༄༅།།རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ལན་གྱི་སྐོར། ༼ ༤༡--༤༥༽
སྤེལ་དུས།  2013-09-03  རྡེབ་ཚད།   ཡོང་ཁུངས། དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

༤༡ རྩ་བར། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་མཉམ་དེ་ལ་གོ་བ་ཇི་ལྟར་ལེན་དགོས༑ x9e
ལན།ཤིན་ཏུ་མོ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་ཅིང་ཉམ་ཆུང་བའི་ཚུལ་གྱིས་འཇུག་པར་།x9e
༤༢ ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ཞེས་པའི་དོན་ཅི་ཡིན།  x9e
ལན། ཕོ་ནི་འདས་དང་ཞེས་པ་སྟེ་སྔོན་འཇུག་ཕོ་ཡིག་བ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་པ་སྟོན་པ་ལ་འཇུག་པའི་དོན་ཏེ།དཔེར་ན།ཁང་པ་བརྩིགས།ནགས་ཚལ་བསྐྱེད་ལྟ་བུ་དང་། གཞན་བསྒྲུབ་ཕྱིར་ཞེས་པ་ནི་དངོས་པོ་བདག་གཞན་གཉིས་ལས་གཞན་ལ་འཇུག་པ་སྟེ།དཔེར་ན།བཀླག་བྱའི་དཔེ་ཆ།བསྒྲུབ་བྱའི་བྱ་བ།བཙོ་བྱའི་ཤ་ལྟ་བུ་སྟེ་བྱེད་པ་པོ་དང་དངོས་སུ་འབྲེལ་བ་བྱ་བའི་ཡུལ་བསྒྲུབ་པའི་ཕྱིར་འཇུག་པའི་དོན་ཡིན་ནོ།།x9e
༤༣ མ་ནིང་གཉིས་ཀ་ད་ལྟར་ཆེད།།ཅེས་པའི་དོན་ཅི་ཡིན།x9e
ལན༑སྔོན་འཇུག་མ་ནིང་ག་ད་གཉིས་ནི་དངོས་པོ་བདག་གཞན་གཉིས་ཀ་ལ་འཇུག་པ་དང་། ད་ལྟར་ཆེད་ཅེས་པ་སྟེ། བདག་གཞན་གཉིས་སུ་མ་གཏོགས་པའི་དུས་གསུམ་ལས་ད་ལྟ་བ་སྟོན་པའི་ཕྱིར་འཇུག་པའི་དོན་ཡིན་ལ། དེ་ཡང་མ་ནིང་ག་ཡིག་དངོས་པོ་བདག་ལ་འཇུག་པའི་དཔེར་བརྗོད་ནི། གཅོད་པ་པོ། གཅོད་བྱེད་ལྟ་བུ། གཞན་ལ་འཇུག་པ་ནི།གཅད་བྱའི་ཤིང་།གཅད་པར་བྱ་ལྟ་བུ། དུས་གསུམ་ལསbད་ལྟ་བ་ལ་འཇུག་པ་ནི། ཤིང་སྡོང་གཅོད་ཀྱིན་འདུག་ལྟ་བུའོ། །མ་ནིང་ད་ཡིག་དངོས་པོ་བདག་ལ་འཇུག་པ་ནི།དཔེར་ན།དཔྱོད་པ་པོ། དཔྱོད་པར་བྱེད་ལྟ་བུ།གཞན་ལ་འཇུག་པ་ནི།དཔྱད་བྱའི་དོན་ལ་དབྱད་པར་བྱ་ལྟ་བུ། དུས་གསུམ་ལས་ད་ལྟ་བ་ལ་འཇུག་པ་ནི། དཀའ་གནད་ལ་དཔྱོད་ཀྱིན་འཛུག་ཅེསཌཔ་ལྟ་བུའོ།།x9e
༤༤མོ་ནི་བདག་དང་མ་འོངས་ཕྱིར།།ཞེས་པའི་དོན་ཅི་ཡིན།x9e
ལན༑ སྔོནེ་འཇུག་གི་མོ་འ་ཡིག་ནི་དངོས་པོ་བདག་གཞན་གཉིས་ལས་བདག་དང་། དུས་གསུམ་ལས་ད་ལྟ་བ་དང་མ་འོངས་པ་ལ་འཇུག་པའི་དོན་ཡིན་ལ།དེ་ཡང་།དངོས་པོ་བདག་ལ་འཇུག་པ་ནི།དཔེར་ན།སྐུད་པ་འཁལ་པ་པོ།འཁལབྱེད་ལྟ་བུ།བདག་གཞན་གྱིདབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་འཇུག་པ་ནི། དཔེར་ན། སྐུད་པ་འཁལ་བཞིན་པ། འཁལ་གྱིན་འདུག་ལྟ་བུ། མ་འོངས་པ་ལ་འཇུག་པ་ནི།དཔེར་ན།འཐོན་དང་འཐོབ་ལྟ་བུའོ།།x9e
༤༥ ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།ཞེས་པའི་དོན་ཅི་ཡིན།x9e
ལན། སྔོན་འཇུག་གི་ཡ་གྱལ་ཤིན་ཏུ་མོ་མ་སྔར་བཤད་པའི་བདག་གཞན་དང་།དུས་གསུམ་གྱི་བྱེ་བྲག་མེད་པར་ཐམས་ཅད་ལ་མཉམ་པ་སྟེ་མཚུངས་པ་ཉིད་བསྒྲུབ་པའི་ཕྱིར་འཇུག་པ་ཡིན་ལ།དེ་ཡང་།དཔེར་ན།མཁས་པར་བྱེད་ལྟ་བུ་དངོས་པོ་བདག་དང་།མཁས་བྱ་ལྟ་བུ་དངོས་པོ་གཞན་དང་།མཁས་པར་འགྱུར་ལྟ་བུ་མ་འོངས་པ་དང་། མཁས་བཞིན་པ་ལྟ་བུ་ད་ལྟ་བ་དང་། མཁས་པར་གྱུར་ལྟ་བུ་འདས་པ་སྟེ་བདག་གཞན་དུས་གསུམ་ལ་ཁྱད་མེད་པར་འཇུག་པ་ཡིན་ནོ།།x9e

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།