༄༅།།རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ལན་གྱི་སྐོར། ༼༥༡--༥༥ ༽
སྤེལ་དུས།  2013-09-05  རྡེབ་ཚད།   ཡོང་ཁུངས། དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

༥༡ ལས་ཞེས་པ་ལ་གོ་དོན་མི་འདྲ་བའི་ངབྱེ་བ་ཡོད་དམ།  kRK
ལན༑ ༡ བྱ་ལས་བྱེད་ལས་གཉིས་ཀྱི་ལས་དང་།                    kRK
       ༢ བྱ་བྱེད་ལས་གསུམ་གྱི་ལས།kRK
       ༣ སྤྱིར་བྱ་ཚིག་ལ་ལས་ཚིག་ཅེས་པའི་ལས་དང་རྣམ་པ་གསུམ་ཡོད་དོ།།kRK
༥༢ གང་འདྲ་ཞིག་ལ་བྱེད་པའི་ལས་ཞེས་ཟེར་རམ།kRK
ལན༑བྱེད་པ་པོ་དང་འབྲེལ་བའི་ལས་ཀྱི་ཆ་དེ་ལ་ཟེར། དཔེར་ན། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་པའི་བྱ་བ་ལྟ་བུའོ།།དོན་དུ་གཅོད་པར་བྱེད་པའི་ལས་ལུས་ཀྱི་རྩོལ་བ་དང་འགུལ་བསྐྱོད་སོགས་བྱེད་པ་པོ་ཤིང་མཁན་གྱི་སྟེང་དུ་ཡོད་པས་དེ་ལ་བྱེད་པའི་ལས་ཞེས་ཟེར། བྱེད་པའི་ལས་གསལ་བྱེད་ཀྱི་སྒྲ་གཅོད་པར་བྱེད།གཅོད་དོ་ལྟ་བུའོ།།kRK
༥༣ གང་འདྲ་ཞིག་ལ་བྱ་བའི་ལས་ཟེར་རམ།kRK
ལན། བྱ་བའི་ཡུལ་དང་འབྲེལ་བའི་ལས་ཀྱི་ཆ་དེ་ལ་ཟེར། དཔེར་ན། ཤིང་བཅད་ནས་དུམ་བུར་སོང་བའི་ཆ་དེ། ཤིང་དེ་དང་འབྲེལ་ནས་ཡོད་པས་ན་བྱ་བའི་ལས་ཞེས་བྱའོ། །དེ་གསལ་བྱེད་ཀྱི་སྒྲ་ནི་གཅད་པར་བྱ་དང་།གཅད་དོ་ལྟ་བུའོ།།kRK
༥༤ བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་ཇི་ལྟར་ཡང་དུས་གསུམ་གྱི་དབྱེ་བ་འཇོག་ཚུལ་ཇི་ལྟར་ཡིན།kRK
ལན༑བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་ཇི་ལྟར་ཡང་།kRK
༡བྱ་བ་བྱས་ཟིན་པ་ནི་དུས་འདས་པ་ཡིན་ཏེ་དཔེར་ན།ཤིང་བཅད་པའི་ལས་དོན་བསྒྲུབ་པ་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དུས་འདས་པ་སྟོན་པ་དང་ཤིང་སོགས་ཆད་ཟིན། དོན་གྲུབ་ཟིན་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་དུས་འདས་པ་སྟོན་པའོ།།kRK
༢བྱ་བ་བྱེད་འགྱུར་དུས་མ་འོངས་པ་ལ་ཟེར་བས།དཔེར་ན།ཤིང་གཅད་རྒྱུ།ལས་དོན་བསྒྲུབ་རྒྱུ་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དུས་མ་འོངས་པ་སྟོན་པ་དང་།  ཆད་པར་འགྱུར་དང་། དོན་འགྲུབ་པར་འགྱུར་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་དུས་མ་འོངས་པ་སྟོན་པའོ།kRK
༣བྱ་བ་བྱེད་བཞིན་པ་ནི་དུས་ད་ལྟ་བ་ཡིན་པས།དཔེར་ན།གཅོད་བཞིན་པ།སྒྲུབ་བཞིན་པ་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དུས་ད་ལྟ་སྟོན་པ་དང་། ཆད་བཞིན་པ། འགྲུབ་བཞིན་པ་ལྟ་བུ།བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་དུས་ད་ལྟ་བ་སྟོན་པའོ།།kRK
༥༥འོག་ཏུ་བཀོད་པའི་དཔེ་བརྗོད་ལ་བདག་གཞན་དུས་གསུམ་གྱི་དབྱེ་བ་ཕྱེས་ཤིགkRK
ལན།དཔེར་ན།kRK
༡ ཡིག་མཁན་གྱིས་སྨྱུ་གུས་ཡི་གེ་འབྲི་བར་བྱེད་ཅེས་པར་ཆ་མཚོན་ན། འབྲི་བ་པོ་ཡིག་མཁན་དང་། འབྲི་བྱེད་སྨྱུ་གུ། འབྲི་བར་བྱེད་ཅེས་པ་བྱེད་ལས་ད་ལྟ་བ་དང་གསུམ་ནི་དངོས་པོ་བདག་ཡིན་ཞིང་།kRK
༢ འབྲི་བར་བྱ་རྒྱུའི་ལས་སམ་དངོས་པོ་གཞན་ནི་ཡི་གེ་དང་། དེ་དང་འབྲེལ་བའི་བྱ་ལས་མ་འོངས་པ་གཉིས་ནི་དངོས་པོ་གཞན་ཡིན་ནོ།kRK
༡ དུས་གསུམ་གྱི་དབང་དུ་བྱས་ན་འབྲི་བར་འགྱུར་ནི་མ་འོངས་པ་དང་།kRK
༢ འབྲི་བཞིན་པ་ནི་ད་ལྟ་བ།kRK
༣ བྲིས་ཟིན་པ་ནི་འདས་པ་བཅས་ཡིན།kRK
༡ དངོས་པོ་བདག་གམ་བྱེད་པ་པོ་ཡིག་མཁན།kRK
༢ སྨྱུ་གུ།kRK
༣ བྱེད་པའི་ལས། དེ་བཞིན་དུ་འབྲི་བྱ།འབྲི་བར་བྱ།kRK
༡ལས་སམ་དངོས་པོ་གཞན་ནི་ཡི་གེ།kRK
༢བྱ་བའི་ལས།ཡང་ཡི་གེ་བྲིས་ཞེས་པ་ནི་དུས་འདས་པ་ཉིད་ལས།བདག་གཞན་གྱི་དབྱེ་བ་མེད་དོ། kRK

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།