༄༅།། བོད་ཡིག་གི་རྨང་གཞིའི་ཤེས་བྱ།
སྤེལ་དུས།  2017-09-15  རྡེབ་ཚད།   ཡོང་ཁུངས། བཙན་པོའི་རིག་གནས།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

༡༾   བོ ད་ཀྱི་རི་ཆེན་བཞི།  qMd

ཧས་པོ་རི།  ལྕགས་པོ་རི།  ཆུ་བོ་རི།  གོང་པོ་རི་བཅས་སོ།།qMd

༢༾  བོད་ཀྱི་མཚོ་ཆེན་བཞི།  qMd

ཡར་འབྲོག་གཡུ་མཚོ།  མ་ཕམ་གཡུ་མཚོ།  བྱང་གནམ་མཚོ།  མཚོ་ཁྲི་ཤོར་རྒྱལ་མོ་བཅས་སོ།།qMd

༣༾  བོད་ཀྱི་པར་ཁང་བཞི་ནི།  qMd

སྡེ་དགེ་པར་ཁང་།  ཞོལ་པར་ཁང་།  སྣར་ཐང་པར་ཁང་།  ཅོ་ནེ་པར་ཁང་བཅས་སོ།།qMd

༤༾  འདོད་ཡོན་ལྔ།  qMd

གཟུགས།  སྒྲ། དྲི། རོ། རེག་བྱ་བཅས་སོ།།qMd

༥༾  དབང་པོ་ལྔ་ནི།  qMd

མིག  སྣ། རྣ། ལྕེ། ལུས་བཅས་སོ།།qMd

༦༾    རོ་དྲུག   qMd

མངར་བ།  སྐྱུར་བ། ཁ་བ།  བསྐ་བ།  ཚ་བ། ལན་ཚ་བ།བཅས་སོ།།qMd

 qMd

 qMd

༿ མཁན་སློབ་ཆོས་གསུམ།༾qMd

༧༾  མཁན་སློབ་ཆོས་གསུམ།   qMd

མཁན་ཆེན་ཞི་བ་འཚོ།(བོ་དྷི་ས་ཏྭ)   སློབ་དཔོན་པདྨ་འབྱུང་གནས།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་སོ།། qMd

༨༾  ཆོས་རྒྱལ་མེས་དབོན་རྣམ་གསུམ། qMd

ཆོས་རྒྱལ་སྲོང་བཙན་སྒམ་པོ།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་པ་ཅན་བཅས་གསུམ་མོ།། qMd

༩༾  ས་སྐྱ་གོང་མ་རྣམ་ལྔ།  qMd

ས་ཆེན་ཀུན་དགའ་སྙིང་པོ།  སློབ་དཔོན་བསོད་ནམས་རྩེ་མོ།  རྗེ་བཙུན་གྲགས་པ་རྒྱལ་མཚན།  ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བཅས་ལྔའོ།། qMd

༡༠༾  ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་ནི།  qMd

མོང་བཟའ་ཁྲི་ལྕམ།  མི་ཉག་བཟའ་རུ་ཡོང་། ཞང་ཞུང་བཟའ་ལི་ཐིག་སྨན།  བལ་བཟའ་ཁྲི་བཙུན།  རྒྱ་བཟའ་ཀོང་ཇོ་བཅས་སོ།།qMd

༡༡༾  དབུ་མེད་ཡིག་གཟུགས་ཀྱི་དབྱེ་བ།  qMd

ཟློས་ཧྲལ།  ཚུགས་རིང་།  ཚུགས་ཐུང་།  ཚུགས་ཆུང་ངམ་འཁྱུག་མ་ཚུགས།  འཁྱུག་ཡིག་བཅས་དྲུག་གོ  །qMd

༡༢༾  ཕྱི་ནང་གཉིས། qMd

ནང་པ་སངས་རྒྱས་པ་དང་ཕྱི་རོལ་མུ་སྟེགས་པའོ།།qMd

 ༡༣༾  རྒྱལ་སྲིད་སྣ་བདུན། qMd

འཁོར་ལོ་རིན་པོ་ཆེ།  ནོར་བུ་རིན་པོ་ཆེ།  བཙུན་མོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ།  བློན་པོ་རིན་པོ་ཆེ།  རྟ་མཆོག་རིན་པོ་ཆེ།  དམག་དཔོན་རིན་པོ་ཆེ་བཅས་སོ།།qMd

༡༤༾  སྒྲའི་སྐྱེ་གནས་བརྒྱད། qMd

བྱེད་པ་དང་། བསྡུ་བ། བསྒྱུར་བ། དྲང་བ། འཇུག་པ།  རྣམ་པར་དབྱེ་བ།  ཕྱོགས།  དངོས་པོ་བཅས་སོ།།qMd

༡༥༾  མིང་ལ་དབྱེ་ན།  qMd

དངོས་མིང་དང་།  བཏགས་མིང་།qMd

༡༦༾  དངོས་མིང་ལ་དབྱེ་ན། qMd

འདྲ་བ་དང་འབྲེལ་བ་མ་བྱས་པའི་མིང་གཉིས། qMd

༡༧༾  བཏགས་མིང་ལ་དབྱེ་ན།  qMd

འདྲ་འབྲེལ་གང་རུང་བྱས་པའི་མིང་གཉིས་སོ།།qMd

༡༨༾  རྒྱན་དྲུག་མཆོག་གཉིས།  qMd

རྒྱན་དྲུག་སྟེ།  སློབ་དཔོན་ཀླུ་གྲུབ། སློབ་དཔོན་འཕགས་པ་ལྷ།  སློབ་དཔོན་ཐོགས་མེད།  སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། སློབ་དཔོན་ཆོས་གྲགས།  མཆོག་གཉིས་ནི།  སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་བཅས་སོ།།qMd

 qMd

 qMd

༿ ཚེ་རིང་རྣམ་དྲུག་དང་མཐུན་པ་སྤུན་བཞི།༾qMd

༡༩༾  ཚེ་རིང་རྣམ་དྲུག  qMd

བྲག་ཚེ་རིང་།   ཆུ་ཚེ་རིང་།  ཤིང་ཚེ་རིང་།  མི་ཚེ་རིང་།  བྱ་ཚེ་རིང་། རི་དྭགས་ཚེ་རིང་།བཅས་སོ།། qMd

༢༠༾   བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡིག་མཁན་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱུན་གང་དང་གང་ཡིན།  qMd

སྦལ་ནག་ན་ཁར་བགྲད་འདྲ།  སོ་ཕག་གཤིབས་འདྲ།  སེང་གེ་གནམ་ལ་མཆོང་འདྲ།  སྦུར་ནག་བགྲད་འདྲ།  ནས་ནག་ཕྱིང་དཀར་གྱི་སྟེང་དུ་བཀྲམ་པ་འདྲ།  མུ་ཏིག་སྟར་ལ་བརྒྱུས་འདྲ།  བྱ་ཕོ་འཇོལ་བ་འདྲ་བ།  ཉ་མོ་ཆུ་ནང་ནས་ཐོན་པ་འདྲ་བ་བཅས་སོ།། qMd

༢༡༾   རིག་གནས་ཆེ་ཆུང་བཅུ་ནི། qMd

རིག་གནས་ཆེ་བ་ལྔ་སྟེ།  བཟོ་རིག་པ།  གསོ་བ་རིག་པ། སྒྲ་རིག་པ།  ཚད་མ་རིག་པའམ་གཏན་ཚིགས་རིག་པ། ནང་དོན་རིག་པ་བཅས་དང་།  ཆུང་བ་ལྔ་ནི།  སྙན་ངག  མངོན་བརྗོད། སྡེབ་སྦྱོར།  ཟློས་གར།སྐར་རྩིས་བཅས་སོ།།qMd

༢༢༾   ཐང་སྟོང་རྒྱལ་པོ་ཞེས་པའི་མཚན་ཐོབ་ཚུལ། qMd

ཐང་སྟོང་རྒྱལ་པོ་ཁོང་གཙང་རྒྱལ་རྩེའི་ཐང་མཁར་དུ་བཞུགས་སྐབས།  ཁྱབ་གདལ་ཆེན་པོའི་ཐང་ཆེན་ན།  ། སྟོང་ཉིད་རྟོགས་པའི་རྣལ་འབྱོར་ཞིག  །འཇིག་རྟེན་རྒྱལ་པོ་ལྟབུར་བཞུགས།  ། དེ་ཕྱིར་ཐང་སྟོང་རྒྱལ་པོ་ཞེས་སུ་གྲགས། ། qMd

༢༣༾  རྔོག་ལོ་ཙྭ་བ་བློ་ལྡན་ཤེས་རབ་ཀྱིས་ལོ་ཆེན་བཻ་རོ་ཙ་ན་སོགས་ལ་གདེང་འཇོག་གང་འདྲ་གནང་ཡོད་དམ།qMd

བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུར་གཅིག་ལ། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་ཙམ། །ཁོ་བོ་དེ་དྲུང་སྲིན་འབུ་མེ་ཁྱེར་བཞིན།   །ཞེས་བསྔགས་བརྗོད་གནང་ངོ་།། qMd

༢༤༾  ཕ་མ་བུ་གསུམ་གྱི་ཡི་གེ་གང་ཡིན། qMd

མ་ནི་ཨ་ཁོའོ། །ཕ་ནི་གསལ་བྱེད་གཞན་ཉི་ཤུ་རྩ་དགུ། །བུ་ནི་དབྱངས་བཞིའོ།།qMd

༢༥༾  ཚད་མ་གསུམ།  qMd

མངོན་སུམ། རྗེས་དཔག  ལུང་གི་ཚན་མ་གསུམ། ཕྱི་རབས་ཚད་མ་འཇམ་མགོན་ས་པཎ་གྱིས་ཚད་མ་གཉིས་སུ་བསྡུས་གནང་སྟེ། ལུང་ཚད་མ་རྗེས་དཔག་ཚད་མའི་ཁོངས་སུ་བསྡུས་ནས་ཚད་མར་མངོན་སུམ་དང་རྗེས་དཔག་གཉིས་སུ་དབྱེ་ཡོད་དོ།།qMd

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།