༄༅།།རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ལན་གྱི་སྐོར། ༼ ༢༦--༣༠༽
སྤེལ་དུས།  2013-06-03  རྡེབ་ཚད།   ཡོང་ཁུངས། དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ   རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

༢༦ རྩ་བ་ལས། མོ་ཡི་ཡི་གེ་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། ཞེས་པའི་མོ་ཡི་ཡི་གེ་ནི་གང་ལ་ངོས་འཛིན་དགོས་སམ།         xzR
ལན༑འདིའི་མོའི་ཡི་གེ་ནི་སྡེ་ཚན་ལྔར་དྲིལ་བའི་ཡ་གྱལ།ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅས་མོ་ཙམ་དང་། ང་ཉ་ན་མ་ཤིན་ཏུ་མོ་དང་། ར་ལ་ཧ་ཨ་མོ་གཤམ་གསུམ་དུ་ཕྱེ་བའི་ཡི་གེ་རྣམས་མོའི་ཡི་གེར་གཅིག་ཏུ་དྲིལ་བའི་མོ་ཡིག་ཉི་ཤུ་ཐམ་པ་དེར་ངོས་འཛིན་དགོས་སོ།།xzR
༢༧ སྔོན་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ལ་རྩ་བ་ལས་གང་འདྲ་གསུངས་ཡོད་དམ།xzR
ལན༑ རྩ་བ་ལས།སྔོན་འཇུག་ཡི་གེ་ལྔ་པོ་ལ།།ཕོ་དང་མ་ནིང་མོ་དང་ནི།།ཤིན་ཏུ་མོ་དང་བཞི་རུ་དབྱེ། །ཞེས་གསུངས་པ་ལྟར་ཡིན་ནོ།།xzR
༢༨ སྔོན་འཇུག་ཡི་གེ་ལྔ་པོ་སོགས་ཚིག་རྐང་གསུམ་པོ་དེའི་དོན་གང་ལྟར་འགྲེལ།xzR
ལན། སྔོན་འཇུག་ལྔ་ལས་བ་ཡིག་ཕོ།ག་ད་གཉིས་མ་ནིང་།འ་མོ་ཡིག་མ་ཤིན་ཏུ་མོ་ཡིན་ནོ།།ཞེས་གསུངས་སོ།xzR
༢༩ སྔོན་འཇུག་ལྔ་པོ་ཕོ་མོ་མ་ནིང་སོགས་ཀྱི་རྟགས་བརྒྱབ་དགོས་དོན་གང་།xzR
ལན། སྔོན་འཇུག་གི་ཡི་གེ་རྣམས་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་དྲག་གཞན་དུ་འགྱུར་བའི་ཆ་ནས་བ་ཡིག་ཕོ་དང་། ག་ད་གཉིས་མ་ནིང་དང་འ་མོ་ཡིག་མ་ཤིན་ཏུ་མོ་སྟེ་བཞིར་དབྱེ་བའོ།།  xzR
༣༠ སྔོན་འཇུག་གི་ཡི་གེ་ལྔ་ནི་བྱེད་པ་བཞི་བཞིའི་སྒོ་ནས་འཇུག་པའི་བྱེད་པ་བཞི་གང་དག་ཡིན་ནམ།xzR
ལན། བྱེད་པ་བཞི་ནི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་དང་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་སྔོན་འཇུག་གང་དང་གང་གིས་འཇུག་པར་བྱེད་པ། སྒྲའི་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་པ། དགོས་པ་ཅི་ཕྱིར་འཇུག་པར་བྱེད་པ་རྣམས་སོ། །དེ་ཡང་ཡིན་ཏེ་རྩ་བ་ལས། བྱེད་པ་བཞི་བྱེད་དེ།གང་ལ་འཇུག་བྱེད་གང་གིས་བྱེད།།ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།།ཅེས་གསུངས་སོ།། xzR

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།