་ལ། སློབ་གྲྭའི་རྒྱུགས་ར་དང་ཁྱད་ཆོས་སོགས་ལ་རྒྱུས་ལོན་བྱེད་དགོས། Lb3

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།