༄༅།། བོད་ཡིག་གི་སྒྲའི་སྐྱེ་གནས་དང་། ང་རོ་འདྲེན་ཚུལ། སྐད་ཡིག་གི་འགྱུར་བ་བཅས་རགས་ཙམ་གླེང་བ།
སྤེལ་དུས།  2017-09-16  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། རྡོ་རྗེ་དོན་གྲུབ།   རྩོམ་སྒྲིག་པ། lobsang

བོད་སྐད་ཡིག་སློབ་སྦྱོང་དང་། བརྟག་དཔྱད་ལེགས་པོ་བྱེད་པར་ཐོག་མར་བོད་ཡིག་གི་སྒྲའི་སྐྱེ་གནས་དང་།  ང་རོ་འདྲེན་ཚུལ། སྐད་ཡིག་གི་འགྱུར་བ་བཅས་ཤེས་དགོས་པ་གལ་འགངས་ཧ་ཅང་ཆེ།  འོན་ཀྱང་དེ་ལྟ་བུའི་བརྗོད་གཞི་ནི་ནང་དོན་ཟབ་ཅིང་། རྒྱ་ཆེ་བ་ཞིག་ཡིན་པས། རྩོམ་ཐུང་འདིར་ཞིབ་པར་གླེང་ཐབས་བྲལ་བས།  ཆུ་རྡུལ་གྱི་གཟིགས་མ་ལྟ་བུ་ཞིག་བླངས་ནས་ངོ་སྤྲོད་ཀྱི་ཚུལ་དུ་སྔོན་ལ་ཡི་གེའི་སྐྱེ་གནས་དང་ང་རོ་འདྲེན་ཚུལ། དེ་ནས་བོད་ཡིག་གི་འགྱུར་བ་སྟེ་དོན་ཚན་གཉིས་སུ་དབྱེ་ནས་གླེང་བར་བྱའོ། ། 3uu

དང་པོ།  བོད་ཡིག་གི་སྒྲའི་སྐྱེ་གནས་དང་།  ང་རོ་འདྲེན་ཚུལ། 3uu

བོད་ཡིག་ནི་སྒྲ་སྦྱོར་གྱི་ཡི་གེ་ཞིག་ཡིན་ལ།  བོད་ཡིག་གསར་དུ་གཏོད་ནས་ལོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཡོད།  བོད་ཡིག་གི་དབྱངས་གསལ་སྦྱོར་ཚུལ་དང་། སྔོན་ཡང་རྗེས་གསུམ་འཇུག་ཚུལ། དེ་དག་སྒྲ་གདངས་དྲག་ཞན་ཇི་ལྟར་འགྱུར་བ་སོགས་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་ཀྱི་ནང་དུ་གསལ་བར་གཏན་ལ་ཕབ་ཡོད།  འོན་ཀྱང་བར་ལམ་ཡི་གེའི་སྐྱེ་གནས་དང་ང་རོ་འདྲེན་ཚུལ་ལྟར་ཀློག་འདོན་བྱ་རྒྱུ་ཡང་འདོན་ཚུལ་མི་འདྲ་བ་འགའ་ཞིག་ཆགས་པ་དང་། ལ་ལ་ནི་སྒྲའི་སྐྱེ་གནས་དང་བྱེད་རྩོལ་ལྟར་ན་སྒྲ་གདངས་དྲག་ཞན་གྱི་དབྱེ་བ་ཡོད་རུང་རིམ་བཞིན་དབྱེ་བ་ཆེར་མེད་པའམ། སྒྲ་འདྲར་འགྱུར་བ་སོགས་བྱུང་བས། ཡི་གེའི་སྐྱེ་གནས་དང་།  ང་རོ་འདྲེན་ཚུལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུ་ནི་དགོས་གལ་ཅུང་ཟད་ལྡན་པར་མཐོང་ཞིང་། ཐོག་མར་ཡི་གེའི་ཞེས་པ་གང་ལ་བྱའོ་ཞེ་ན།  དཔང་ལོ་བློ་གྲོས་བརྟན་པས་དོན་གྱི་ངོ་བོ་སྟོན་པ་མིང་། དེ་ཡི་ཁྱད་པར་སྟོན་པ་ཚིགདེ་གཉིས་བརྩམ་གཞིའི་སྐད་ཀྱི་གདངས། ཡི་གེ་ཞེས་སུ་གྲགས་པ་ཡིན། ཞེས་གསུངས་ཡོད་པས། མིང་དང་ཚིག་གཉིས་བརྩམ་པར་བྱ་བའི་གཞིར་གྱུར་པའི་སྐད་ཀྱི་གདངས་དེར་ཡི་གེ་ཞེས་ཟེར། ཞིབ་པར་བཤད་ན་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ཀློག་པའི་སྐད་ཀྱི་གདངས་དེར་ཡི་གེ་ཞེས་བྱ་དགོས་པ་དང་། དབྱངས་གསལ་མཚོན་བྱེད་ཀྱི་རི་མོ་དེར་ཡིག་གཟུགས་ཞེས་ཟེར་དགོས། དབྱངས་གསལ་གྱི་ཡི་གེ་རྣམས་ཡུལ་སྐད་མི་འདྲ་བའི་གང་ཟག་སུས་བཀླགས་ཀྱང་སྒྲའི་རྣམ་པ་མི་འགྱུར་བར་གནས་པའི་རང་བཞིན་ལྡན་ཡོད། དབྱངས་སམ་ཨ་ལིའི་ཡི་གེ་ཀློག་སྐབས་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་། སྒྲ་ཙམ་དང་ང་རོ་ཙམ་ཤས་ཆེ་བ་དང་། གསལ་བྱེད་དམ། ཀ་མད་སུམ་ཅུའི་ཡི་གེ་ཀློག་སྐབས་གནས་དང་བྱེད་པའི་རྣམ་འགྱུར་གསལ་ཙམ་མཚོན་གྱི་ཡོད། 3uu

༡ ཡི་གེ་རྒྱུ་གང་ལས་བྱུང་ཞེ་ན། གནས་དང་བྱེད་པ་རྩོལ་བ་གསུམ་ལས་བྱུང་ངོ་། ། གནས་ནི་ཡི་གེ་འབྱུང་གཞིའི་རྒྱུ་སྟེ། དཔེར་ན། དྲིལ་བུ་ལྟ་བུར་ཆ་མཚོན་ན་དྲིལ་བུའི་ཁོག་པ་ལྟ་བུ་དང་། བྱེད་པ་ནི་ཡི་གེ་འབྱིན་པར་བྱེད་པའི་རྒྱུ་སྟེ་དྲིལ་བུའི་ལྕེ་ལྟ་བུ། རྩོལ་བ་ནི་དྲིལ་བུ་འཁྲོལ་བར་བྱེད་པའི་རྒྱུ་སྟེ། དྲིལ་བུ་འཁྲོལ་བར་བྱེད་པའི་རྒྱུ་སྟེ་དྲིལ་བུའི་ལྕེ་ལྟ་བུ། སྐྱེ་གནས་བརྒྱད་ནི། ཁོག་པ་དང་། མགྲིན་པ། རྐན། སོ། མཆུ། ལྕེ། སྤྱི་བོ(ལྕེ་རྩེ)སྣ་བཅས་ཡིན་པ་དང་། དེའི་ནང་ནས་ཁོག་པ་དང་མགྲིན་པ་གཉིས་ནི་གནས་ཀྱི་རྩ་བ་ཡིན། གནས་དེ་དག་ཀྱང་དོག་པའི་གནས་དང་ཡངས་པའི་གནས་གཉིས་སུ་དབྱེ་ཡོད། དོག་པའི་གནས་ནི་མགྲིན་པ་དང་། སྣ། སྤྱི་བོའམ་ལྕེ་རྩེ་བཅས་གསུམ་ཡིན་པ་དང་། ཡངས་པའི་གནས་ཞེས་པ། ཁོག་པ་དང་། རྐན། ལྕེ། སོ། མཆུ་བཅས་ལྔར་གོ་དགོས། བྱེད་པ་ནི་ལྕེ་དང་རྐན་གཉིས་གཙོ་བོ་ཡིན་ཞིང་དེའང་གནས་དང་ཕྲད་པའི་དབང་གིས་བྱེད་པ་དྲུག་ལ་དབྱེ་ཆོག་པ་སྟེ། ཕྲད་པ་དང་། ཅུང་ཟད་ཕྲད་པ། བཙུམ་པ། ཕྱེ་པ། དོག་པ། ཡངས་པར་བྱེད་པ་བཅས་ཡིན། རྩོལ་བ་ནི་རླུང་དང་རྣམ་རྟོག་ཡིན་པས། རླུང་སྟེ་ཡི་གེ་བརྗོད་འདོད་ཀྱི་ཀུན་སློང་དང་། རྣམ་རྟོག་སྟེ་ཡི་གེ་རྣམ་པར་ཤར་བའི་རྟོག་པ་སྐྱེ་བའི་དོན་ཡིན་ནོ། ། 3uu

༢ བོད་ཀྱི་ཡི་གེ་སོ་སོ་འབྱུང་བའི་གནས་ཀྱི་ཁྱད་པར་བཤད་ན། ཀ་ཁ་ག་ང་ཧ་ཨ་འ་རྣམས་ནི་མགྲིན་པ་ལས་བྱུང་ཞིང་དེ་ཡང་། ཀ་ཁ་ག་ང་སྟེ་སྡེ་པ་དང་པོ་ནི་ལྕེའི་རྩ་བྱེད་པས་སྐྱེད་ཅིང་། བརྗོད་ཚུལ་ཁྱད་པར་ནི་ཀ་དམ་པ་དང་།  ཁ་ལྷོད་པ། ག་ཤིན་ཏུ་ལྷོད་པ། ང་ཁྱད་པར་དུ་ཆེས་ལྷོད་པར་ཀློག་དགོས། སྡེ་པ་ལྔ་པའི་ཛ་ཡིག་ཡན་ཆད་ཀུནལ་དེ་ལྟར་རིགས་འགྲེ་བྱ་དགོས། ཅ་ཆ་ཇ་ཉ་ཤ་ཡ་རྣམས་རྐན་ལས་བྱུང་ཞིང་། ཅ་ཆ་ཇ་ཉ་སྟེ་སྡེ་པ་གཉིས་པ་ནི་ལྕེའི་རྩེ་མོ་དང་ཉེ་བའི་བྱེད་པས་སྐྱེད་ཅིང་བརྗོད་ཚུལ་གྱི་ཁྱད་པར་ནི་གོང་བཞིན་རིགས་འགྲེ་བྱེད་དགོས། ཞ་ཤ་ཡ་གསུམ་གྱི་བྱེད་པ་ཡང་ལྕེའི་རྩེ་མོ་དང་ཉེ་ཙམ་འདྲ་ཡང་ཞ་ཤ་གཉིས་ནི་ལྕེའི་རྩེ་མོ་དང་མཆོག་ཏུ་ཉེ་ཞིང་རིམ་པས་ལྷོད་པ་དང་། དམ་པའི་ཁྱད་པར་ཅན་དང་། ཡ་ནི་ལྕེའི་རྐེན་པ་དང་ཅུང་ཟད་ཉེའོ། ། ཏ་ཐ་ད་ན་ལ་རྣམས་སོ་ལས་བྱུང་ཞིང་། ཏ་ཐ་ད་ན་སྡེ་པ་གསུམ་པ་ནི་ལྕེའི་རྩེ་མོའི་བྱེད་པས་སྐྱེད་ཅིང་། བརྗོད་ཚུལ་གྱི་ཁྱད་པར་གོང་ལྟར་རིགས་བསྒྲེ་དགོས། པ་ཕ་མ་ཝ་རྣམས་མཆུ་ལས་བྱུང་ཞིང་། དེ་ཡང་པ་ཕ་བ་མ་སྡེ་པ་བཞི་པ་ནི། མཆུ་སྦྱར་ཞིང་བཙུམ་པའི་བྱེད་པས་སྐྱེད་ཅིང་། བརྗོད་ཚུལ་གྱི་ཁྱད་པར་གོང་ལྟར་རིགས་འགྲེ་བྱ་དགོས། ཝ་ནི་མཆུ་ཅུང་ཟད་སྦྱོར་ལ་ཁད་དུ་ཉེ་ཞིང་། མགྲིན་པའི་བྱེད་པས་ཀྱང་བསྐྱེད་དོ། ། ཙ་ཚ་ཛ་ཟ་ས་རྣམས་སོ་དང་རྐན་ལས་བྱུང་ཞིང་། ཙ་ཚ་ཛ་གསུམ་ལྕེའི་རྩེ་མོ་དང་ཤིན་ཏུ་ཉེ་བའི་བྱེད་པས་སྐྱེད་ཅིང་བརྗོད་ཚུལ་གྱི་ཁྱད་པར་གོང་ལྟར་རིགས་བསྒྲེ་དགོས། ཟ་དང་ས་གཉིས་ཀྱི་བྱེད་པའི་ཁྱད་པར་འདྲ་ཞིང་ལྷོད་པ་དང་དམ་པའི་ཁྱད་པར་ཡོད། ར་ནི་སྤྱི་བོའམ་ལྕེ་རྩེ་ལས་བྱུང་ཞིང་ལྕེའི་རྩེ་མོ་རྐན་དང་ཅུང་ཟད་ཕྲད་པའི་བྱེད་པས་སྐྱེད་དོ། ། དབྱངས་བཞི་ལས་ཨི་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་དང་ཅུང་ཟད་འདྲེས་ལ་གནས་གྱེན་དུ་བསྒྲེང་སྟེ་ཡངས་པར་བྱས་པའི་བྱེད་པ་ཅན་དང་། ཨུ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་། དེ་ཡང་མཆུ་མ་རེག་ཙམ་དུ་ཟུམ་ཞིང་འཕང་སྨད་ནས་ཅུང་ཟད་དོག་པོར་བྱས་པའི་བྱེད་པ་ཅན། ཨོ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་། མཆུ་འོག་མ་གྱེན་དུ་བཏེགས་པ་ལྟར་འཕང་བསྟོད་ནས་ཡངས་པར་བྱས་པའི་བྱེད་པ་ཅན་ནོ། ། 3uu

༣ སྲོག་གི་ཡི་གེ་ནི་དབྱངས་ཡིག་དང་ཚེག་ཡིན་ཞིང་། སྤྱིར་སྲོག་ཆགས་ཤིག་སྲོག་དང་ལྡན་ཚེ་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་ཐུབ་ལ། སྲོག་མེད་ན་ནུས་པ་མེད་པ་བཞིན་དབྱངས་དང་ཚེག་ནི་བོད་ཡིག་གི་སྲོག་རྩ་ལྟ་བུའི་དགོས་པ་ཆེས་ཆེ་བས་དབྱངས་ཡིག་མ་ལྡན་ན་གསལ་བྱེད་ཀྱི་སྒྲ་བརྗོད་མི་ནུས་པ་དང་དེ་བཞིན་བོད་ཡིག་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ་ཅིང་། ཚེག་ཁྱིམ་མེད་ན་སྔོན་རྗེས་མིང་གཞི་རྣམས་འདྲེས་པར་འགྱུར་ནས་བརྗོད་བྱ་སྟོན་མི་ནུས་པས་ན། དབྱངས་ཡིག་དང་ཚེག་གཉིས་ནི་བོད་ཡིག་གི་སྲོག་གི་ཡི་གེ་ཡིན་ཟེར་བ་དོན་ལ་གནས་སོ། ། 3uu

༤ ང་རོ་འདྲེན་ཚུལ། བོད་ཡིག་གི་ང་རོའི་རྩ་བ་གསུམ་ཡོད་དོ། ། ཧ་དང་ཨ་འ་གསུམ་མོ། ། དེ་ཡང་སྒྲའི་གཞི་དབྱངས་ཀྱི་ཤུགས་འབྱུང་བའི་གནས་ཀྱི་རྩ་བ་ནི། ཁོག་པ་དང་། མགྲིན་པ་གཉིས་ཡིན་ཞིང་ཁོག་པ་ནས་ཤུགས་བསྐྱེད་དེ་འདོན་པར་བྱ་བའི་ཡི་གེའི་རྩ་བ་ནི་ཧ་ཡིག་དང་། མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ནི་ཨ་ཡིག མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ནི་འ་ཡིག་ཡིན་པས། ཧ་ཨ་འ་གསུམ་ལ་ང་རོའི་རྩ་བ་གསུམ་ཟེར། དེས་ན་ཡ་ཡིག་གི་སྒྲའི་ཆ་ལྡན་ལ་མགྲིན་པ་དམ་ཞིང་སྒྲ་དྲག་པའི་ཚུལ་གྱིས་དབུགས་སྟོབས་ཆུང་ངུར་འདོན་པའི་ཡི་གེ་ནི། ཀ་ཅ་ཏ་པ་ཙ་སྟེ་ཕོ་ཡིག་ལྔའོ། ། ཧ་ཡིག་སྒྲའི་ཆ་དང་ལྡན་ལ་ཁོག་པ་ཡི་གེ་ལྔའོ། ། འ་ཡིག་གི་སྒྲའི་ཆ་དང་ལྡན་ལ་མགྲིན་པ་གློད་དེ་དབུགས་སྟོབས་མི་ཆེ་བས་སྒྲ་ཅུང་ཟད་ཞན་པའི་ཚུལ་གྱིས་འདོན་པའི་ཡི་གེ་ནི་ག་ཇ་ད་བ་ཛ་ཝ་ཞ་ཟ་ཡ་ར་ལ་ཤ་ས་སྟེ་མོ་ལ་སོགས་པའི་ཡི་གེ་བཅུ་གསུམ་མོ། ། འ་ཡིག་གི་སྒྲའི་ཆ་དང་ལྡན་ལ། ཁྱད་པར་སྣ་ནས་འདྲེན་ཞིང་། དབུགས་སྟོབས་ཕྲ་མོས་སྒྲ་ལྷག་པར་ཞན་པའི་ཚུལ་གྱིས་འདོན་པའི་ཡི་གེ་ནི་ང་ཉ་ན་མ་སྟེ་ཤིན་ཏུ་མོའི་ཡི་གེ་ལྔའོ། ། 3uu

          གཉིས་པ།  བོད་སྐད་ཡིག་གི་འགྱུར་བ། 3uu

༡ བོད་སྐད་ལ་ཡུལ་སྐད་རིགས་མི་འདྲ་བ་གཙོ་བོ་གསུམ་དུ་དབྱེ་སྲོལ་ཡོད་པ་སྟེ། དབུས་གཙང་གཉིས་ཀྱི་སྐད་དང་། ཁམས་སྐད། ཨ་མདོའི་སྐད་བཅས་ཡིན། འདིར་དབུས་གཙང་ཡུལ་སྐད་ཀྱི་འགྱུར་བའི་སྐོར་རགས་ཙམ་གླེང་བར་བྱ་ཞིང་། དབུས་གཙང་ཡུལ་སྐད་ནི་དབུས་སྐད་དང་གཙང་སྐད་ལས་གྲུབ་ཅིང་། དབུས་སྐད་ཀྱི་ཁོངས་སུ། ལྷ་ས་དང་། ཕན་པོ། སྙེ་མོ། མལ་གྲོ་གུང་དཀར། ཆུ་ཤུར། ཀོང་པོ། ལྷོ་ཁ་སོགས་ཀྱི་སྐད་འདུས་པ་དང་། གཙང་སྐད་ཀྱི་ཁོངས་སུ། གཞིས་རྩེ་དང་། རྒྱལ་རྩེ། ལྷ་རྩེ། དིང་རི། ས་སྐྱ་སོགས་ཀྱི་སྐད་འདུས་ཡོད། དབུས་གཙང་ས་ཁུལ་ནི་བོད་མིའི་ཐོག་མའི་འབྱུང་གནས་ཡིན་ལ། ལོ་རྒྱུས་རིམ་པའི་ཐོག་བོད་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར་རིག་གནས་བཅས་གཅིག་འདུས་བྱེད་པའི་ས་གནས་ཀྱང་རེད། ཁུལ་དེའི་སྤྱི་ཚོགས་འཕེལ་ཚད་མགྱོགས་ལ། ཡུལ་ལུང་མི་འདྲ་བའི་མི་སྣ་འཛོམས་འདུས་ཆེ་བས་སྐད་ཡིག་ལའང་དེ་འབྲེལ་འགྱུར་བ་དང་འཕེལ་རྒྱས་བྱུང་ཡོད། དེང་སྐབས་དབུས་གཙང་ཡུལ་སྐད་ཀྱི་སྒྲ་གདངས་དེ་བོད་ཡིག་གི་ཐོག་མའི་སྒྲ་གདངས་དང་བསྡུར་ཚེ་འགྱུར་ལྡོག་ཆེ་ཙམ་བྱུང་ཡོད། འགྱུར་བ་དེ་དག་ཇི་ལྟར་བྱུང་བ་དང་འགྱུར་བའི་རིགས་ཇི་ཡོད་ཆེས་རགས་པ་ཙམ་གླེང་ན། 3uu

༡ བོད་ཡིག་སྦྱོར་ཀློག་སྐབས་སྔོན་ཡང་རྗེས་གསུམ་དང་བརྩེགས་འདོགས་སོ་སོའི་རང་སྒྲ་རེ་རེ་བཞིན་ཐོན་པའི་སྒོ་ནས་ཀློག་གི་ཡོད་རུང་སྡུད་ཀློག་སྐབས་གཙང་ཁུལ་དུ་རང་སྒྲ་རེ་རེ་བཞིན་མི་ཐོན་པར་སྒྲ་མཐའ་མ་དེ་རང་ལས་མི་གསལ་བའི་རིམ་འགྱུར་བྱུང་འདུག་དེའང་མིང་གཞིའི་ཡི་གེ་ཐ་དད་པ་དང་། སྒྲ་གདངས་ལ་དབྱེ་བ་ཡོད་པ་ཁག་གཅིག་དུས་རབས་བཅུ་གཅིག་བཅུ་གཉིས་ཙམ་ནས་དབུས་གཙང་གི་ས་ཆ་འགའ་ཞིག་ལ་སྒྲ་གདངས་ཉེ་མཚུངས་སུ་གྱུར་ཟིན་ཅིང་། སྒྲ་འདྲའི་ཡི་གེ་དེ་ཚོ་དག་དོན་ལ་ཁྱད་པར་ཡོད་པས་སྐབས་དེར་ས་སྐྱ་པཎྡ་ཏས་བརྩམ་པར་མཚད་པའི་<<དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ>>ཡི་ནང་དག་བྱེད་ལ་ཟབ་ནན་དགོས་པ་ནན་བཤད་གནང་འདུག་པ། དཔེར་ན། 3uu

          རྒྱལ་བའི་སྐུ་ནི་ས་སྐུ་ལ། ། རྐུན་མ་དག་ནི་ར་རྐུ་ཡིན། ། 3uu

          ཀུ་ཅོ་བྱེད་པ་ཀུ་རྐྱང་ལ། ། ལྐུགས་པ་དག་ནི་ལ་ལྐུགས་ཡིན། ། 3uu

          བཀྲ་ཤིས་དག་ནི་བ་བཀྲ་ལ། ། མགོ་བོའི་སྐྲ་ནི་ས་སྐྲ་ཡིན། ། 3uu

          དུས་ལ་སྔ་བ་ས་སྔ། ། ཐུགས་ལ་མངའ་བ་མ་མངའ་ཡིན། ། 3uu

          བརྡུངས་པའི་རྔ་ནི་ར་རྔ་ཡིན། ། གྲངས་ཀྱི་ལྔ་ནི་ལ་ལྔ་ཡིན། ། 3uu

          གོང་མས་མངག་པ་མ་མངག་ལ། ། སྔགས་འདྲེན་པ་དང་སྔགས་པ་རྣམས། ། 3uu

          ས་སྔགས་ཡིན་པས་ཤེས་པར་བྱ། །  ཞེས་པ་ལྟ་བུ། །  3uu

༢ ཚིག་གྲོགས་དང་བསྡེབས་སྐབས་ཚིག་འོག་མས་ཚིག་གོང་མར་ཤུགས་རྐྱེན་ཐེབས་ཏེ་སྒྲ་ལ་འགྱུར་འགྲོ་བ།  མིང་ཚིག་ཁག་གཅིག་གི་ཚིག་གྲོགས་ཀྱི་སྔོན་འཇུག་གིས་ཚིག་གོང་མའི་མཐའ་མེད་ཀྱི་མིང་གཞི་དེའི་སྒྲ་ལ་ཤུགས་རྐྱེན་ཐེབས་ཏེ་མཐའ་རྟེན་ཅན་གྱི་སྒྲ་ལྟ་བུར་འགྱུར་འགྲོ་བ། དཔེར་ན། རྒྱ་མཚོ་ཞེས་པར་མཚོན་ན་མཐའ་མེད་ཀྱི་མིང་གཞི་རྒྱ་ལ་ཚིག་གྲོགས་མཚོ་ཡི་སྔོན་འཇུག་མ་ཡིན་ཤུགས་རྐྱེན་ཐེབས་ཏེ་“རྒྱམ”ཞེས་མཐའ་རྟེན་གྱི་སྒྲ་ལྟ་བུར་གྱུར་ཏེ་“རྒྱམ་མཚོ”ཞེས་ཟེར་བ་དང་། རྟ་འགྲིན་ལ་“རྟམ་འགྲིན”དང་བློ་བཟང་ལ་ “བློབ་བཟང་”ཞེས་དང་།  མིང་གཞི་རྐྱང་བའི་ཚིག་གྲོགས་དེ་ཚིག་གོང་མའི་རྗེས་འཇུག་ལྟ་བུར་འགྱུར་བ།  སྒོ་ང་དེ་ “སྒོང་ང་”དང་སླ་ང་དེ་ “སླང་ང་”ཞེས་ཟེར་བ་ལྟ་བུ། དེ་བཞིན་ཚིག་གྲོགས་ཀྱི་མགོ་ཅན་གྱི་ཡི་གེས་ཚིག་གོང་མའི་མཐའ་མེད་ཀྱི་མིང་གཞི་དེའི་སྒྲ་ལ་ཤུགས་རྐྱེན་ཐེབས་ཏེ་མཐའ་རྟེན་ཅན་གྱི་སྒྲ་ལྟ་བུར་འགྱུར་འགྲོ་བ། དཔེར་ན། རྡོ་རྗེ་ཞེས་པར་མཚོན་ན་མཐའ་མེད་ཀྱི་མིང་གཞི་རྡོ་ལ་ཚིག་གྲོགས་རྗེ་ཡི་མ་མགོའི་ཤུགས་རྐྱེན་ཐེབས་ཏེ“རྡོར”ཞེས་མཐའ་རྟེན་ཅན་གྱི་སྒྲ་ལྟ་བུརའགྱུར་ཏེ་“རྡོར་རྗེ”ཞེས་ཟར་བ་དང་། དེ་བཞིན་ཕོ་རྒོད་ལ་ “ཕོར་རྒོད”ཅེས་ཟེར་བ་ལྟ་བུ། 3uu

༣  ཡང་མིང་ཚིག་ཁག་གཅིག་གི་ཚིག་གྲོགས་དང་དེའི་ཚིག་གོང་མ་གཉིས་ཀྱི་སྒྲའི་སྐྱེ་གནས་མི་འདྲ་བའི་དབང་གིས་བརྗོད་མི་བདེ་བ་ཡོད་པ་དེ་དག་དབུས་གཙང་ཡུལ་སྐད་ཀྱི་ནང་དུ་ཚིག་གོང་མའི་སྐྱེ་གནས་དང་མཐུན་པའི་ཚིག་གྲོགས་ཤིག་བརྗོད་བ་དེའི་ཕྱིར་སྤྱད་པ་རྒྱུན་འཇགས་སུ་གནས་པ། དཔེར་ན། ལག་པ་ལྟ་བུར་མཚོན་ན་ཚིག་གོང་མ་ལག་ཅེས་པའི་རྗེས་འཇུག་ག་ཡིག་ནི་མགྲིན་པ་ལས་སྐྱེ་བའི་སྒྲ་ཞིག་ཡིན་པ་དེའི་ཚིག་གྲོགས་སུ་མཆུ་ལས་སྐྱེ་བའི་སྒྲ་པ་ཡིག་བརྗོད་མི་བདེ་བའི་དབང་གིས་ཚིག་གོང་མའི་སྐྱེ་གནས་དང་མཐུན་པའི་ག་ཡིག་སྤྱད་དེ།  ལག་ག་ཞེས་ཟེར་བ་དང་། དེ་བཞིན་རྐང་པར་“རྐང་ག”དང་ཕྲེང་བ་ལ་“ཕྲེང་ང་”ཡག་པོ་ལ་“ཡག་གོ”ཟོར་བ་ལ་ “ཟོར་ར”གླིང་བུ་ལ་“གླིང་གུ”ལྟ་བུ། གོང་གསལ་དབུས་གཙང་ཡུལ་སྐད་ཀྱི་སྒྲ་གདངས་ལ་འགྱུར་བ་ཆེ་ཞིང་དེའང་གཙོ་བོ་སྔོན་འཇུག་གི་ཡི་གེ་དག་མིང་གཞིའི་ཡི་གེར་ཞུགས་སྐབས་སྒྲ་གདངས་དྲག་ཞན་བར་གསུམ་ཇི་ལྟར་ཐོན་དགོས་པའི་དབྱེ་བ་མི་གསལ་བས་ཀ་རྐྱང་བ་དང་། ར་ལ་ས་གསུམ་གྱི་མགོ་ཅན་ལྡན་པའི་ཀ་བཅས་སྒྲ་འདྲ་བ་དང་། བས་འཕུལ་ཅན་གྱི་ཀ་ར་བཏགས་དང་ས་མགོ་ལྡན་པའི་ཀ་ར་བཏགས་གཉིས་སྒྲ་འདྲ་བ། ར་ལ་ས་གསུམ་གྱི་མགོ་ཅན་ལྡན་པའི་ང་དང་།  མས་འཕུལ་ངའི་ང་གཉིས་སྒྲ་འདྲ་བ་བཅས་སྒྲ་འདྲར་གྱུར་ཟིན་པས། 3uu

          ཀ། =རྐ། =ལྐ། =སྐ། 3uu

          བཀྲ། =སྐྲ། 3uu

          སྔ། =མངའ། =རྔ། =ལྔ། 3uu

ལྟ་བུ་ཡིན་པ་དང་། ལྷག་པར་རྗེས་འཇུག་ག་ར་ལ་དང་ཡང་འཇུག་ད་ས་བཅས་པའི་རང་སྒྲ་རྣམས་དེ་བས་གསལ་པོ་མི་ཐོན་པ་བཅས་སྐབས་དེར་ཡི་གེ་བཀླག་པའམ། གཏམ་གླེང་ནང་སྡུད་ཀློག་གི་སྒྲ་དེ་ཆེས་ཡང་བའི་ཚུལ་དུ་ཐོན་པ་ལས་སྔོན་འཇུག་ཡང་གསུམ་བརྩེགས་འདོགས་བཅས་པའི་སྒྲ་ཚང་མ་ཐོན་པའི་སྲོལ་དེ་རྦད་དེ་འགྱུར་ཡོད། སྔོན་ཆད་སྒྲ་ཚང་མ་ཐོན་པའི་སྒོ་ནས་འདོན་སྲོལ་ཡོད་འདུག གང་ལགས་ཞེ་ན་དེང་སང་གཙང་སྐད་ནང་བྱིས་པ་ལ་“བི་ས”ཞེས་པའི་མིང་གཞི་དང་རྗེས་འཇུག་གི་སྒྲ་སོ་སོར་ཐོན་པ་དང་། དབུས་སྐད་ནང་དེ་སྔོན་ཁྱིམ་རྒྱུད་ཅིག་གི་མིང་ལ་རྨ་བྱ་ཞེས་ཟེར་བ་ཞིག་ཡོད་པ་ལ“རྨ་ཡ”ཞེས་པ་དང་ཡ་བཏགས་ཀྱི་སྒྲ་སོ་སོར་ཐོན་པ་ལྟ་བུའོ། ། མདོར་ན་ཡི་གེའི་སྒྲ་གདངས་ལ་འགྱུར་ལྷད་ཆེན་པོ་བྱུང་སྟེ། སྒྲ་འདྲ་མང་པོ་ཞིག་རིམ་འཕེལ་བྱུང་འདུགརྟགས་ཀྱི་འཇུག་པའི་སྔོན་འཇུག་གི་ཇི་ལྟར་འཇུག་པ་འཆད་སྐབས།  ཕོ་ནི་དྲག་པའི་ཚུལ་གྱིས་ཏེ།  མ་ནིང་རན་པར་འཇུག་པ་ཡིན།  ཞེས་གསུངས་པ་ལྟར་སྔོན་འཇུག་གི་ཕོ་བ་དང་།  མ་ནིང་ག་ད་གཉིས་མིང་གཞིའི་ཡི་གེར་འཇུག་སྐབས་སྒྲ་གདངས་དྲག་པ་དང་རན་པའི་དབྱེ་བ་ཡོད་རུང་དེང་གི་ཆར། ཀ་ཅ་ཏ་པ་ཙ་ལྔ་མིང་གཞི་རྐྱང་བའམ། ཡང་ན་སྔོན་འཇུག་བ་དང་ག་ད་གང་རུང་བཞུགས་པ། ར་ལ་ས་གསུམ་གྱི་མགོ་ཅན་གང་རུང་ལྡན་པ་བཅས་གང་ཡིན་རུང་། སྒྲ་གདངས་ལ་དབྱེ་བ་མེད་པ་ལྟ་བུར་འགྱུར་བ།  དཔེར་ན། 3uu

          ཀ།  =བཀའ།  =དཀའ།  =རྐ། =ལྐ།  =སྐ། 3uu

          ཅ། =བཅའ། =གཅའ། =ལྕ། 3uu

          ཏ། =བཏའ། =གཏའ། =རྟ། =ལྟ། =སྟ། 3uu

          པ། =དཔའ། =ལྤ། =སྤ། 3uu

          ཙ། =བཙའ། =གཙའ། =རྩ། 3uu

ལྟ་བུ་སྒྲ་གདངས་ཀྱི་ཐད་ནས་དབྱེ་བ་གསལ་མི་ཐུབ་པའི་འགྱུར་བ་བྱུང་སྟབས། དག་དོན་ལ་དབྱེ་བ་ཡོད་པ་ངེས་བདེའི་ཆེད་དུས་རབས་བཅུ་གཉིས་པ་ཙམ་ནས་བཟུང་བརྩམ་པའི་དག་ཡིག་རིམ་པའི་ནང་བློ་འཛིན་བྱེད་བདེའི་ཚིགས་བཅད་ཕྱོགས་བསྒྲིགས་བྱས་ཡོད་པ་རེད། ཡི་གེའི་སྒྲ་གདངས་ལ་འགྱུར་བ་ཕྱིན་པ་དང་དུས་མཚུངས་ཡུལ་སྐད་ཀྱི་ནང་དུ་མིང་ཚིག་ཁག་གཅིག་གི་ཚིག་གྲོགས་ཀྱི་སྔོན་འཇུག་གམ། ཡང་ན་མགོ་ཅན་གྱི་ཡི་གེའི་ཤུགས་རྐྱེན་དེ་ཚིག་གོང་མར་ཐེབས་ནས་མཐའ་རྟེན་ཅན་གྱི་སྒྲ་གནས་མི་འདྲ་བའི་དབང་གིས་བརྗོད་མི་བདེ་བར་གྱུར་པ་དེ་མིང་དངོས་ཀྱི་སྐྱེ་གནས་དང་མཐུན་པ་ཞིག་རྒྱུན་འབྱམས་སུ་གྱུར་པ་བཅས་དབུས་གཙང་ཡུལ་སྐད་ཀྱི་སྒྲ་གདངས་ཐད་དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པ་ཙམ་ནས་བཟུང་འགྱུར་བ་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད། དབུས་གཙང་ཡུལ་སྐད་ནི་ཡུལ་སྐད་རིགས་མི་འདྲ་བ་གཙོ་བོ་གསུམ་གྱི་ནང་ཚན་གཅིག་ཡིན་མོད། འོན་ཀྱང་དབུས་གཙང་ཡུལ་སྐད་ཀྱི་ནང་དུའང་སྒྲ་གདངས་མི་འདྲ་བ་མང་པོ་ཡོད། དཔེར་ན། སྲ་ཞེས་པའི་ཡི་གེ་དེར་དབུས་པའི་ཡུལ་སྐད་ལ་“ཀྲ”ཞེས་ཀྲན་མ་དང་ཀྲས་མོ་ཟེར་བ་དང་། གཙང་གི་ཡུལ་སྐད་ལ་“ཧྲ”ཞེས་ཧྲན་མ་དང་ཧྲས་མོ་ཟེར་བས། སྒྲ་གདངས་ཡོངས་སུ་ཐ་དད་དུ་འགྱུར་བ་དང་། དབུས་གཙང་གཉིས་ཀྱི་ནང་ནས་དབུས་སྐད་ནི་གཙང་སྐད་ལམ་འགྱུར་བ་ཆེ་ལ་མགྱོགས་པོ་ཡོད་པ་རེད། དབུས་ཁུལ་ནི་ནང་ནས་དབུས་སྐད་ནི་གཙང་སྐད་ལས་འགྱུར་བ་ཆེ་ལ་མགྱོགས་པོ་ཡོད་པ་རེད། དབུས་ཁུལ་ནི་བཙན་པོའི་དུས་རབས་སྐབས་བོད་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་གནས་ཡིན་པ་མ་ཟད་དེ་རྗེས་བོད་ས་གནས་ཀྱི་རྒྱལ་རབས་འཕྲིན་ལས་ཀྱི་དབང་སྒྱུར་བ་པོའི་ལྟེ་གནས་མང་ཆེ་བ་དབུས་ཁུལ་དུ་ཡིན་པས་ཕྱོགས་མཐའི་མི་སྣ་འདྲ་བ་ཇི་སྙེད་ཅིག་འདུ་འཛོམས་གནས་སྡོད་དང་འགྲུལ་བཞུད་ཆེ་བས། གཅིག་ནས་སྐད་ཡིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བྱེད་པའི་དགེ་ཚན་ཡོད་ལ། གཉིས་ནས་ཡུལ་ལུང་གཞན་པའི་ཡུལ་སྐད་ཀྱི་ཤན་ཞུགས་པ་སོགས་མ་དག་རྒྱུན་འབྱམས་བྱེད་པའི་སྐྱོན་ཆ་ཡོད་པ་བཅས་གང་ལྟར་འགྱུར་ལྡོག་ནི་ཧ་ཅང་ཆེན་པོ་ཕྱིན་ཡོད།  དབུས་གཙང་དང་།  ཁམས། ཨ་མདོ་བཅས་གསུམ་པོའི་ཡུལ་སྐད་དབར་ཧེ་བགས་ཆེ་ལ། ཕན་ཚུན་སྐད་བརྡ་འཕྲོད་དཀའ་ཙམ་ཡོད་ཅིང་དབུས་གཙང་གི་མིའི་ངོས་ནས་བཤད་ན། ཁམས་སྐད་ཅུང་གོ་བདེ་བ་དང་། ཨ་མདོའི་སྐད་ཧ་ཅང་གོ་ཁག་པོ་ཡོད་པ་རེད། ཨ་མདོའི་སྐད་སྤྱོད་ཡུལ་ནི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ། ཟི་ཁྲོན་ཞིང་ཆེན་གྱི་རྔ་པ་བོད་རིགས་རང་སྐྱོང་ཁུལ་(རྒྱལ་རོང་པ)བཅས་ཡིན་པ་དང་། ཁམས་སྐད་སྤྱོད་ཡུལ་ནི། ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ས་ཁུལ་དང་ནག་ཆུ་ས་ཁུལ་བཅས་ཡིན། 3uu

༢ བོད་ཀྱི་ཡི་གེ་ནི་དུས་རབས་བདུན་པའི་ནང་སྐབས་དེར་བོད་རིགས་ཚོས་ཐུན་མོང་དུ་སྤྱོད་པའི་སྐད་ཆ་དེར་བསྟུན་ནས་གསར་གཏོད་མཛད་པ་པ་ཞིག་ཡིན་པས། ཡུལ་སྐད་རིགས་མི་འདྲ་བ་གཙོ་བོ་གསུམ་གྱི་ས་ཁུལ་གང་ལ་ཡིན་རུང་། བཀའ་བསྟན་བཅོས་དང་རྒྱལ་རབས་དེབ་ཐེར་ལེགས་བཤད་སོགས་ཡི་གེར་འཕོད་པ་ཞིག་ཡིན་ཕྱིན་གོ་བརྡ་མི་འཕྲོད་པའི་གནས་ཚུལ་དེ་མེད་ཅིང་། བོད་ཀྱི་ཡི་གེ་ནི་སྐད་ཆ་ལྟ་བུའི་འགྱུར་བ་དང་། འཕེལ་རྒྱས་མྱུར་པོ་དེ་འདྲ་བྱུང་མེད། ཡིན་ནའང་བོད་ཀྱི་ཡི་གེར་གང་ལྟར་འགྱུར་བ་བྱུང་ཡོད་པས་མ་མཐར་ཡང་གནའ་རབས་ཀྱི་ཡི་གེ་དང་ཉེ་རབས་ཀྱི་ཡི་གེ་ཞེས་གཉིས་སུ་དབྱེ་ཆོགབོད་ཡིག་གསར་གཏོད་མཛད་པ་ནས་དུས་རབས་དགུ་པ་ཁྲི་རལ་པ་ཅན་གྱི་སྐབས་ལོ་ཙྰ་པ་ཆེན་པོ་སྐ་ཅོག་ཞང་གསུམ་གྱིས་སྐད་གསར་བཅད་མ་མཛད་བར་སྤྱོད་པའི་ཡི་གེ་དེ་གནའ་རབས་ཀྱི་ཡིན་པར་བརྩི་ཆོག་པ་དང་། དེ་སྐབས་ཀྱི་ཡི་གེའི་དཔེ་མཚོན་ཙམ་དུ་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ཡི་གེས། (ནུབ་ངོས་གཡོན་དུ་)3uu

          (1)། ། བོད་ཀྱི་རྒྱལ་པོ་ཆེན་པོ། 3uu

          (2)འཕྲུལ་གྱྀ་ལྷན་བཙན་པོ་དང་། 3uu

          (3)རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ། 3uu

          (4)དབོན་ཞང་གཉྀས། ཆབ་སྲིད། 3uu

          (5)གཅྀག་དུ་ལོམ་ནས། མཇལ་དུས། 3uu

          (6)ཆེན་པོ་མཛད་དེ་གཅྀགས་བཅས་པ། པ། 3uu

          (7)ནམ་ཞར་ཡང་མྱྀ། 3uu

          (8)ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས། 3uu

          (9)ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད། 3uu

          (10)དུ་ཡོད་པའྀ་ཕྱིར། མཇལ་དུམ་གྱི་གཙིགས། 3uu

          (11)ཀྱྀ་མདོ་རྡོ་རིང་ལ་བྲིས་པའོ། ། 3uu

ཞེས་རྡོ་རིང་དུ་བཀོད་པའི་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས། “བྱི་བའི་ལོ་ལ། བཙན་པོ་དབྱརད་བལ་པོ་ན་བཞུགས། པྱི་དྲོན་ན་བཞུགས། འབོན་ད་རྒྱལ་དང་། བློན་ཆེན་ཕོ་ཁྱི་གཟིགས་གྱིས། ལྷ་གབ་གྱི་བྱེ་མ་ལུང་དུ་བསྡུ་སྟེ། དགུན་བྲག་དམར་ན་བཙུགས་བཙན་པོ་མཚན་རྒྱལ་གཙུག་རུ་ལས། ཁྲི་ལྡེ་གཙུག་རྩན་དུ་གསོལད། པྱི་ཁྲི་མ་ལོད་ནོངས། དགུན་འདུན་སྐྱི་དྲ་ཙམ་དུ་འབོད་ད་རྒྱལ་དང་། བློན་ཆེན་ཕོ་ཁྲི་གཟིགས་ཀྱིས་བསྡུ་སྟེ། རུ་གསུམ་གྱི་ཁྲག་དམར་ཕོ་བརྩིས། ཕྱི་བཏོལ་བར་ལོ་གཆིག། ”3uu

གོང་གསལ་རྡོ་རིང་དུ་བཀོད་པའི་ཡི་གེ་དང་། ལྷག་པར་དུ་ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་ལས་སྤྱིར་གཙོ་དོན་གོ་བ་མི་ལོན་པ་ཧ་ལམ་ཆེ། འོན་ཀྱང་ཚིག་དོན་འགའ་ཞིག་ཅུང་གོ་དཀའ་བ་དང་། ཚིག་དོན་རེ་ཟུང་གོ་རྒྱུ་རྩ་བ་ནས་མེད་པ་ལྟར་སྣང་བ། དེ་བཞིན་ཉེ་རབས་ཀྱི་ཡི་གེ་དང་མི་འདྲ་བའི་ས་གང་མཆིས་ཤེ་ན། གི་གུ་ལྡོག་པ་ཅན་མང་པོ་ཞིག་བསྲེས་ཤིང་སྤྱོད་པ། དཔེར་ན། “དབོན་ཞང་གཉྀས་ཆབ་སྲིད་གཅྀག་དུ་ལོམ། ”ལྟ་བུ་དང་། མིང་གཞིའི་ཡི་གེ་“ཀ་དང་ཁ་ཅ་དང་ཆ། ཏ་དང་ཐ། པ་དང་ཕ། ཙ་དང་ཚ་ཕན་ཚུན་བརྗེ་རེས་བྱེད་པ་ལོ་གཅིག་ལ་ལོ་གཆིག་དང་། བློན་ཆེན་པོ་ལ་བློན་ཆེན་ཕོ་བུ་ཚ་ལ་བུ་ཙ”ལྟ་བུ། རྗེས་འཇུག་ད་ན་གཉིས་སྒྲའི་སྐྱེ་གནས་གཅིག་པ་ཡིན་པའི་དབང་གིས་ཕན་ཚུན་བརྗེ་རེས་བྱེད་པ། “བཙན་པོ་ལ་བཙད་པོ་དང་ཆེན་པོ་ལ་ཆེད་པོ། ”ལྟ་བུ། དབྱངས་ཡིག་གི་གི་གུ་དང་འགྲེང་བུ་ཅན་གྱི་མིང་གཞིའི་ཡི་གེ་མ་ལས་གྲུབ་པའི་མིང་དང་ཕྲད། “མིང་དང་མི་མེ་མེད”སོགས་ལ་ཡ་བཏགས་སྦྱར་ནས་“མྱིང་མྱི་མྱེ་མྱེད”ཅེས་བྲི་བ། རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་ད་དྲག་དངོས་སུ་བྲི་བ། “ཐུགས་བརྟནད། སྦྱརད། དབྱརད། གསོལད་”མིང་གཞི་རྐྱང་བའི་རྗེས་སུ་མཐའ་དངོས་སུ་སྦྱར་བ། “ལྡེ་སྲོང་ཡབ་ཀྱི་རིང་ལའ། ”མིང་གཞི་ཙ་ལ་ས་མགོ་ལྡན་པའི་ཐ་སྙད་མང་བ། “ལ་སོགས་པར་ལ་སྩོགས་པ་དང་བསགས་པ་ལ་བསྩགས་པ་གསན་པ་ལས་གསྩན་པ་”སོགས་ཡོད་པ་ལས། ད་དྲག་དང་ཡ་བཏགས་འ་མཐའ་སོགས་ཀློག་འདོན་སྐབས་སྒྲ་དངོས་སུ་མི་ཐོན་པ་དང་། དགོས་པ་ཆེར་མེད་པ་མང་པོ་ཞིག་ཡོད་པ་དེ་དག་ཡི་གེ་ཟོར་ཡང་བའི་ཆེད་འདོར་སྤོང་དགོས་པའི་སྐད་བཅས་སྔ་རྗེས་མཛད་པ་བཞིན་བོད་ཡིག་བརྗོད་དོན་གོ་བདེ་བ་དང་།  རྗོད་ཚིག་སྙན་པ་སོགས་འགྱུར་ལྡོག་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེའང་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ནས་འགོ་ཚུགས་ཏེ་དུས་རབས་བཅུ་གཉིས་པའི་ནང་འཕེལ་འགྱུར་ངེས་པ་ཅན་ཞིག་བྱུང་ཡོད་པས།  དཔེ་མཚོན་ཙམ་དུ། ས་སྐྱ་ལེགས་བཤད་ལས། “ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། ། མ་བསྡུས་པར་ཡང་རང་ཉིད་འདུ། ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། ། མཁས་པ་ཡོན་ཏན་དཔག་མེད་ཀྱང་། ། གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། ། དེལྟར་རྒྱུན་དུ་སྤྱད་པ་ཡིས། ། མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ”ཞེས་དང་།  མི་ལའི་རྣམ་ཐར་ལས། 3uu

“ངའི་རུས་ཁྱུང་པོ། རིགས་ཇོ་སྲས། ང་རང་མི་ལ་རས་པ། དང་པོ་ནི་ལས་ནག་པོ་ཡང་བྱས། བར་དུ་དཀར་པོ་ཡང་བྱས་། ད་ལྟ་ལས་དཀར་ནག་གཉིས་ཀ་དང་བྲལ་ཞིང་། ལས་ཀྱི་གཞི་ཟད་པས་མ་འོངས་པ་ན་བྱེད་པར་མི་འགྱུར་བ་ཞིག་ཡིན་ཞིང་། དེ་རྣམས་རྒྱས་པར་བཤད་ན་ལ་ལ་ངུ་བྲོ། ལ་ལ་ནི་དགོད་བྲོ་བའི་རྒྱུ་མཚན་མང་པོ་ཡོད་དེ་བཤད་རུང་དོན་ཆུང་བས་མི་རྒན་སོས་དལ་དུ་ཉལ་དུ་ཆུག”ཅེས་གསུངས། གོང་གསལ་དུས་རབས་བཅུ་གསུམ་པའི་ནང་བརྩམ་པར་མཛད་པའི་བཏུས་ཚིགས་བཅད་དང་། དུས་རབས་བཅོ་ལྔ་པའི་མི་ལའི་རྣམ་ཐར་གྱི་ཚིག་དུམ་འདིར་མཚོན་ན་ཚིག་སྦྱོར་བདེ་ཞིང་། བརྡ་དག་གི་སྦྱོར་ཚུལ་མི་འཁྲུག་པ། གོ་དོན་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་དེ་དང་། སྤྱི་ལོའི་དུས་རབས་བརྒྱད་པ་དགུ་པའི་སྐབས་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་དང་རྡོ་རིང་གི་ཡི་གེའི་དབར་བསྡུར་ཙམ་བྱས་ཚེ་བར་ཁྱད་དབྱེ་བ་ཧ་ཅང་ཆེ་བས་གནའ་རབས་ཀྱི་བོད་ཡིག་དང་ཉེ་རབས་ཀྱི་བོད་ཡིག་ཅེས་དབྱེ་བར་འོས་པ་དང་། འདས་ཟིན་པའི་ལོ་ཟླའི་ནང་སྐད་ཡིག་གཉིས་གར་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་དང་། དེའི་ནང་ནས་སྐད་ཆ་ནི་ནམ་ཡིན་རུང་སྐད་ཡིག་གཉིས་གར་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་དང་། དེའི་ནང་ནས་སྐད་ཆ་ནི་ནམ་ཡིན་རུང་འཕེལ་རྒྱས་ཀྱི་གོམས་སྟབས་མྱུར་ལ་འགྱུར་བ་ཆེ་བ་དང་། ལྷག་པར་ལྷ་སའི་སྐད་ནི་མངོན་གསལ་གྱི་འགྱུར་ལྡོག་ཆེ་བར་བརྟེན། སླད་དཔྱད་ཞིབ་བྱ་རྒྱུ་དགོས་པ་གལ་ཆེན་ཡིན་པར་སེམས་སོ། །  3uu

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།