༄༅།། ཟླ་མཚན་ནི་ཅི་ཞིག་ཡིན་ནམ།
སྤེལ་དུས།  2017-04-23  རྡེབ་ཚད།   ཡོང་ཁུངས། དྲ་རྒྱ་ལས་བཏུས།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

捕获.JPG1.JPGVNC

1ཟླ་མཚན་འཁོར་ལོ་ནི་ཅི་ཞིག་ཡིན་ནམ། VNC

2རྒྱུན་ལྡན་གྱི་ཟླ་མཚན།VNC

3ངས་རང་གི་ཟླ་མཚན་འཁོར་ལོར་ཚོད་རྩིས་ཇི་ལྟར་བྱེད་དགོས་སམ།VNC

4ཟླ་མཚན་འཁོར་ལོ་རྒྱུན་ལྡན་མ་ཡིན་པ་བཟོ་བའི་རྒྱུ་གང་ཡིན་ནམ།VNC

5ཟླ་མཚན་རྒྱུན་ལྡན་མ་ཡིན་པར་འགྱུར་བ་ཇི་ལྟར་སྔོན་འགོག་VNC

བྱེད་དགོས་སམ།VNC

ཟླ་མཚན། རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པ། ཟླ་མཚན་གྱིས་སྐྱེས་མ་ཞིག་གི་གཟུགས་གཞིའི་བདེ་ཐང་ཐད་གསལ་བཤད་མང་པོ་ཞིག་བྱེད་ཐུབ། རྩོམ་ཡིག་འདིར་ང་ཚོས་མཉམ་དུ་ཟླ་མཚན་འབབ་པའི་དུས་ཡུན་ལ་ཚོད་རྩིས་ཇི་ལྟར་བྱེད་མིན་དང་། རྒྱུན་ལྡན་མ་ཡིན་པའི་ཟླ་མཚན་འབབ་པ་ལ་ཅི་ཞིག་བྱེད་དགོས་མིན་སྐོར་རྒྱུས་ལོན་བྱེད།VNC

ཁྱེད་ཀྱིས་རང་གི་ཉེ་བའི་དུས་ཀྱི་ཟླ་མཚན་འབབ་འགོ་དུས་ནམ་ཞིག་ལ་བརྩམས་མིན་དང་། ཉིན་གྲངས་ག་ཚོད་རིང་འབབ་པ་དྲན་ནམ། གལ་སྲིད་དྲན་མི་ཐུབ་ན། ཁྱེད་ཀྱིས་རང་གི་ཟླ་མཚན་ལ་དོ་སྣང་དང་ཉམས་འཇོག་བྱེད་པའི་དུས་ལ་བབ་ཡོད།VNC

ཟླ་མཚན་འབབ་དུས་ལ་ཚོད་རྩིས་བྱེད་པ་སྟེ། ཁམས་དམར་ཆགས་པའི་དུས་ཚོད་དང་གལ་གནད་ཆེ་བའི་འགྱུར་ལྡོག་ཁག་ལ་རྒྱུས་ལོན་བྱེད་པ་དཔེར་ན། ཟླ་མཚན་མ་འབབ་པའམ། དུས་ལྟར་མ་འབབ་པ། སྔོན་དཔག་བྱེད་མ་ཐུབ་པར་གློ་བུར་ཟླ་མཚན་འབབ་པ་སོགས་ལ་རྒྱུས་ལོན་བྱས་ན། དེས་ཁྱེད་ལ་རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པའི་ཟླ་མཚན་སྐོར་ལ་གོ་བ་ངེས་ཅན་ཞིག་སྟེར་ཐུབ། ཟླ་མཚན་དུས་ལྟར་མི་འབབ་པ་འདི་སྤྱིར་ན་ཉེན་ཁ་ཆེ་བའི་གནད་དོན་ཞིག་མིན་ཡང་། སྐབས་རེར་དེས་ཁྱེད་ཀྱི་གཟུགས་གཞིའི་གནས་བབ་ལ་འགྱུར་ལྡོག་བྱུང་བ་མཚོན་པ་ཡིན།VNC

ཟླ་མཚན་འཁོར་ལོ་ནི་ཅི་ཞིག་ཡིན་ནམ།VNC

捕获.JPG2.JPGVNC

ཟླ་མཚན་ནི་ཟླ་བ་རེ་རེའི་ནང་སྐྱེས་མ་ཞིག་གི་ལུས་པོས་མངལ་སྦྲུམ་པར་གྲ་སྒྲིག་གམ་ཁོར་ཡུག་བསྐྲུན་པའི་བརྒྱུད་རིམ་ཞིག་ཡིན། བུ་མོ་ལོ་ན་བཅུ་གཉིས་ནས་བཅོ་ལྔ་ལོན་པ་ནས་བཟུང་། བསམ་སེའུ་སྣོད་(ovaries卵巢) གཉིས་ལས་གཅིག་གིས་བསམ་སེའུ་(ཁམས་དམར་རམ། ས་བོན། སྒོ་ང་ཡང་ཟེར་བ་)རེ་རེ་གཏོང་བ་རེད། བརྒྱུད་རིམ་འདི་ལ་ང་ཚོས་ཁམས་དམར་བརྒྱུད་གཏོང་(ovulation排卵) ཟེར། དེ་དང་དུས་མཚུངས་སུ་ལུས་ཀྱི་ཧོར་མོན་སྐུལ་རྫས་(hormone 激素)ཀྱི་འགྱུར་བས་མངལ་ལམ་ནང་འཚོ་བཅུད་ཀྱིས་ཕྱུགས་པའི་ཁྲག་གི་རིམ་པ་ཞིག་གྲ་སྒྲིག་བྱེད་པ་རེད། སྐབས་ཐོག་འདིར་ཕོ་མོའི་ལུས་འབྲེལ་བརྒྱུད་ནས་ཁམས་དཀར་མ་ཡོང་ན། མངལ་ནང་དུ་ཆགས་པའི་ཁྲག་གི་རིམ་པ་དེ་མཚན་མ་བརྒྱུད་ནས་ཕྱིར་ཐོན་པ་རེད། འདི་ལ་ང་ཚོས་ཟླ་མཚན་དུ་འབོད་པ་རེད།VNC

རྒྱུན་ལྡན་གྱི་ཟླ་མཚན།VNC

སྤྱིར་ན་ཟླ་མཚན་ནི་ཟླ་རེར་འབྱུང་བ་ཞིག་ཡིན་ཡང་། སྐྱེས་མ་ཚང་མར་གཅིག་མཚུངས་མིན། ལ་ལར་ཉིན་གྲངས་ཉེར་གཅིག་རེའི་ནང་ཟླ་མཚན་འབབ་པ་དང་། ཁ་ཤས་ལ་ཉིན་གྲངས་༣༥ རེར་ཟླ་མཚན་འབབ། ཟླ་མཚན་འབབ་དུས་ཉིན་གྲངས་གཉིས་ནས་བདུན་བར་འབབ་པ་སོགས་མི་རེ་རེའི་གནས་ཚུལ་མི་གཅིག  དེ་བས། ཟླ་མཚན་འཁོར་ལོ་(menstrual cycles月经周期)བརྩི་དུས། ཟླ་མཚན་འབབ་པའི་ཉིན་དང་པོ་ནས་བཟུང་། ཟླ་མཚན་ཕྱི་མ་འབབ་པའི་ཉིན་དང་པོའི་བར་དེར་ཟླ་མཚན་འཁོར་ལོ་གཅིག་ཏུ་བརྩིས་པ་རེད། ཟླ་མཚན་ཐོག་མར་འབབ་འགོ་ཚུགས་པ་ནས་ལོ་ཤས་རིང་ཟླ་མཚན་འཁོར་ཡུན་རིང་བ་རྒྱུན་ལྡན་ཞིག་ཡིན། དེ་ལྟ་ནའང་། ལོ་ན་ཡར་ལོན་རིམ་བཞིན་ཟླ་མཚན་འཁོར་ཡུན་ཇེ་ཐུང་དང་། འབབ་དུས་རྒྱུན་གཏན་དུ་འགྲོ་བ་ཡིན།VNC

ཁྱེད་རང་གི་ཟླ་མཚན་འབབ་ཡུན་དང་འབབ་དུས་སོགས་ཟླ་རེར་གཅིག་མཚུངས་ལྟ་བུ་ཡིན་པའམ། ཡང་ན། རྒྱུན་ལྡན་མ་ཡིན་པ། སྐབས་རེར་ན་ཟུག་ཆེ་བ་དང་། མཚམས་རེར་ན་ཟུག་མེད་པ། སྐབས་རེར་འབབ་ཡུན་རིང་ཞིང་ལན་རེར་ཐུང་བ་སོགས་གང་ཞིག་འབྱུང་ཡང་། དེ་དག་ཐམས་ཅད་རྒྱུན་ལྡན་དུ་བརྩི་བ་རེད།VNC

སེམས་ལ་ཉར་དགོས་པ་ཞིག་ནི། སྐྱེ་འགོག་སྨན་རིགས་ཁ་ཤས་བསྟེན་པ་དང་། མངལ་སྒོ་འགོག་པའི་ཡོ་བྱད་(intrauterine devices子宫内装置) འཇུག་པ་སོགས་ཀྱིས་ཟླ་མཚན་འཁོར་ལོར་འགྱུར་བ་གཏོང་བ་ཡིན་པས། བྱེད་ཐབས་འདི་དག་བསྟེན་མཁན་ཚོས་ཚད་ལྡན་གྱི་སྨན་པར་བློ་འདྲི་རྒྱུ་གལ་གནད་ཆེན་པོ་ཡིན།VNC

ལོ་ན་བཞི་བཅུ་ཞེ་ལྔ་ཡན་ལ་སླེབས་དུས་ཁྱེད་ཀྱི་ཟླ་མཚན་རྒྱུན་ལྡན་མ་ཡིན་པར་འགྱུར་སྲིད་པ་ཡིན། དེ་ལྟ་ནའང་། ལོ་ན་ཡར་སོན་རིམ་བཞིན་མངལ་གྱི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན་པས། རྒྱུན་ལྡན་མ་ཡིན་པའི་ཁྲག་འཛག་པ་བྱུང་ན་ངེས་པར་སྨན་པར་བསྟེན་དགོས།VNC

ངས་རང་གི་ཟླ་མཚན་འཁོར་ལོར་ཚོད་རྩིས་ཇི་ལྟར་བྱེད་དགོས་སམ།VNC

捕获.JPG3.JPGVNC

ཁྱེད་རང་ལ་མཚོན་ན་རྒྱུན་ལྡན་གྱི་ཟླ་མཚན་ཅི་ཞིག་ཡིན་མིན་ཤེས་དགོས་ན། ཟླ་རེར་ཟླ་མཚན་འབབ་པའི་ཉིན་དང་པོ་དེ་ལོ་ཐོའམ་ཟིན་ཐོ་ལྟ་བུ་ཞིག་ཏུ་ཕྲིས། དེ་ལྟར་ཟླ་བ་ཁ་ཤས་རིང་མུ་མཐུད་ནས་ཟླ་མཚན་འབབ་པའི་ཉིན་ཐོག་མ་དེ་གང་ཡིན་ཉམས་ཞིབ་བྱེད་དགོས།VNC

གལ་སྲིད་ཟླ་མཚན་འབབ་དུས་རྒྱུན་ལྡན་མ་ཡིན་ན། ཁྱེད་ཀྱིས་གཤམ་གྱི་གནད་དོན་ཁག་ལ་ཡང་ཟླ་ཤས་རིང་མུ་མཐུད་དེ་ཉམས་ཞིབ་བྱོས།VNC

*ཟླ་མཚན་འབབ་ཡུན། ཟླ་མཚན་འབབ་འགོ་ཚུགས་པ་ནས་ཆད་པའི་བར་གྱི་ཉིན་གྲངས་ཏེ། ཟླ་མཚན་འབབ་ཡུན་དེ་རྒྱུན་ལྡན་ལས་རིང་ངམ་ཐུང་།VNC

*འབབ་ཤུགས། ཟླ་མཚན་འབབ་ཆེའམ་ཡང་ན་ཉུང་། ཟླ་མཚན་འབབ་དུས་གསང་གདན་(pad月经垫) ཐེངས་ག་ཚོད་ལ་བརྗེ་དགོས་མིན་ལ་ཉམས་ཞོག  ཟླ་མཚན་ནང་དུ་ཁྲག་རླིང་ལྟ་བུ་འདུག་གམ།VNC

*རྒྱུན་ལྡན་མ་ཡིན་པའི་ཁྲག་འཛགས་པ། ཟླ་མཚན་འབབ་དུས་མ་ཡིན་པའི་སྐབས་སུ་མཚན་མ་ནས་ཁྲག་འབྱུང་ངམ།VNC

*ན་ཟུག  ཟླ་མཚན་འབབ་དུས་ན་ཟུག་རྒྱག་གམ། ན་ཟུག་བཟོད་དཀའ་བ་དེ་འདྲ་འབྱུང་ངམ།VNC

*འགྱུར་ལྡོག་གཞན། རང་གི་སེམས་ཁམས་དང་བྱ་སྤྱོད་ལ་འགྱུར་ལྡོག་འབྱུང་བ་ལྟ་བུའི་མྱོང་ཚོར་བྱུང་ངམ། ཟླ་མཚན་འབབ་པའི་སྐབས་སུ་ཁྱེད་ལ་འགྱུར་ལྡོག་གསར་པ་དེ་འདྲ་བྱུང་སོང་ངམ།ཟླ་མཚན་འཁོར་ལོ་རྒྱུན་ལྡན་མ་ཡིན་པ་བཟོ་བའི་རྒྱུ་གང་ཡིན་ནམ།VNC

གཤམ་གསལ་དོན་གནད་ཁག་ཚུད་པའི་ཟླ་མཚན་འཁོར་ལོ་རྒྱུན་ལྡན་མ་ཡིན་པ་བཟོ་བའི་རྒྱུ་མང་པོ་ཡོད།VNC

*མངལ་ཆགས་པ་དང་ནུ་གསོ། ཟླ་མཚན་མི་འབབ་པ་ནི་མཚམས་རེར་མངལ་ཆགས་པའི་སྔ་ལྟས་ཡིན། ཕྲུ་གུ་མ་འབྱར་ནུ་འོས་གསོ་དུས་སྤྱིའི་ཆ་ནས་ཟླ་མཚན་འབབ་རྒྱུ་དུས་འགྱངས་གཏོང་སྲིད་པ་ཡིན།VNC

*ཟ་འཐུང་ཉམས་སྐྱོན་དང་། གློ་བུར་ཏུ་ཚོ་བྱང་བའམ་ལུས་རྩལ་ཤུགས་ཆེ་རྩེ་བ་བཅས་ཀྱིས་ཟླ་མཚན་ལ་བར་གཅོད་བྱེད་སྲིད། ཟ་འཐུང་ཉམས་སྐྱོན་ནི་དཔེར་ན་ཡི་ག་འགག་ནད་(anorexia nervosa) ལྟ་བུ་སྟེ། བུ་མོ་དང་ལོ་ན་ཉི་ཤུ་གཡས་གཡོན་གྱི་སྐྱེས་མ་ཚོར་རང་ཉིད་སྐམ་རིད་དུ་གྱུར་ཀྱང་ད་དུང་རྒྱགས་པ་ཆགས་དོགས་ཀྱིས་ཟས་ཟ་མ་ཕོད་པའི་སེམས་ནད་ཕོགས་པ་ལ་བརྟེན་ནས་གཟུགས་པོ་སྐམ་རིད་དུ་གྱུར་བའམ། ཡང་ན་ཚད་ལས་བརྒལ་བའི་ལུས་ཤུགས་བཀོལ་བ་སོགས་ཀྱིས་ཟླ་མཚན་འཁོར་ལོར་བར་གཅོད་བྱེད་སྲིད་པ་ཡིན།VNC

*བསམ་སེའུ་གཉན་ཚད་(Polycystic ovary syndrome 多囊卵巢综合征)། བསམ་སེའུ་སྣོད་(ཁམས་དམར་སྣོད་)ལ་གཉན་ཁ་རྒྱས་པ་དང་། ནང་ངོས་ལ་བརྒལ་སྒྲའི་གློག་པར་(ultrasound  超声波)བརྒྱུད་ནས་མཐོང་ཐུབ་པའི་རྨ་འབྲུམ་ཆགས་པའི་ནང་རྨེན་མ་ལག་ཉམས་པའི་སྐྱེས་མ་ཚོར་རྒྱུན་ལྡན་མ་ཡིན་པའི་ཟླ་མཚན་འཁོར་ལོ་འབྱུང་།VNC

*བསམ་སེའུ་སྔ་རྒུད། བསམ་ཟེའུ་སྔ་རྒུད་ཟེར་བ་ནི་ལོ་ན་བཞི་བཅུའི་ཡར་སྔོན་ནས་བསམ་སེའུ་བསྐྱེད་པའི་བསམ་སེའུ་བྱེད་ལས་ལ་ཉམས་རྒུད་བྱུང་བར་གོ་བ་ཡིན། བསམ་སེའུ་སྔ་རྒུད་དམ། མིང་གཞན་ལ་གཞི་རྩའི་བསམ་སེའུ་མ་ལོངས་པར་འབོད་པ་འདིར་རྒྱུན་ལྡན་མ་ཡིན་པའམ། ལོ་འཁོར་རེར་ཟླ་མཚན་ལན་ཁ་ཤས་ལས་མི་འབབ་པའི་སྣང་ཚུལ་བསྐྱེད་པ་ཡིན།VNC

*མཚང་ཁོག་གཉན་ཚད་(Pelvic inflammatory disease盆腔炎)།སྐྱེ་སྤེལ་མ་ལག་ལ་གཉན་ཁ་རྒྱས་པར་བྱེད་པའི་ནད་འདིས་རྒྱུན་ལྡན་མ་ཡིན་པའི་ཟླ་མཚན་གྱི་ཁྲག་འབབ་པར་བྱེད།VNC

*མངལ་ལམ་རྩ་མདུད། མངལ་ལམ་རྩ་མདུད་དམ་ཤ་སྐྲན་(Uterine fibroids) དག་འབྲས་སྐྲན་(cancer/癌症)མ་ཡིན་པའི་ཤ་རྡོག་ཡིན། གལ་སྲིད་མངལ་ལམ་དུ་རྩ་མདུད་དམ་ཤ་སྐྲན་སྐྱེས་པ་ཡིན་ན་དེས་ཟླ་མཚན་འབབ་ཤུགས་དང་འབབ་ཡུན་གཉིས་ཀ་ཇེ་ཆེ་དང་ཇེ་རིང་ལ་གཏོང་།VNC

ཟླ་མཚན་རྒྱུན་ལྡན་མ་ཡིན་པར་འགྱུར་བ་ཇི་ལྟར་སྔོན་འགོག་བྱེད་དགོས་སམ།VNC

སྐྱེས་མ་ཁ་ཤས་ལ་མཚོན་ན། སྐྱེ་འགོག་སྨན་བསྟེན་ན་ཟླ་མཚན་དུས་ལྟར་འབབ་པར་ཕན་ཐོགས། ཟ་འཐུང་ཉམས་སྐྱོན་ལྟ་བུས་མཚོན་པའི་དཀའ་ངལ་ཁག་ཅིག་ལ་སྨན་བཅོས་བྱེད་པ་དེས་ཀྱང་ཟླ་མཚན་དུས་ལྟར་འབབ་པར་ཕན། དེ་ལྟ་ནའང་། རྒྱུན་ལྡན་མ་ཡིན་པའི་ཟླ་མཚན་ཁ་ཤས་སྔོན་འགོག་བྱེད་མི་ཐུབ།VNC

གོང་འཁོད་དེ་དག་ལས་གཞན། གཤམ་གྱི་སྣང་ཚུལ་ཁག་འབྱུང་དུས་སྨན་པར་བསྟེན་གཏུགས་བྱོས།VNC

*མངལ་ཆགས་མེད་ཀྱང་གློ་བུར་ཏུ་ཟླ་མཚན་མ་འབབ་པར་ཉིན་གྲངས་དགུ་བཅུ་ལྷག་ཕྱིན་པ།VNC

*ཟླ་མཚན་རྒྱུན་ལྡན་དུ་གྱུར་རྗེས་སླར་ཡང་སྔོན་དཔག་མི་ཐུབ་པར་འབབ་པ།VNC

*ཉིན་གྲངས་བདུན་ལས་མང་བར་ཁྲག་འབབ་པ།VNC

*རྒྱུན་ལྡན་མ་ཡིན་པའི་ཁྲག་མང་པོ་འབབ་པའམ། ཡང་ན། ཆུ་ཚོད་གཅིག་གམ་གཉིས་རེའི་ནང་གསང་གདན་(pad月经垫)ཁྲག་གིས་ཡོངས་སུ་སྦངས་པ།VNC

*ཟླ་མཚན་འཁོར་ལོ་གཅིག་ཉིན་གྲངས་ཉེར་གཅིག་ལས་ཐུང་བའམ། ཡང་ན་ཉིན་གྲངས་སོ་ལྔ་ལས་རིང་བ།VNC

*ཟླ་མཚན་འབབ་དུས་མ་ཡིན་པའི་སྐབས་སུ་ཁྲག་འཛག་པ།VNC

*ཟླ་མཚན་འབབ་དུས་ན་ཟུག་བཟོད་མེད་སྐྱེ་བ།VNC

*གསང་ཐུར་(Tampons / 棉塞)བཀོལ་བའི་རྗེས་སུ་གློ་བུར་ཚ་བ་འཕར་བ་དང་མི་བདེ་བར་གྱུར་བ།VNC

སེམས་ལ་ཉར་དགོས་པ་ཞིག་ལ། ཟླ་མཚན་ལ་ཉམས་ཞིབ་བྱེད་པ་ཡིན་ན་དེས་ཁྱེད་ལ་རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པའི་ཟླ་མཚན་གང་ཡིན་ངོས་ཟིན་ཐུབ་པར་བྱེད། གལ་སྲིད་རང་ཉིད་ཀྱི་ཟླ་མཚན་གྱི་གནས་སྟངས་ལ་བློ་མི་བདེ་བ་ཡོད་ན་ངེས་པར་སྨན་པར་སྐད་ཆ་དྲིས།VNC

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།