༄༅།།རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ལན་གྱི་སྐོར། ༼ ༡--༥ ༽
སྤེལ་དུས།  2013-05-23  རྡེབ་ཚད།   ཡོང་ཁུངས། དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

༡ རྟགས་ཀྱི་འཇུག་པའི་གཞུང་ལ་བསླབ་པའི་དགོས་པ་གང་ཡིན་ནམ།aEH
ལན།བྱ་བའི་ཚིག་གི་ཚོགས་ལ་རྨོངས་པ་སེལ་ཕྱིར་བསླབ་པ་ཡིན་ནོ།aEH
༢ རྟགས་འཇུག་ཅེས་པའི་དོན་གང་ཡིན་ནམ།aEH
 ལན༑དེ་ཡང་གསལ་བྱེད་ཀྱི་ཡི་གེར་ཕོ་མོ་མ་ནིང་གི་རྟགས་ཀྱི་ཁྱད་པར་ལས་རྗོད་བྱེད་ཀྱི་སྒྲ་དང་བརྗོད་བྱའི་དོན་ལ་འཇུག་པའི་རིམ་པ་མི་འདྲ་བའི་ཚུལ་གསལ་བར་བྱེད་པའི་གཞུང་ལ་རྟགས་འཇུག་ཅེས་བརྗོད་དོ།།ཡང་ན།ཡི་གེ་ཕོ་མོ་མ་ནིང་གི་རྟགས་ཀྱི་འཇུག་ཚུལ་རྒྱས་པར་སྟོན་པས་ན་བརྗོད་བྱའི་སྒོ་ནས་རྟགས་འཇུག་ཅེས་བཏགས་སོ།།aEH
༣ རྟགས་འཇུག་སྐབས་འདིར་མཚན་དོན་སྨོས་པའི་དབང་དུ་བཏང་ན་མཚན་དོན་aEH
གང་འདྲ་རེད་དམ།aEH
ལན༑མཚན་དོན་ནི་རྒྱ་གར་སྐད་དུ།ཕྱྭ་ཀ་ར་ཎ་ལིདྲ་ཨ་བ་ཏཱ་ར་ནཱ་མ།བོད་སྐད་དུ།ལུང་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བའོ།།aEH
༤ རྟགས་ཀྱི་འཇུག་པའི་སྐབས་འདིར་འགྱུར་ཕྱག་འདོད་པའི་དབང་དུ་བྱས་ན་འགྱུར་ཕྱག་སྨོས་ཚུལ་གང་འདྲ་རེད་དམ།aEH
ལན༑འགྱུར་ཕྱག་སྨོས་ཚུལ་ནི་ཕྱྭ་ཀ་ར་ཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ།།ཞེས་སོ།aEH
༥ སུམ་རྟགས་གཉིས་སུ་འགྱུར་ཕྱག་མི་འདོད་པའི་མཁས་དབང་སུ་ཡིན་ནམ།aEH
ལན། མཁས་དབང་ཨ་ལག་ཤའི་ངག་དབང་བསྟན་དར་དང་། གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཡིན་ནོ། །སུམ་རྟགས་གཉིས་སུ་འགྱུར་ཕྱག་མི་འདོད་པ་ནི་དང་པོའི་སློབ་དཔོན་ཐོན་མིས་བོད་སྐད་དུ་བརྩམས་ཤིང་། ལོ་ཙཱ་བ་དག་གིས་བོད་སྐད་ལས་བོད་སྐད་དུ་བསྒྱུར་བ་མི་སྲིད་པའི་ཕྱིར་དང་ཐོན་མིའི་སྔོན་དུ་ལོ་ཙཱ་བའི་མིང་ཡང་མེད་པའི་ཕྱིར་འགྱུར་ཕྱག་ཅེས་པའི་ས་བཅད་མི་བཀྲལ་པའོ།།ཞེས་གསེར་ཏོག་སུམ་རྟགས་འགྲེལ་དུ་གསལ།aEH

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།