༄༅།།རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ལན་གྱི་སྐོར། ༼ ༢༠--༢༥༽
སྤེལ་དུས།  2013-05-31  རྡེབ་ཚད།   ཡོང་ཁུངས། དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

༢༡ ཨ་ནི་མཚན་མེད་ཅེས་ཀྱང་བྱ། ཞེས་མཁས་དབང་གང་གིས་གསུངས་པ་དང་།མ་ནིང་མཚན་མེད་ཅེས་ཀྱང་བྱ། ཞེས་མཁས་དབང་གང་གིས་གསུངས་པ་ཡིན་སོ་སོར་བྲིས།mrq
ལན༑ཨ་ནི་མཚན་མེད་ཅེས་ཀྱང་བྱ།ཞེས་པ་ནི་མཁས་དབང་སི་དངུལ་གཉིས་ཀྱིས་གསུངས་སོ།།མ་ནིང་མཚན་མེད་ཅེས་ཀྱང་བྱ། ཞེས་པ་མཁས་དབང་པྲ་ཏི་པ་དང་གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ ཚེ་ཏན་ཞབས་དྲུང་ལགས་སོགས་ཀྱིས་གསུངས་སོ།།mrq
༢༢ ཨ་ནི་མཚན་མེད་ཅེས་ཀྱང་བྱ། ཞེས་པ་དང་། མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་པའི་གསུངས་ཚུལ་དེ་གཉིས་ནང་གི་མཚན་མེད་ཅེས་པར་འགྲེལ་ཚུལ་མི་འདྲ་བ་གང་།mrq
ལན།མཁས་དབང་སི་དངུལ་གཉིས་ཀྱིས་ཨ་ཡིག་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད་ར་ལ་ཧ་གསུམ་ལས་ཀྱང་རྩོལ་བ་ཤིན་ཏུ་ཞན་པའི་ཕྱིར་ན་མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་གསུངས་པ་དང་མཁས་དབང་པྲ་ཏི་པས་མཚན་མེད་ཅེས་པ་རྟགས་མེད་པའི་དོན་དུ་གསུངས་སོ། །སི་དངུལ་གཉིས་ཀྱིས་ཨ་ནི་མཚན་མེད་ཅེས་ཀྱང་བྱ་ཞེས་གསུངས་པ་ལྟར་འདོད་དོ།།mrq
༢༣ ཨ་ནི་མཚན་མེད་ཅེས་ཀྱང་བྱ།།ཞེས་ཀྱང་སྒྲས་ནུས་པ་གང་བསྟན་ཡོད་དམ།   ལན། མཁས་དབང་སི་དངུལ་གཉིས་ཀྱི་དགོངས་གཞི་ལྟར་ཀྱང་སྒྲས་ནུས་པ་ནི་ཨ་ཡིག་ར་ལ་ཧ་།བཞིན་དུ་མོ་གཤམ་གྱི་ཡི་གེ་ཡིན་པར་བསྟན་ཡོད།mrq
༢༤ སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་ནང་གསེས་ས་བཅད་དུ་གསུངས་ཡོད་དམ།mrq
ལན༑ནང་གསེས་ས་བཅད་གསུམ་ཡོད་དེ། མིང་གཞི་ལས་སྔོན་རྗེས་དབྱུང་ཚུལ་བཤད་པ།སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།  སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པའོ།།mrq
༢༥ མིང་གཞི་ལས་སྔོན་རྗེས་དབྱུང་ཚུལ་བཤད་པའི་སྐབས་དེར་རྩ་བ་ལས་གང་འདྲ་གསུངས་ཡོད་དམ།mrq
ལན།རྩ་བ་ལས།མོ་ཡི་ཡི་གེའི་ནང་ནས་ནི།།འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི།།སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།ཞེས་གསུངས་སོ།།mrq

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།