༄༅།། སྐད་ཡིག་བསླབ་ཚན་ཚད་གཞི།
སྤེལ་དུས།  2017-05-28  རྡེབ་ཚད།   ཡོང་ཁུངས། བོད་སྐད་ཡིག་སློབ་ཁྲིད།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

捕获.JPG1.JPG7Ru

དེང་རབས་སྤྱི་ཚོགས་ཀྱིས་སྤྱི་དམངས་ལ་མི་ཆོས་རིག་གནས་ཀྱི་ཡོན་ཚད་དང་ཚན་རིག་གི་ཡོན་ཚད་ལེགས་པོ་ཞིག་ལྡན་དགོས་པ་དང་། གསར་གཏོད་ཀྱི་སྙིང་སྟོབས་དང་མཉམ་ལས་ཀྱི་འདུ་ཤེས། མཐོང་རྒྱ་ཡངས་པོ་བཅས་ལྡན་དགོས་པ་མ་ཟད། ལྟ་ཀློག་བྱས་ཏེ་གོ་བ་ལེན་པ་དང་གོ་བརྡ་སྤྲད་ནས་བསམ་ཚུལ་བརྗེ་རེས་བྱེད་པ་ལ་སོགས་པའི་རྩ་བའི་ནུས་རྩལ་དང་། དེང་རབས་ཀྱི་ལག་རྩལ་སྤྱད་ནས་ཆ་འཕྲིན་འཚོལ་སྡུད་དང་ཐག་གཅོད་བྱེད་པའི་ནུས་རྩལ་བཅས་འཛོམས་དགོས་པའི་བླང་བྱ་འདོན་བཞིན་ཡོད། སྐད་ཡིག་སློབ་གསོས་དེང་རབས་སྤྱི་ཚོགས་ལ་མཁོ་བའི་མི་རབས་གསར་བ་སྐྱེད་སྲིང་བྱེད་པར་ནུས་པ་གལ་ཆེན་འདོན་དགོས་ཀྱང་དགོས་ལ་ཐུབ་ཀྱང་ཐུབ་པ་རེད།  སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་གཞིགས་ཏེ། སྐད་ཡིག་སློབ་གསོའི་བསླབ་ཚན་གྱི་དམིགས་ཚད་དང་། ནང་དོན། སློབ་ཁྲིད་ཀྱི་ལྟ་བ་དངསློབ་སྦྱོང་བྱེད་ཚུལ། དཔྱད་འཇོག་གི་དམིགས་ཡུལ་དང་བྱེད་ཐབས་སོགས་ངེས་པར་དུ་ཆ་ཡོངས་ནས་བསྒྱུར་བཅོས་བྱེད་དགོས།7Ru

ལོ་དགུའི་འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་ལ་བསྒྱུར་བཅོས་བྱེད་སྐབས། མར་ཁེ་སི་རིང་ལུགས་དང་ཚན་རིག་གི་སློབ་གསོའི་གཞུང་ལུགས་མཛུབ་སྟོན་དུ་བཟུང་སྟེ། རང་རེའི་སྐད་ཡིག་སློབ་གསོའི་དགེ་སྐྱོན་ཕྱོགས་སྡོམ་བྱེད་དགོས་པ་དང་། རྒྱལ་ཁབ་བམ་མི་རིགས་སོ་སོའི་ཕ་སྐད་སློབ་གསོའི་བསྒྱུར་བཅོས་ཀྱི་ཉམས་མྱོང་ལ་དཔེ་ལྟ་བ་དང་།སྐད་ཡིག་སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་བྱས་ནས། དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པའི་སྐད་ཡིག་བསླབ་ཚན་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ཏེ། སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད་སོགས་སྐྱེད་སྲིང་བྱེད་པར་ནུས་པ་གང་ལེགས་འདོན་དགོས།7Ru

课程标准.pdf
文件类型: .pdf 151b088aba271e8ed2f9706d5e9fcc72.pdf (170.90 KB)
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།