༨ བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ།
སྤེལ་དུས།  2015-12-03  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། མགོ་ལོག་པ་ཡོན་ཏན་བཟང་ངམ་སྨྱུག་མིང་ལ་རྨ་གངས་ཆབ་ཀྱིས་བྲིས།   རྩོམ་སྒྲིག་པ། lobsang

༨ བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ།DPK

 DPK

                                     ཡོན་ཏན་བཟང་།DPK

 DPK

གཅིག  རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།DPK

 DPK

མཚན།                              རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།DPK

འཁྲུངས་འདས་ཀྱི་ལོ།       ༡༣༥༧ — ༡༤༡༩DPK

ཡབ་ཡུམ།                    ཡབ་ཀླུ་འབུམ་དགེ  ཡུམ་ཤིང་བཟའ་ཨ་ཆོས།DPK

འཁྲུངས་ཡུལ།                    མདོ་སྨད་ཙོང་ཁའི་ཡུལ།DPK

རབ་བྱུང་གི་མཚན།              བློ་བཟང་གྲགས་པ།DPK

གསུང་རྩོམ།                 《ལེགས་བཤད་གསེར་ཕྲེང་།》སོགས་པོད་ཆེན་བཅུ་དགུ་ཡོད།DPK

 DPK

 DPK

 གཉིས།    སློབ་ཚན་གྱི་སྤྱི་ཁོག་ངོ་སྤྲོད།DPK

 DPK

སློབ་ཚན་འདིར། སློབ་གཉེར་བ་ཞིག་ཡིན་ཕྱིན་རིག་གཞུང་གང་ལ་སྦྱང་ན། ཐོག་མར་གཞུང་ལུགས་དེར་མཁས་པའི་སློབ་དཔོན་ཞིག་ལ་བསྟེན་དགོས་པ་དང་། གང་བསླབ་བྱའི་གཞུང་ལ་འོལ་སྤྱི་ཙམ་མ་ཡིན་པར་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཀྱིས་གཏིང་ཟབ་པའི་སྒོ་ནས་རྟོགས་དགོས་ཚུལ་དང་།   བསླབ་བྱའི་གཞུང་གི་སྒྲ་ཙམ་ལྷུར་ལེན་མི་བྱེད་པར་གང་ཐོས་པའི་དོན་རྣམས་རང་རྒྱུད་ལ་སྦྱར་ཏེ་ཉམས་ལེན་དགོས་ཚུལ།  རང་གིས་རྟོགས་ནས་ཉམས་སུ་ལེན་པའི་དོན་རྣམས་ཀྱང་། གང་ཟག་གཞན་ལ་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་བསྟན་དགོས་ཚུལ་སོགས་གདམས་ཡོད།DPK

 DPK

 DPK

   གསུམ།  སློབ་ཚན་གྱི་ཚན་པ་དབྱེ་ཞིབ།DPK

 DPK

༡ རབ་བརྟན་ཞེས་པ་ནས་འབྲས་ལྡན་མཛོད།། ཅེས་པའི་བར་དུ་རྩོམ་པར་དམ་བཅའ་བ་དང་། མཆོད་བརྗོད་གཉིས་བསྟན་ཡོད།DPK

 DPK

༢ སྲིད་པའི་ཕུན་ཚོགས་ཞེས་པ་ནས་གཞན་ཡོད་མིན།།  ཞེས་པའི་བར་དུ།  གདུལ་བྱ་བློ་གྲོས་དང་ལྡན་པ་རྣམས་ལ་རིན་པོ་ཆེ་གསུམ་པོ་ངོས་སྤྲད་ནས་དེའི་ཡོན་ཏན་བརྗོད་ཡོད།DPK

 DPK

༣ སྨྲ་བའི་ཁྱུ་མཆོག་ཅེས་པ་ནས་ལེགས་པར་སྦྱངས། ། ཞེས་པའི་བར་དུ། འདིར་བསྟན་གྱི་རིན་པོ་ཆེ་གསུམ་ལས “རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད”གལ་ཆེ་ཞིང་སྦྱང་དགོས་པར་གདམས་ཡོད། DPK

 DPK

༤  དེ་ལྟར་བློ་གྲོས་ཞེས་པ་ནས་ཤར་བ་གཅེས།། ཞེས་པའི་བར་དུ།  འདིར་བསྟན་གྱི་རིན་པོ་ཆེ་གསུམ་ལས“གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན”གྱི་དགེ་མཚན་དང་དེ་མེད་པའི་སྐྱོན་བཅས་བསྟན་ནས་སློབ་གཉེར་བ་ཞིག་ཡིན་ཕྱིན།  གང་བསླབས་པ་རྣམས་མི་ཚེའི་ནང་ཉམས་ལེན་བྱེད་དགོས་པར་གདམས་ཡོད།DPK

 DPK

༥ དེ་ལྟར་དོན་གྱི་ཞེས་པ་ནས་རྒྱས་པར་བྱེད།།  ཅེས་པའི་བར་དུ།  འདིར་བསྟན་གྱི་རིན་པོ་ཆེ་གསུམ་ལས“ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ”དང་ལྡན་པའི་དགེ་མཚན་དང་།  ངག་གི་དཔལ་དེ་ཡང་སྙན་ངག་གི་གཞུང་ལུགས་ལས་ལེགས་པར་སྦྱང་དགོས་པར་གདམས་ཡོད།DPK

 DPK

༦  དེ་ལྟར་རིན་ཆེན་ཞེས་པ་ནས་ཐབས་ལ་འབད།། ཅེས་པའི་བར་དུ།  དགེ་བའི་བཤེས་གཉེན་མ་བསྟེན་པའི་སྐྱོན་དང་།  བསྟེན་པའི་ཡོན་ཏན། བསྟེན་དགོས་པ་བཅས་གདམས་ཡོད།DPK

 DPK

༧  མ་རྟོགས་འགྲོ་ལ་ཞེས་པའི་ཤོ་ལོ་ཀ་དེས།  རྩོམ་པ་པོའི་ཡང་དག་པའི་ཐུགས་སྨོན་དང་སྦྲགས་ཏེ། གནས་ལུགས་མ་རྟོགས་པའི་གདུལ་བྱ་ལས་དང་པོ་པ་རྣམས་བཟང་པོའི་སྤྱོད་པ་ལ་འགོད་པའི་ཐབས་བསྟན་ཡོད།DPK

 DPK

 བཞི་བ།   སློབ་ཚན་གྱི་ནང་དོན་འགྲེལ་བཤད།DPK

 DPK

  ༡   མཚན་དོན་འགྲེལ་བཤད།DPK

 DPK

བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ།DPK

གོང་ན་མེད་པའམ་མཆོག་ཏུ་གྱུར་པས་ན་བླ་ན་མེད་པ་ཞེས་སྨྲས་ཤིང་། རིན་ཐང་ཆེ་ཞིང་མཁས་པའི་ཡིད་འཕྲོག་པར་བྱེད་པས་ན་རིན་པོ་ཆེ་ཞེས་བརྗོད་ལ།  མཁས་པའི་གཞུང་ལས་བཤད་པའི་རིགས་ལམ་ཕྲ་ཞིང་ཕྲ་བ་རྣམས་སོ་སོར་འབྱེད་ནུས་པའི་རྣམ་དཔྱོད་དང་གཅིག  གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཞིང་གང་ཐོས་པའི་དོན་རྣམས་རང་རྒྱུད་ལ་སྦྱར་བའི་ཉམས་ལེན་དང་གཉིས།  ཚིག་གི་སྦྱོར་ཚུལ་ལ་མཁས་ཤིང་གཞན་གྱི་ཡིད་ལ་དང་བ་འདྲེན་ཐུབ་པའི་ངག་གི་དཔལ་ཕུན་སུམ་ཚོགས་པ་དང་གསུམ་ལ། སྐབས་འདིར་རིན་པོ་ཆེ་DPK

གསུམ་ཞེས་གྲངས་ངེས་པའི་སྒོ་ནས་བསྟན་པ་ཡིན།  དེ་ལྟ་བུའི་རིན་པོ་ཆེ་གསུམ་པོ་གདུལ་བྱ་གཞན་ལ་སྟོན་ཞིང་སྒྲོག་པར་བྱེད་པ་དེ་ལ་གཏམ་གྱི་སྦྱོར་བ་ཞེས་བྱའོ།།DPK

 DPK

༢  སློབ་ཚན་དངོས་ཀྱི་ནང་དོན་བཤད་པ།DPK

 DPK

རབ་བརྟན་དད་པས་རྒྱལ་བའི་རྗེས་འཇུག་ཅིང༌། །DPK

མངོན་པར་སྦྱོར་བ་མི་དམན་རྣམ་དཔྱོད་ཀྱིས། །DPK

ཐུབ་པའི་གསུང་ལས་སྙིང་བོ་ལེན་འདོད་ལ། །DPK

རིན་ཆེན་གཏམ་གྱི་སྦྱོར་བ་སྒྲོག་འདོད་པས། །DPK

 DPK

ཞེས་པ་ནི།  རབ་ཏུ་བརྟན་ཅིང་འགྱུར་བ་མེད་པ་ཡང་དག་པའི་དད་པ་ཡིས། རྒྱལ་བ་ཤྰཀྱའི་ཐུབ་པའི་རྗེས་སུ་འཇུག་ཅིང་།   གང་ཤེས་པར་བྱ་བའི་གནས་ལ་མངོན་པར་སྦྱོར་བའི་རྣམ་དཔྱོད་ཀྱང་མི་དམན་པར་མཆོག་ཏུ་མངའ་བ།   ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་དང་དེའི་དགོངས་འགྲེལ་བསྟན་བཅོས་རྣམས་ལ་འཆད་ཉན་བྱས་ཏེ་མི་ཚེའི་སྙིང་པོ་ལེན་པར་འདོད་པའི་སྐྱེ་བོ་རྣམས་ལ།  བསྟན་བཅོས་འདིའི་བྱེད་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཁོང་གིས།  བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་འདི་སྒྲོག་པར་འདོད་དོ།། ཞེས་གསུངས་ཤིང་།   པས་ནི། རྒྱུ་མཚན་སྟོན་པའི་བྱེད་སྒྲ་ཡིན་ཞིང་འདིར་རྒྱུ་མཚན་སྔོན་དུ་དྲངས་ཏེ་བསྒྲུབ་བྱ་འོག་ཏུ་བཀོད་ཡོད།DPK

      ཤོ་ལོ་ཀ་འདིར་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་བཤད་ཡུལ་གྱི་གདུལ་བྱ་འམ་སློབ་མ་ངོས་བཟུང་བའི་སྒོ་ནས་རྩོམ་པར་དམ་བཅས་ཡོད།DPK

 DPK

གང་གི་ཐུགས་རྗེའི་ཟེགས་མའི་ཆ་ཤས་ཙམ། །DPK

ཡིད་ལ་ཞུགས་པ་ཡིས་ཀྱང་རྩོལ་མེད་པར། །DPK

ཚིག་གི་མཆོག་སྦྱིན་སྟེར་མཛད་འཇམ་པའི་དབྱངས།།DPK

དེ་ལ་འདུད་དོ་རེ་བ་འབྲས་ལྡན་མཛོད། །DPK

 DPK

ཅེས་པ་ནི།  ཤེས་རབ་ཀྱི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་གང་གི་ཐུགས་རྗེའི་ཟེགས་མའི་ཆ་ཤས་སམ། ཐུགས་སྙིང་རྗེ་ཆེན་པོའི་བྱིན་རླབས་ཀྱི་ཆ་ཡི་ཆ་ཤས་ཙམ་ཞིག་ཡིད་ལ་ཞུགས་པ་ཙམ་གྱིས་ཀྱང་། རྩོལ་བ་དང་འབད་པ་མི་དགོས་པར་སྐྱེ་བོ་དེ་ལ་ཚིག་གི་མཆོག་གམ། ངག་གི་དཔལ་མ་ལུས་པ་སྦྱིན་ཞིང་སྟེར་བར་མཛད་པ་ཡིན།  དེའི་ཕྱིར་ན། བསྟན་བཅོས་འདི་མ་བརྩམས་པའི་སྔོན་དུ་རྩོམ་པ་པོས་ཐོག་མར་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པ་དང་བཅས་པས་འདུད་དེ།  རང་གི་རེ་བའི་འབྲས་བུ་གང་ཡིན་པ་དེ་ཉིད་དོན་དང་ལྡན་པར་མཛོད།  ཅེས་གསུངས་ཤིང་ལྷག་པའི་ལྷ་ལ་མཆོད་པར་བརྗོད་དེ་རྩོམ་པ་པོས་རང་གི་འདོད་དོན་བཅོལ་ཡོད།DPK

      ཤོ་ལོ་ཀ་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་པར་བརྗོད་དེ་རྩོམ་པ་པོས་རང་གི་འདོད་པའི་དོན་ལྷག་པའི་ལྷ་ལ་བཅོལ་མ་མཛད་ཡོད།DPK

 DPK

སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །DPK

ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ། །DPK

དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །DPK

བདག་གིས་རིག་གནས་གང་ལ་སྦྱང་སྙམ་ན། །DPK

 DPK

ཞེས་པ་ནི།  སྲིད་པའི་ཕུན་ཚོགས་ཏེ།  རྒྱུ་འབྱོར་ལོངས་སྤྱོད་དང་མངའ་ཐང་སྙན་གྲགས་སོགས་ནི་གཡོ་ཞིང་མི་རྟག་པ་ནམ་མཁར་ཁྱུག་ཙམ་བྱས་པའི་གློག་གི་ཟློས་གར་དང་འདྲ་ཞིང་།  མི་ཡི་ལང་ཚོའམ་ན་ཚོད་འདི་ཡང་སྐད་ཅིག་ཀྱང་མི་སྡོད་པར་རི་གཟར་ན་དྲག་ཏུ་འབབ་པའི་ཆུ་བོ་བཞིན་རྒྱུག་གིན་ཡོད།  དེ་ལྟ་བུའི་འཇིག་རྟེན་མི་རྟག་པའི་གནས་ལུགས་རྟོགས་ཤིང་ཁོང་དུ་ཆུད་པའི་སྐྱེ་བོ་བློ་གྲོས་ཆེན་པོ་དང་ལྡན་པ་འགས།DPK

ད་ནི་བདག་གིས་རིག་པའི་གནས་གང་ཞིག་ལ་སྦྱངས་ན་བཟང་ངམ་སྙམ་ཏེ་བསླབ་བྱའི་གནས་གང་ཞིག་བསླབ་དགོས་པ་རེ་ཞིག་ཐག་མ་ཆོད་པར་ཡིད་ཐེ་ཚོམ་གྱི་དྲ་བར་ཚུད་དེ་ཡོད་ན་ཞེས་པའི་དོན་ནོ།།DPK

      ཤོ་ལོ་ཀ་འདིའི་ཚིག་རྐང་དང་པོ་གཉིས་ཀྱིས་འཇིག་རྟེན་གྱི་ཕུན་ཚོགས་དང་ལང་ཚོ་ནི་གློག་དང་ཆུ་བོ་བཞིན་དུ་སྐད་ཅིག་ཀྱང་མི་སྡོད་པར་མི་རྟག་པ་ཡིན་པར་བསྟན་ཡོད་ལ། ཚིག་རྐང་འོག་མ་གཉིས་ཀྱིས།  དེ་ལྟར་འཇིག་རྟེན་གྱི་ཕུན་ཚོགས་དང་ལང་ཚོ་མི་རྟག་པར་རྟོགས་པའི་སྐྱེ་བོ་ཤེས་རབ་དང་ལྡན་པ་འགས། མི་ཚེ་འདིར་སྦྱང་བྱའི་གནས་གང་ཞིག་ལ་སྦྱང་བར་བྱ་སྙམ་ན་ཞེས་པའི་དོན་བསྟན་ཡོད།DPK

 DPK

རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌། །DPK

གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །DPK

ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །DPK

ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །DPK

 DPK

ཞེས་པ་ནི།   འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཕྱོགས་གླང་སོགས་ཀྱི་གཞུང་ལུགས་རྣམས་སུ་བསྟན་པའི་རིགས་ལམ་ཕྲ་ཞིང་ཕྲ་བ་རྣམས་མ་འདྲེས་པར་སོ་སོར་འབྱེད་ཅིང་ཕྱེད་པའི་རྣམ་དཔྱོད་དང་གཅིག  ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཐམས་ཅད་འགལ་བ་མེད་པར་གདམས་པར་རྟོགས་ནས་ཉམས་སུ་ལེན་པ་དང་གཉིས།  གཞན་གྱི་ཡིད་འཕྲོག་པར་བྱེད་པའི་ཚིག་གི་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཏེ་གསུམ་པོ་འདི་དག་ནི།  ས་ཆེན་པོ་འདིའི་སྟེང་ན་ཆེས་དཀོན་ཞིང་བླ་ན་མེད་པའི་རིན་པོ་ཆེ་རྣམ་པ་གསུམ་དུ་སྣང་།  ཞེས་རིན་པོ་ཆེ་གསུམ་པོ་ངོས་བཟུང་ནས་དེའི་ཤུགས་ལ།  སྦྱང་བྱའི་གནས་གང་ཞིག་ལ་བསླབ་དགོས་པ་རེ་ཞིག་ཐག་མ་ཆོད་པར་ཡིད་ཐེ་ཚོམ་གྱི་ངང་དུ་ལུས་ཡོད་པ་དག་གིས་རིན་པོ་ཆེན་གསུམ་པོ་འདི་དག་ལ་བསླབ་པར་བྱ་འོ་ཞེས་བསྟན་ཏོ།།DPK

      ཤོ་ལོ་ཀ་འདིར་རིན་པོ་ཆེ་གསུམ་པོ་ངོས་བཟུང་པའི་སྒོ་ནས་ཤུགས་ལ་མི་ཚེ་དོན་ལྡན་དུ་བྱ་འདོད་པ་རྣམས་ཀྱིས་དེ་གསུམ་ལ་བསླབ་དགོས་པར་གདམས་ཡོད།DPK

 DPK

འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། །DPK

རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། །DPK

རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །DPK

མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །DPK

 DPK

ཞེས་པ་ནི། གང་དུ་བཤད་མ་ཐག་པའི་རིན་པོ་ཆེ་གསུམ་པོ་འདི་ནི་འཇིག་རྟེན་ནས་ཆེས་རྙེད་པར་དཀའ་བས་ཤིན་ཏུ་དཀོན་ཞིང་། སུ་ཞིག་གིས་རྙེད་པར་འགྱུར་ན་འདོད་པའི་དོན་ཐམས་ཅད་འཇོ་བ་འམ་འགྲུབ་པར་འགྱུར་བ་དང་། ཡིད་ལའང་རྨད་དུ་བྱུང་བའི་དགའ་བ་རྒྱས་ཤིང་སྤྲོ་བ་འཕེལ་བར་བྱེད་པས།   འདི་དག་ནི་རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས་ཤིང་། མཁས་པའི་ཡིད་འཕྲོག་པར་བྱེད་པའི་རིན་པོ་ཆེ་ནི་འདི་དག་ཡིན་པ་ལས། གཞན་དུ་གསེར་དང་དངུལ་ལ་སོགས་པ་ནི་མཁས་པའི་ཡིད་འཕྲོག་པར་བྱེད་པའི་རིན་པོ་ཆེ་མིན་ནོ་ཞེས་པའི་དོན་ནོ།།DPK

        ཤོ་ལོ་ཀ་འདིར་བཤད་མ་ཐག་པའི་རིན་པོ་ཆེ་གསུམ་པོ་འདི་དག་རྙེད་པར་དཀའ་བ་དང་། རྙེད་ན་འདོད་པའི་དོན་ཐམས་ཅད་འགྲུབ་ཅིང་ཡིད་ལ་དགའ་བ་རྒྱས་པར་བྱེད་པས་ན། འདི་དག་ནི་མཁས་པའི་ཡིད་འཕྲོག་པར་བྱེད་པའི་རིན་པོ་ཆེ་ཡིན་པ་དང་།  གཞན་གསེར་དངུལ་སོགས་ནི་མཁས་པའི་ཡིད་འཕྲོག་པར་བྱེད་པའི་རིན་པོ་ཆེ་མིན་པར་བསྟན་ཡོད།DPK

 DPK

སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང༌། །DPK

ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས། །DPK

ལེགས་པར་འོངས་པའི་རིགས་ལམ་བདུད་རྩིའི་ཆུས། །DPK

བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན། །DPK

ཤིན་ཏུ་ཟབ་གནས་མཐོང་བ་སྨོས་ཅི་དགོས། །DPK

རིགས་པའི་ལུང་དོན་ལ་ཡང་དཔྱོད་པ་ན། །DPK

ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང༌། །DPK

གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། །DPK

ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །DPK

ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །DPK

འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། །DPK

ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །DPK

 DPK

ཞེས་པ་ནི།  ཡང་དག་པའི་རིག་པ་སྨྲ་བའི་ཁྱུ་མཆོག་ཡབ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་དེའི་སྲས་སམ་དངོས་སློབ་འཕགས་པ་ཨརྱ་དེ་བ་དང་།  གཞན་ཡང་མུ་སྟེགས་པའི་སྨྲ་བ་ངན་པ་རྣམས་ཚར་གཅོད་ཅིང་ནང་པ་སངས་རྒྱས་པའི་ཚད་མའི་གཞུང་ལུགས་ཀྱི་སྲོལ་འབྱེད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་།  དཔལ་ལྡན་ཆོས་ཀྱི་གྲགས་པ་རྣམས་ལས་ལེགས་པར་འོངས་ཤིང་དེ་དག་ལས་བརྒྱུད་པའི་རིགས་ལམ་དྲི་མ་མེད་པ་བདུད་རྩིའི་ཆུ་ལྟ་བུ་དེ་ཡིས།  གཞུང་ལུགས་ཇི་བཞིན་དུ་རྟོགས་པ་ལ་གེགས་སུ་གྱུར་པའི་རང་གི་བློ་མིག་གི་དྲི་མའམ།  མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་རྣམས་ཡང་ནས་ཡང་དུ་མ་བཀྲུས་ན། ཤིན་ཏུ་ཟབ་མོའི་གནས་ལུགས་མཐོང་བ་སྨོས་ཅི་དགོས་ཏེ། ཐ་ན་ཟབ་མོ་མ་ཡིན་པའི་ཆེས་སྤྱིར་བཏང་གི་རིགས་པའི་ལུང་དོན་ཙམ་ཡང་དཔྱོད་པའི་ཚེ་ནའང་།  ཕལ་ཆེར་ཕྱིན་ཅི་ལོག་གི་བསམ་སྤྱོད་མང་པོ་འཕེལ་བར་འགྱུར་བ་ཡིན།DPK

      གལ་ཏེ་རིགས་པའི་གཞུང་ལུགས་ལ་སྦྱངས་བ་མེད་ནའང་།  ལུང་ཚིག་འདིའི་དོན་ནི་འདི་ཡིན་ནོ་སྙམ་པ་ལྟ་བུའི་ཡང་དག་པའི་དམ་བཅའ་ཙམ་ཞིག་གིས་ཀྱང་གཞུང་ལུགས་རེ་ཟུང་ཞིག་གི་དོན་ལ་ངེས་པ་འོལ་སྤྱི་ཙམ་ཞིག་རྙེད་སྲིད་ཀྱང་།   དེ་ནི་དཔེ་དོན་གྱི་སྒོ་ནས་རང་ལུགས་སྒྲུབ་པ་དང་གཞན་ལུགས་སུན་འབྱིན་པའི་ཚད་མའི་རིགས་ལམ་གྱི་སྟོབས་ཀྱིས་ཐེ་ཚོམ་དང་སྒྲོ་འདོགས་མ་ཆོད་པའི་ཕྱིར་ན།   དམ་བཅའ་དེ་ནི་འདམ་ལ་བཏབ་པའི་ཕུར་བ་བཞིན་དུ་སྲ་བརྟན་དང་རང་ཚུགས་མེད་པར་འགྱུར་འགྲོ་བས།  ཡིན་མིན་གྱི་ཕུ་ཐག་གཅོད་པའི་རིགས་ལམ་ལ་མ་བརྟེན་ན་གཞུང་ལུགས་གང་ལའང་ཡང་དག་པའི་བག་ཆགས་བརྟན་པོ་ཞིག་འཇོག་མི་ནུས་ཞེས་པའི་དོན་ནོ།།DPK

       ཤོ་ལོ་ཀ་འདི་དག་གིས་གཙོ་བོ་རིན་པོ་ཆེ་གསུམ་གྱི་ཡ་གྱལ་“རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་”ནི་ཤིན་ཏུ་གལ་ཆེ་ཚུལ་བསྟན་ཡོད།DPK

 DPK

འདི་ན་རིགས་གཞུང་གཉིས་ལ་རབ་སྦྱངས་ཀྱང༌།།DPK

ཤར་དུ་འགྲོ་འདོད་ནུབ་ཏུ་བགྲོད་པ་དང། །DPK

ཟླ་འོད་ཕོག་པས་ཡི་དྭགས་བསྲེག་པ་བཞིན། །DPK

རིགས་གཞུང་ཉིད་ལ་བརྟེན་པའི་ལོག་རྟོག་གིས། །DPK

བློ་མིག་ཡང་དང་ཡང་དུ་བསླད་པའི་མཐུས། །DPK

འདི་ཕྱིའི་དགེ་ལེགས་ཀུན་འཇོམས་ཡུན་རིང་དུ།།DPK

ཡང་དག་ལྟ་ལས་ཕྱིར་ཕྱོགས་འགྱུར་བའི་རྒྱུ། །DPK

ཆེས་ཆེར་བརྟན་པོ་གསོག་པ་མང་དུ་སྣང༌། །DPK

 DPK

ཞེས་པ་ནི།  རྩོམ་པ་པོ་སྐུ་བཞུགས་པའི་དུས་ཏེ། དེང་གི་དུས་འདི་ན་སློབ་གཉེར་བ་འགའ་ཞིག་གིས་གདམས་པ་ཚུལ་བཞིན་སྟོན་པའི་ཡང་དག་པའི་སློབ་དཔོན་ལ་མ་བརྟེན་པར་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མའི་གཞུང་ལུགས་དང་། སློབ་དཔོན་ཕྱོགས་གླང་ནས་བརྒྱུད་པའི་ཚད་མའི་གཞུང་ལུགས་གཉིས་ལ་རབ་ཏུ་སྦྱངས་བ་བྱས་ཀྱང་། མི་དེ་དག་ནི་ཞེ་འདོད་དང་ལག་ལེན་གཉིས་ཕྱིན་ཅི་ལོག་ཏུ་སོང་ཏེ། དཔེར་ན། སེམས་ཀྱིས་ཤར་དུ་འགྲོ་བར་འདོད་ན་ཡང་ལུས་པོ་ནུབ་ཏུ་བགྲོད་པ་དང་། ཟླ་འོད་བསིལ་བའི་རང་བཞིན་ཅན་ཡིན་ནའང་། ཡི་དྭགས་རྣམས་ལ་ལས་ཀྱི་དབང་གིས་བསྲེག་ཅིང་ཚ་བའི་གདུང་བ་སྟེར་བར་བྱེད་པ་བཞིན་དུ།  ཡང་དག་པའི་རིགས་གཞུང་ལུགས་ལ་བརྟེན་ནས་ཀྱང་ལོག་རྟོག་འཕེལ་ཏེ་རང་གི་བློ་མིག་ལ་ལོག་རྟོག་གི་དྲི་མས་ཡང་ཡང་བསླད་དེ་སྐྱོན་ཅན་དུ་འགྱུར་ཞིང་།   དེའི་མཐུས་སམ་སྟོབས་ཀྱིས་ཚེ་འདི་དང་འཇིག་རྟེན་ཕྱི་མ་གཉིས་ཀྱི་བདེ་དགེ་ལེགས་ཚོགས་ཀུན་འཇོམས་ཤིང་།  ཡུན་རིང་པོའི་བར་དུ་ཡང་དག་པའི་ལྟ་བ་ལས་ཕྱིར་ཕྱོགས་པར་འགྱུར་བའི་རྒྱུ་ཕྱིན་ཅི་ལོག་པ་ཆེས་ཆེར་བརྟན་པོ་གསོག་པའི་སྐྱེ་བོ་མང་དུ་སྣང་ངོ་ཞེས་པའི་དོན་ནོ།།DPK

      ཤོ་ལོ་ཀ་གཉིས་པོ་འདིས།  གཞུང་ལུགས་ཚུལ་བཞིན་སྟོན་པའི་སློབ་དཔོན་མ་བསྟེན་ན། ཡང་དག་པའི་རིག་གཞུང་ལས་ཀྱང་ལོག་རྟོག་འཕེལ་བ་དང་།  ལོག་པར་རྟོག་པ་དེས་ཀྱང་ཚེ་འདི་དང་ཕྱི་མའི་དགེ་ལེགས་ཀུན་འཇོམས་ཤིང་།  ཡང་དག་པའི་ལྟ་བ་ལས་ཕྱིར་ཕྱོགས་པའི་རྒྱུ་ཕྱིན་ཅི་ལོག་པ་མང་པོ་རང་རྒྱུད་དུ་སྐྱེ་བར་འགྱུར་རོ།། ཞེས་པའི་གནས་ལུགས་བསྟན་ཡོད།DPK

 DPK

དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང༌། །DPK

ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །DPK

ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། །DPK

མཁས་པའི་བཤེས་ལ་བསྟེན་ཏེ་ལེགས་པར་སྦྱང༌། །DPK

 DPK

ཞེས་པ་ནི།  གདམས་ངག་ཚུལ་བཞིན་སྟོན་པའི་སློབ་དཔོན་ལ་མ་བསྟེན་ན།  གོང་དུ་སྨྲས་པ་བཞིན་དུ་ཡང་དག་པའི་གཞུང་ལུགས་ལས་ཀྱང་ལོག་རྟོག་འཕེལ་བ་ཡིན།  རྒྱུ་མཚན་དེའི་ཕྱིར་ན། བློ་གྲོས་ཤིན་ཏུ་ཕྲ་ཞིང་མཛངས་པ།  དཔེར་ན།  རྩྭ་ཀུ་ཤུའི་རྩེ་མོ་རྣམས་ཕན་ཚུན་མ་འཛིངས་པར་སོ་སོར་གྱེས་ནས་ཡོད་པ་ལྟར། ཤིན་ཏུ་ཟབ་མོའི་དོན་རྣམས་མ་འདྲེས་པར་དབྱེ་བ་སོ་སོར་འབྱེད་ཤེས་པ་ཞིག་ཏུ་མ་གྱུར་བ་དེ་སྲིད་དུ།  ངོམས་མི་སླ་བའམ་ཡིད་མི་ཚིམ་པར་རིགས་པའི་གཞུང་ལུགས་ལ་བསླབ་དགོས་ཤིང་།  དེ་ཡང་གཞུང་ལུགས་གང་བསླབས་ན། གཞུང་ལུགས་དེའི་དོན་ལ་མཁས་པའི་དགེ་བའི་བཤེས་གཉེན་ནམ་སློབ་དཔོན་ལ་བསྟེན་ནས་ལེགས་པར་སྦྱང་དགོས་ཞེས་པའི་དོན་ནོ།།DPK

       ཤོ་ལོ་ཀ་འདིར།  སློབ་གཉེར་བ་ལས་དང་པོ་པ་རྣམས་ཀྱིས།  གཞུང་ལུགས་གང་ཞིག་བསླབས་ནའང་། ཆེས་ཐོག་མར་ངེས་པར་དུ་གཞུང་ལུགས་དེའི་དོན་ལ་མཁས་པའི་སློབ་དཔོན་ལ་བསྟེན་ནས་བསླབ་དགོས་པར་གདམས་ཡོད།DPK

 DPK

 DPK

དེ་ལྟར་བློ་གྲོས་མིག་ནི་ཕྱེ་བ་དེས། །DPK

རྒྱལ་བས་ཐེག་པ་མཆོག་གི་ཟབ་མོའི་དོན། །DPK

རྣམ་རིག་ཙམ་དང་ངོ་བོ་ཉིད་མེད་ཚུལ། །DPK

རྣམ་གཉིས་གསུངས་པའི་དགོངས་པ་རྙེད་པར་འགྱུར། །DPK

 DPK

ཞེས་པ་ནི།  དེ་ལྟར་ཡང་དག་པའི་སློབ་དཔོན་ལ་བསྟེན་ནས་རིགས་པའི་གཞུང་ལུགས་ལ་ལྟ་བའི་བློ་གྲོས་ཀྱི་མིག་ཕྱེ་ཡོད་པ་དེས་ནི།   རྒྱལ་བ་ཤཱཀྱ་ཐུབ་པས་ཐེག་པ་མཆོག་གམ། ཐེག་ཆེན་ནས་བཤད་པའི་ཟབ་མོའི་དོན།  ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་འདོད་པའི་“སེམས་ཙམ་པ”་དང་།  ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བའི་“དབུ་མ”བའི་འདོད་ཚུལ་སྟེ།  ཐེག་ཆེན་ལ་ལྟ་བ་མི་འདྲ་བ་རྣམ་པ་གཉིས་སུ་གསུངས་པའི་དགོངས་པ་ཡང་ཇི་བཞིན་དུ་རྟོགས་ཤིང་རྙེད་པར་འགྱུར་རོ་ཞེས་པའི་དོན་ནོ།།DPK

      ཤོ་ལོ་ཀ་འདིས། ཡང་དག་པའི་སློབ་དཔོན་ལ་བསྟེན་ནས་རིགས་པའི་གཞུང་ལུགས་ལ་ལྟ་བའི་བློ་གྲོས་ཀྱི་མིག་ཕྱེ་ཡོད་པའི་སྐྱེ་བོ་དེས་ནི།  སངས་རྒྱས་ཀྱི་གསུང་རབ་ལས་བསྟན་པའི་ཐེག་ཆེན་“སེམས་ཙམ་པ་”དང་“དབུ་མ”བའི་དགོངས་པ་ཇི་བཞིན་དུ་རྟོགས་ཤིང་རྙེད་པར་འགྱུར་རོ་ཞེས་པའི་དོན་བསྟན་ཡོད།།DPK

 DPK

 DPK

དེ་ནས་མི་ཕམ་ཆོས་རྗེ་ཀླུ་སྒྲུབ་དང༌། །DPK

ཐོགས་མེད་མཆེད་ལ་སོགས་པའི་ཤིང་རྟའི་སྲོལ། །DPK

དྲི་མེད་གཞུང་མང་རྣམས་ལ་སྦྱངས་པ་ན། །DPK

རྒྱ་ཆེའི་གཏམ་གྱིས་དང་པོའི་ལས་ཅན་རྣམས། །DPK

ད་ལྟ་ཉིད་ནས་སངས་རྒྱས་ས་ཡི་བར། །DPK

ལེགས་པར་འཁྲིད་པའི་ཟབ་མོའི་གདམས་པ་ལ།།DPK

ནང་བྱན་ཚུད་པས་བཀའ་དང་དགོངས་འགྲེལ་ཀུན།།DPK

གདམས་པའི་མཆོག་ཏུ་ཤར་ལ་མཁས་པ་ཟེར། །DPK

 DPK

ཞེས་པ་ནི།  དང་པོ་ཡང་དག་པའི་སློབ་དཔོན་ལ་བསྟེན་དགོས།  དེ་ནས་མི་ཕམ་ཆོས་རྗེ་འམ་རྒྱལ་ཚབ་བྱམས་པ་མགོན་པ་དང་།  སློབ་དཔོན་ཀླུ་སྒྲུབ།  སློབ་དཔོན་ཐོགས་མེད་དང་།  དེའི་མཆེད་པོ་སློབ་དཔོན་དབྱིག་གཉེན་ལ་སོགས་པའི་ཤིང་རྟའི་སྲོལ་འབྱེད་མཁན་རྣམས་ཀྱིས་བརྩམས་པའི་དྲི་མ་མེད་པའི་གཞུང་ལུགས་མང་པོ་ལ་སྦྱངས་པ་བྱས་ན།  དྲང་ངེས་སྣ་ཚོགས་དང་ཚིག་དོན་དཔེ་གསུམ་གྱི་སྒོ་ནས་བསྟན་པའི་རྒྱ་ཆེ་བའི་གཏམ་གྱིས།  དང་པོའི་ལས་ཅན་སོ་སྐྱེས་རང་ག་བ་རྣམས་ཀྱང་།  ད་ལྟ་ཉིད་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་ལེགས་པར་འཁྲིད་པའི་ཟབ་མོའི་གདམས་པ་ལ་ནང་བྱན་ཚུད་པའམ་ཁོང་དུ་ཆུད་པར་འགྱུར་བས།  སངས་རྒྱས་ཀྱི་བཀའ་དང་། བཀའི་དགོངས་འགྲེལ་དུ་གྱུར་པའི་བསྟན་བཅོས་ཀུན་ཀྱང་ཕན་པའི་གདམས་པ་མཆོག་ཏུ་གྱུར་བ་བླ་ན་མེད་པ་འབའ་ཞིག་ཏུ་ཤར་ཞིང་གོ་བར་འགྱུར་ལ། དེ་ལྟར་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་རྟོགས་ནས་ཉམས་སུ་ལེན་མཁན་དེ་ནི་ངེས་པ་དོན་གྱི་མཁས་པ་ཟེར་ཞིང་དེ་ལས་ལྡོག་པ་ནི་བླུན་པོ་ཡིན་ནོ་ཞེས་པའི་དོན་ནོ།།DPK

       ཤོ་ལོ་ཀ་གཉིས་པོ་འདིས། ཡང་དག་པའི་སློབ་དཔོན་ལ་བསྟེན་ནས་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཤིང་རྟའི་སྲོལ་འབྱེད་མཁན་རྣམས་ཀྱིས་བརྩམས་པའི་གཞུང་ལུགས་མང་པོ་ལ་སྦྱངས་པ་བྱས་ན།  བཀའ་དང་བསྟན་བཅོས་ཐམས་ཅད་ཀྱང་གདུལ་བྱ་ཐར་ལམ་དུ་འདྲེན་པའི་གདམས་པ་འབའ་ཞིག་ཡིན་པར་རྟོགས་ལ།  དེ་ལྟར་གཞུང་ལུགས་ཐམས་ཅད་འགལ་བ་མེད་པར་གདམས་ངག་ཏུ་རྟོགས་ནས་ཉམས་སུ་ལེན་པའི་སྐྱེ་བོ་དེ་ནི་ངེས་དོན་གྱི་མཁས་པ་ཟེར་ཞིང་། དེ་ལས་ལྡོག་པ་ནི་བླུན་པོ་ཡིན་པས།  བསྟན་བཅོས་འདིར་བཤད་པའི་རིན་པོ་ཆེ་གསུམ་གྱི་ཡ་གྱལ་“གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན”དེ་ཉིད་ཤིན་ཏུ་གལ་ཆེ་ཚུལ་བསྟན་ཡོད།DPK

 DPK

ལྷག་མ་ནེ་ཙོའི་འདོན་པ་ལྟ་བུ་དང༌། །DPK

ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །DPK

ཅི་ཕྱིར་ཞེ་ན་མཁས་པའི་མཆོག་རྣམས་ཀྱིས། །DPK

གཞུང་རྣམས་ཉམས་ལེན་ཤེས་ཕྱིར་བརྩམས་ཕྱིར་རོ། །DPK

 DPK

ཞེས་པ་ནི།  ལྷག་མ་འམ། གོང་སྨྲས་བཞིན་མ་ཡིན་པ་སྟེ། གང་སྦྱོང་བའི་གཞུང་ལུགས་དེ་དག་ལ་ཉམས་ལེན་ཚུལ་བཞིན་མ་བྱས་ཚེ།  དོན་མེད་པ་ཡིན་ཏེ།  དཔེར་ན། ནེ་ཙོའི་འདོན་པ་ལྟ་བུ་དང་།  ཆུ་མེད་པའི་ཁྲོན་པ་སྟོང་བ་དང་རི་མོ་བྲིས་པའི་མར་མེ་བཞིན་དུ་རང་ལ་ཕན་མི་ཐོགས་པ་ཡིན། དེ་བས་གཞུང་ལུགས་གང་བསླབས་ནའང་རང་གི་མི་ཚེའི་ནང་དུ་ཉམས་སུ་ལེན་པའམ་ལག་བསྟར་བྱ་དགོས་ལ།  དེ་ཡང་རྒྱུ་མཚན་ཅིའི་ཕྱིར་ཞེ་ན།  མཁས་པའི་མཆོག་རྣམས་ཀྱིས་གཞུང་ལུགས་ཇི་སྙེད་ཅིག་བརྩམས་ཡོད་པ་རྣམས་ནི།  རྗེས་འཇུག་གདུལ་བྱ་རྣམས་ཀྱིས་ཉམས་སུ་ལེན་ཤེས་པར་བྱ་བའི་ཕྱིར་དུ་བརྩམས་པ་ཡིན་པའི་ཕྱིར་རོ། །  ཞེས་པ་སྟེ།  ཇི་སྐད་དུ།  མཁས་པ་རྣམས་ཀྱི་ལེགས་བཤད་ཀུན།།ཤིན་ཏུ་བདེན་པ་གོ་བཞིན་དུ།།དེའི་དོན་ཉམས་སུ་མ་ལེན་ན།། བསྟན་བཅོས་ཤེས་ཀྱང་ཅི་ཞིག་བྱ།། ཞེས་པ་དང་དོན་གཅིག་གོ།DPK

      ཤོ་ལོ་ཀ་འདིར།  གང་བསླབས་པ་དེ་རང་གི་མི་ཚེའི་ནང་ལག་བསྟར་མ་བྱས་ན།  རང་ཉིད་ལ་ཕན་མི་ཐོགས་པས།  བསླབ་བྱའི་གནས་གང་ཞིག་སྦྱངས་ནའང་ཉམས་སུ་ལེན་དགོས་པའི་གནས་ལུགས་བསྟན་ཡོད།།DPK

 DPK

ཀྱེ་མའོ་སྐྱེ་དགུའི་དོན་གཉིས་འགྲུབ་པ་ནི། །DPK

རྣམ་དག་གཞུང་ལུགས་དག་ལ་མ་བརྟེན་མིན། །DPK

དེ་ལ་བརྟེན་པའང་སྒྲ་ཙམ་ལྷུར་ལེན་པས། །DPK

འདས་པར་བྱས་ནས་དེ་ལས་བསླུས་པ་གང༌། །DPK

ཆུས་ཁྱེར་འགའ་ཞིག་སྐོམ་པས་ཤི་བ་བཞིན། །DPK

མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །DPK

གཞུང་ལུགས་གདམས་པར་ཤར་བ་མེད་པས་ནོངས། །DPK

དེ་ཕྱིར་གང་བསླབས་གདམས་པར་ཤར་བ་གཅེས། །DPK

 DPK

ཞེས་པ་ནི།  ཀྱེ་མའོ།།  ཞེས་མྱ་ངན་གྱི་ཚིག་གིས་བོས་ཏེ།  སྐྱེ་དགུའི་དོན་གཉིས་འགྲུབ་པ་ལ་ནི།  རྣམ་པར་དག་པའི་གཞུང་ལུགས་ལ་མ་བརྟེན་པར་འགྲུབ་པ་མིན། གཞུང་ལུགས་རྣམ་པར་དག་པ་དེ་ལ་བརྟེན་ནའང་ཉམས་སུ་མི་ལེན་པར་སྒྲ་ཙམ་ལྷུར་ལེན་པར་བྱས་པས་དུས་ཚོད་འདས་པར་བྱས་ནས། དེ་ལས་རང་ཉིད་ལ་བསླུས་པ་བས་ཚབ་ཆེ་བ་ཞིག་གང་ན་ཡོད་དེ།  རང་གིས་རང་བསླུས་པས་སོ།། དཔེར་ན།  ཆུས་ཁྱེར་ནས་ཤི་བ་ཡོད་ཀྱང་། ཆུས་ཁྱེར་བ་འགའ་ཞིག་སྐོམ་པས་ཤི་བ་དཔེ་མི་སྲིད་པ་བཞིན་ནོ།།DPK

གཞུང་ལུགས་མང་དུ་ཐོས་ཀྱང་འཆི་བའི་དུས་སུ་ཆོས་ཀྱིས་ཕོངས་ཤིང་དབུལ་བར་གྱུར་པ་ནི། གཞུང་ལུགས་ཐམས་ཅད་ཕན་པའི་གདམས་པར་ཤར་བ་མེད་པའི་ནོངས་པའམ་སྐྱོན་ཡིན། རྒྱུ་མཚན་དེའི་ཕྱིར་ན།  གང་བསླབས་པ་དེ་ཉིད་ཕན་པའི་གདམས་པར་ཤར་ཞིང་གོ་བ་ནི་ཤིན་ཏུ་གལ་ཆེའོ་ཞེས་པའི་དོན་ནོ།།DPK

ཤོ་ལོ་ཀ་གཉིས་པོ་འདིར།  གཞུང་ལུགས་གང་ཞིག་བསླབས་ནའང་། དེའི་དོན་མི་ཚེའི་ནང་ཉམས་སུ་ལེན་ཞིང་ལག་བསྟར་བྱ་དགོས་པར་གདམས་ཡོད།།DPK

 DPK

དེ་ལྟར་དོན་གྱི་གནད་རྣམས་མ་འཕྱུགས་ན། །DPK

ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱང༌། །DPK

རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན། །DPK

དོན་བཟང་བ་དང་ཚིག་འབྲུ་བཟང་པོ་ཞེས། །DPK

གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལའང༌།།DPK

བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན།།DPK

དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས།།DPK

སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །DPK

 DPK

ཞེས་པ་ནི། གོང་དུ་སྨྲས་པ་དེ་ལྟར་དུ་གཞུང་ལུགས་ལ་སྦྱངས་པ་གནང་དུ་ཐིངས་པ་བྱས་ཤིང་།  དེའི་དོན་ཚུལ་བཞིན་དུ་ཉམས་ལེན་བྱས་ཏེ། དོན་གྱི་གནད་རྣམས་མ་འཕྱུགས་ན།  སྤྱིར་ཚིག་གི་སྦྱོར་བ་ཙམ་དམན་ནའང་ཉེས་པའམ་སྐྱོན་ཆེར་མེད་མོད།  འོན་ཀྱང་།  རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་ཀྱིས་༼མདོ་དཀོན་མཆོག་རྗེས་དྲན༽སོགས་སུ་གསུང་རབ་ལ་བསྔགས་པ་བརྗོད་པའི་སྐབས་ན།  དོན་བཟང་བ་དང་། ཚིག་འབྲི་བཟང་པོ། མ་འདྲེས་པ།  ཡོངས་སུ་དག་པ་ཞེས་གསུངས་ཤིང་།  དཔེར་ན།  ཤིན་ཏུ་དཀར་ཞིང་མཛེས་པའི་ཁང་བཟང་ལའང་། བསིལ་ཟེར་བྱེད་པའམ་ཟླ་འོད་ཀྱིས་བྱུགས་པ་བཞིན་དུ། དོན་བཟང་པོ་ལའང་ཡིད་འཕྲོག་པར་བྱེད་པའི་ཚིག་སྦྱོར་གྱིས་སྤྲས་པར་གྱུར་ན། ཆེས་ཆེར་མཛེས་པ་སྟེ་ཤིན་ཏུ་མཛེས་པར་འགྱུར་རོ་ཞེས་པའི་དོན་ནོ།།DPK

        ཤོ་ལོ་ཀ་གཉིས་པོ་འདིར། བརྗོད་བྱའི་དོན་བཟང་པོ་ལ་རྗོད་བྱེད་ཀྱི་ཚིག་བཟང་པོ་ཡོད་ན་ཤིན་ཏུ་མཛེས་པར་འགྱུར་བ་ཡིན་པས་ན།  རིན་པོ་ཆེ་གསུམ་གྱི་ཡ་གྱལ་“ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ”དེ་ཡང་ཤིན་ཏུ་གལ་ཆེ་ཚུལ་བསྟན་ཡོད།DPK

 DPK

དམར་སེར་ཅན་དང་རྒྱལ་བའི་ལྷས་བཀོད་པ། །DPK

པྲྀཏྟ་དང་ནི་ཛཱ་ཏི་ཞེས་བྱ་བའི། །DPK

སྡེབ་སྦྱོར་ཇི་བཞིན་བོད་སྐད་ལ་མེད་ཀྱང༌། །DPK

ཚིགས་བཅད་ལྷུག་པ་གཉིས་ཀ་སྤེལ་བའི་ལུས། །DPK

དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡི། །DPK

མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིག་སྦྱོར་ཚུལ། །DPK

སྙན་ངག་གཞུང་བཞིན་ལེགས་པར་སྦྱར་བ་ན། །DPK

བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད། །DPK

 DPK

ཅེས་པ་ནི། རྒྱ་གར་འཕགས་པའི་ཡུལ་གྱི་སྡེབ་སྦྱོར་གྱི་བསྟན་བཅོས་ཐོག་མར་རྩོམ་མཁན་ཐུབ་པ་དམར་སེར་ཅན་དང་། དེའི་རྗེས་སུ་བྱོན་པའི་སློབ་དཔོན་རྒྱལ་བའི་ལྷ། མཁས་དབང་རིན་འབྱུང་ཞི་བ་སོགས་ཀྱིས་བཀོད་པའི་བྲྀཏྟ་དང་ཛཱ་ཏི་ཞེས་བྱ་བའི་སྡེབ་སྦྱོར་ཇི་བཞིན་དུ་བོད་ཀྱི་སྐད་ལ་མེད་ཀྱང་།  བོད་སྐད་ལ་རྩོམ་ལུས་ཚིགས་སུ་བཅད་པ་དང་།  ལྷུག་པ།  བཅད་ལྷུག་གཉིས་ཀ་སྤེལ་བའི་ལུས་ཏེ་གསུམ་དུ་ཡོད་ལ།  དེ་དག་ལ་དོན་དང་ཚིག་གི་རྒྱན་ལ་སོགས་པའི་མཛེས་བྱེད་ཀྱི་རྒྱན་ཕུན་སུམ་ཚོགས་པས་སྤུད་པ་འམ་ལེགས་པར་རྒྱན་པའི་ཚིག་གི་སྦྱོར་ཚུལ་ནི།   མཁས་པས་བརྟགས་ཤིང་གཏན་ལ་ཕབ་པའི་༼སྙན་ངག་མེ་ལོང་མ༽ སོགས་སྙན་ངག་གི་གཞུང་ལུགས་རྣམས་ལས་བཤད་པ་བཞིན་དུ་ལེགས་པར་སྦྱར་ཞིང་བརྩམ་པར་བྱ་དགོས་ལ།  དེ་ལྟར་བྱས་ན། བསླབ་ལ་བརྩོན་ཞིང་བློ་གྲོས་གསལ་བའི་མི་རྣམས་ལ་དགའ་བ་རྒྱས་ཤིང་དང་བ་འདྲེན་པར་བྱེད་པ་ཡིན་པས། བསླབ་ལ་བརྩོན་པའི་གང་ཟག་རྣམས་ཀྱིས་ཚིག་སྦྱོར་གྱི་ཚུལ་ལའང་སྦྱང་བ་བྱ་དགོས་སོ་ཞེས་པའི་དོན་ནོ།།DPK

        ཤོ་ལོ་ཀ་གཉིས་པོ་འདིས།  རིན་པོ་ཆེ་གསུམ་གྱི་ཡ་གྱལ“ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ”དེ་ཡང་བསླབ་དགོས་པར་གདམས་ཡོད།DPK

 DPK

དེ་ལྟར་རིན་ཆེན་རྣམ་པ་གསུམ་གའི་ཡང༌། །DPK

རྩ་བ་དམ་པ་ཐེག་ཆེན་དགེ་བའི་བཤེས། །DPK

འདིས་མ་ཟིན་ན་སྐྱེ་བ་དུ་མར་ཡང༌། །DPK

ངལ་བརྒྱས་འབད་ཀྱང་རྟོགས་པར་མི་འགྱུར་པ།།DPK

བཤེས་དེས་ཟིན་ན་ཚེ་གཅིག་ཉིད་ལ་ཡང༌། །DPK

བདེ་བླག་ཉིད་དུ་ངེས་པ་སྟེར་བའི་ཕྱིར། །DPK

ཚེ་རབས་ཀུན་ཏུ་བཤེས་གཉེན་དམ་པ་ཡིས། །DPK

རྗེས་སུ་འཛིན་དང་ཟིན་པའི་ཐབས་ལ་འབད། །DPK

 DPK

ཅེས་པ་ནི།  གོང་དུ་སྨྲས་ཟིན་པའི་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པའི་རིན་པོ་ཆེ་རྣམ་པ་གསུམ་གའི་ཡང་རྩ་བ་ནི།  སྐྱེས་བུ་དམ་པ་ཐེག་ཆེན་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན།  སློབ་དཔོན་མཚན་ཉིད་དང་ལྡན་པ་འདིས་མ་ཟིན་ན།  སྐྱེ་བ་གཅིག་ཙམ་མ་ཡིན་པར་སྐྱེ་བ་དུ་མའི་ཡུན་ལ་ཡང་། ངལ་བ་བརྒྱ་ཡིས་འབད་པ་བྱས་ཀྱང་།  རིགས་པའི་གཞུང་ལུགས་ལས་བསྟན་པའི་ཟབ་མོའི་གནས་ལུགས་རྣམས་རྟོགས་པར་མི་འགྱུར་བ་ཡིན།  དགེ་བའི་བཤེས་གཉེན་ནམ་སློབ་དཔོན་མཚན་ཉིད་དང་ལྡན་པ་དེས་ཟིན་པར་གྱུར་ན།  ཚེ་གཅིག་ཉིད་ལ་ཡང་འབད་པ་བྱས་ནའང་།  གཞུང་གི་དོན་ལ་བདེ་བླག་ཉིད་དུ་ངེས་པ་སྟེར་བ་ཡིན།  དེའི་ཕྱིར་ན།  སྐྱེ་བ་ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་དམ་པ་ཡིས།  རང་ཉིད་རྗེས་འཛིན་པ་དང་ཟིན་པའི་ཐབས་ལ་འབད་པ་བྱ་དགོས་སོ་ཞེས་པའི་དོན་ནོ།།DPK

       ཤོ་ལོ་ཀ་གཉིས་པོ་འདིར། བསླབ་ལ་བརྩོན་པའི་གང་ཟག་རྣམས་ཀྱིས།  ཐོག་མར་སློབ་དཔོན་མཚན་ཉིད་དང་ལྡན་པ་བསྟེན་པའི་ཐབས་ལ་འབད་པ་བྱ་དགོས་པར་གདམས་ཡོད།DPK

 DPK

མ་རྟོགས་འགྲོ་ལ་བརྩེ་བས་ཐོག་མར་ནི། །DPK

ཟང་ཟིང་སྦྱོར་བས་དགའ་བར་བྱས་པའི་མཐར། །DPK

དོན་བཟང་ཚིག་ལེགས་སྙན་པར་སྨྲ་བ་ཡིས། །DPK

བསྐུལ་བས་བཟང་པོའི་སྤྱོད་ལ་འགོད་པར་ཤོག །DPK

 DPK

ཅེས་པ་ནི། གནས་ལུགས་ཀྱི་དོན་མ་རྟོགས་པ་དང་། ཡང་ན་སློབ་སྦྱོང་ལ་བློ་ཁ་ཙམ་ཡང་ཕྱོགས་མེད་པའི་འགྲོ་བ་རྣམས་ལ། བྱམས་པ་དང་བརྩེ་བའི་སྒོ་ནས་ཐོག་མར་ཟས་གོས་ལོངས་སྤྱོད་སོགས་བྱིན་ཏེ་ཟང་ཟིང་གི་སྦྱོར་བས་དེ་དག་གི་ཡིད་དགའ་བར་བྱ་དགོས་ལ།   དེ་ལྟར་ཡིད་དགའ་བར་བྱས་པའི་མཐར་དོན་བཟང་ལ་ཚིག་ལེགས་པ་རྣམས་སྙན་པར་སྨྲས་ཏེ་དེ་དག་བཟང་པོའི་སྤྱོད་པ་ལ་འགོད་དགོས་ལ། འགོད་པར་ཤོག་ཅིག་ཅེས་ཐུགས་སྨོན་ཀྱང་གནང་པའོ།།DPK

ཤོ་ལོ་ཀ་འདིར། རྩོམ་པ་པོའི་ཡང་དག་པའི་ཐུགས་སྨོན་དང་སྦྲགས་ཏེ། བློ་གྲོས་དམན་པའི་གདུལ་བྱ་ལས་དང་པོ་པ་རྣམས་བཟང་པོའི་སྤྱོད་པ་ལ་ཇི་ལྟར་འགོད་པའི་ཐབས་ཚུལ་བསྟན་ཡོད་དོ།།DPK

   DPK

ཞེས་པ་འདི་ནི་མཐོ་འབྲིང་སྐད་ཡིག་དེབ་དང་པོར་བཀོད་པའི་༼བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ།༽ཞེས་པའི་སློབ་ཚན་དེར་རང་ཉིད་ཀྱིས་གོ་བ་ལོན་ཚོད་གཞིར་བཞག་ཐོག     རང་གི་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་ཏེ། སྤྱི་ལོ ༢༠༡༥  ཟླ ༩ ཚེས ༢༠ དང་།  བོད་རབ་བྱུང་བཅུ་བདུན་པའི་མྱོས་བྱེད་ཅེས་པ་ཤིང་མོ་ལུག་ལོའི་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་བཟང་བ་གཉིས་པའི་ཉིན། མགོ་ལོག་པ་ཡོན་ཏན་བཟང་ངམ། སྨྱུག་མིང་ལ་རྨ་གངས་ཆབ་ཏུ་འབོད་པས་བྲིས།  འདིར་མ་རྟོགས་ལོག་རྟོག་གི་སྐྱོན་ཆ་མི་ཉུང་བ་ཞིག་ཡོད་ངེས་པས།  ལྷག་བསམ་དཀར་ཞིང་མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་མཛུབ་སྟོན་དང་དགོངས་འཆར་ལྷུག་པོར་གནང་བར་ཞུ་ཞུ།DPK

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།