༄༅།།རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ལན་གྱི་སྐོར། ༼ ༣༦--༤༠༽
སྤེལ་དུས།  2013-09-02  རྡེབ་ཚད།   ཡོང་ཁུངས། དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ   རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

༣༦ སྔོན་འཇུག་རྣམས་འཇུག་ཡུལ་མ་ཡིན་པའི་མིང་གཞིར་འཇུག་གམ།ip8
ལན།ཕོ་ནི་མ་ནིང་ལ་མི་འཇུག།མོ་ནི་ཕོ་ལ་འཇུག་པ་མིན།།མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ།།ip8
༣༧ རྩ་བ་ལས།ཕོ་ནི་མ་ནིང་ལ་མི་འཇུག །ཅེས་པའི་དོན་གང་ཞིན་ནམ།ip8
ལན། སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་།སྔོན་འཇུག་གི་མོ་འ་ཡིག་དང་དེས་མཚོན་པའི་ཤིན་ཏུ་མོ་མ་ཡིག་དག་ནི་མིང་གཞིའི། ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་འཇུག་པ་མིན་ཞིང་། སྔོན་འཇུག་གི་མ་ནིང་ག་ད་གཉིས་སོ་སོ་ནས་མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་རང་རང་ལ་མི་འཇུག་གོཞེས་སོ།།ip8
༣༨ རྩ་བ་ལས། རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ།།ཞེས་པའི་དོན་གང་ཡིན་ནམ།ཚིག་རྐང་གཉིས་པ་དང་གསུམ་པར་ཡོད་པའི་ཡང་སྒྲ་དེ་གཉིས་སོ་སོའི་དོན་གང་བསྡུས་ནས་བསྟན་ཡོད་དམ།ip8
ལན༑ ཕོ་ནི་ཕོ་དང་མོ་ལ་འཇུག །སྔོན་འཇུག་རྣམས་རང་རང་གི་སྡེ་ཚན་དང་འཕྲད་པའི་ཚེ་ན། སྔོན་འཇུག་གི་ཕོ་བ་ཡིག་ནི་རང་སྡེའི་མོ་བ་མ་གཉིས་ལ་མི་འཇུག་ཅིང་།ཡང་སྒྲས་ཕོ་ཡིག་པ་ལའང་མི་འཇུག་པར་བསྟན་པ་དང་། དེ་བཞིན་དུ་སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་རང་སྡེའི་ཕོ་མོ་དག་ལ་མི་འཇུག་པས།ག་ཡིག་རང་སྡེའི་ཕོ་ཡིག་ཀ་དང་།མོ་ག་ང་གསུམ་ལ་མི་འཇུག་པ་དང་།ད་ཡིག་རང་སྡེའི་ཕོ་ཏ་དང་།མོ་ད་ན་གསུམ་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་ཡིག་འ་ནི་རང་སྡེའི་མིང་གཞིའི་མོ། ཞ་ཟ་འ་ཡ་བཞི་ལ་མི་འཇུག་པ་དང་ཡང་སྒྲས་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་རང་སྡེའི་མིང་གཞིའི་མ་ནིང་ཕ་དང་།མོ་བ་དང་ཤིན་ཏུ་མོ་མ་རྣམས་ལ་འཇུག་པ་མ་ཡིན་ནོ་ཞེས་པ་བསྟན་ཏོ།།ip8
༣༩ སྔོན་འཇུག་དང་རྗེས་འཇུག་གི་ཡི་གེ་རྣམས་འཇུག་ཡུལ་གྱི་མིང་གཞི་གཙོ་ཕལ་གཉིས་ལས་མིང་གཞི་ཕལ་པར་ཡང་ངོས་འཛིན་ན་སྐྱོན་གང་ཡོད་དམ།ip8
ལན༑ དེ་ཡང་བསྐྱེད་ཅེས་པ་ལྟ་བུའི་འཕུལ་རྟེན་གྱི་བ་དང་དའི་འཇུག་ཡུལ་སྤྱིར་ས་ཀ་ཡ་གསུམ་ག་འཇུག་ཡུལ་གཙོ་བོ་ནི། ཀ་ཡིག་ཉིད་ཡིན་པས་སྐབས་འདིར་ཡང་གང་ལ་འཇུག་ཡུལ་གཙོ་བོ་དེ་ལ་བྱེད་དགོས་ཏེ། དེ་ལྟ་མ་ཡིན་ན་འགྱེད་ཅེས་པ་ལྟ་བུའི་ཚེ་འ་ཡིག་རང་སྡེ་ཡའི་ཡ་ཡིག་ལ་འཇུག་པར་ཁས་ལེན་དགོས་པས།དེ་ལྟར་ཁས་ལེན་ན།རང་གི་སྡེ་དང་ཕྲད་པ་ན། ཕོ་ཡང་མོ་ལ་འཇུག་མི་འགྱུར།།ཞེས་པ་དང་འགལ་བའི་སྐྱོན་འབྱུང་ངོ་།།ip8
༤༠ རྩ་བར། ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། ། མོ་ནི་ཞན་པའི་ཚུལ་གྱིས་ཏེ། །  ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་གོ་དོན་ལ་འགྲེལ་བཤད་ཇི་ལྟར་བྱ།ip8
ལན། སྔོན་འཇུག་རྣམས་རང་རང་གི་འཇུག་ཡུལ་མིང་གཞི་རྣམས་ལ་སྒྲའི་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་ཅེ་ན།ip8
༡ སྔོན་འཇུག་གི་བ་ཡིག་ཕོ་ནི་མིང་གཞིའི་ཡི་གེ་རང་གི་འཇུག་ཡུལ་དུ་གྱུར་པ་རྣམས་ལ་སྒྲ་དང་ བྱེད་རྩོལ་དྲག་པའི་སྒོ་ནས་འཇུག་པ་དཔེར་ན།བཀའ།བཅོལ།བཏང་།བཙན།བགད་སོགས་ལྟ་བུའོ།།ip8
༢ མ།ནིང་ག་ད་གཉིས་ནི་སྒྲ་རྩོལ་རན་པར་འཇུག་པ་དཔེར་ན། གཅོད། དཀའ་སོགས་ལྟ་བུ་དང་༑                      ་ip8
༣ མོ་ཡིག་འ་ནི་སྒྲ་རྩོལ་ཞན་པས་འཇུག་པ་དཔེར་ན།འགའ།འཇལ་སོགས་ལྟ་བུ་དང་། །ip8
༤ ཤིན་ཏུ་མོ་མ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་ཅིང་ཉམ་ཆུང་བའི་ཚུལ་གྱིས་འཇུག་པར་།བྱེད་པ།དཔེར་ན།མཁན།མཆོད།མཐུན།མཚན་སོགས་ལྟ་བུའོ།།ip8

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།