༄༅།། རྩོམ་འབྲིའི་ཤེས་བྱའི་དྲི་བ་དྲིས་ལན།
སྤེལ་དུས།  2013-04-10  རྡེབ་ཚད།   ཡོང་ཁུངས། བོད་ལྗོངས་ལྷོ་ཁ་ལྷུན་རྩེ་སློབ་འབྲིང་།  རྩོམ་པ་པོ། བོ་རྙི་བློ་བཟང་།  རྩོམ་སྒྲིག་པ། ཚོགས་སྐྱབས།

1   གང་འདྲ་ཞིག་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཟེར་རམ། kdF
ལན།  དེ་ནི་བརྗོད་བྱ་མི་དང་བྱ་བ།  དངོས་པོ། ཡུལ་ལྗོངས་སོགས་རང་རང་ཡུལ་ཇི་ལྟར་ཡོད་པའི་དོན་དངོས་སྣ་ཚོགས་པ་དེ་རྣམས་སྒྲོ་འདོགས་མེད་པར་ཇི་མ་ཇི་བཞིན་དུ་གསལ་བར་པའི་རྩོམ་རིགས་ལ་ཟེར།  kdF
2  ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་གོ་རིམ་སྒྲིག་སྟངས་ནས་དབྱེ་ན་ཇི་ལྟར་ཡིན།kdF
ལན།  (༡) གོ་རིམ་ཇི་བཞིན་བརྗོད་པ།  kdF
        (༢) གོ་རིམ་ལྡོག་ནས་བརྗོད་པ། kdF
        (༣) བར་བཅུག་གི་བརྗོད་པ།kdF
        (༤) ཁ་གསབ་བརྗོད་པ་བཅས་ཡོད་དོ།kdF
3  ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་བརྗོད་བྱའི་སྒོ་ནས་དབྱེ་ན།kdF
ལན།  (༡) དོན་རྐྱེན་འབྲི་བའི་ཇི་བཞིན་བརྗོད་པའི་རྩོམ་ཡིག།kdF
        (༢)  མི་སྣ་འབྲི་བའི་ཇི་བཞིན་བརྗོད་པའི་རྩོམ་ཡིག།kdF
        (༣)ཡུལ་ལྗོངས་འབྲི་བའི་ཇི་བཞིན་བརྗོད་པའི་རྩོམ་ཡིག།kdF
        (༤)གངོས་པོ་འབྲི་བའི་ཇི་བཞིན་བརྗོད་པའི་རྩོམ་ཡིག།kdF
4  གང་འདྲ་ཞིག་ལ་གསལ་བཤད་རྩོམ་ཡིག་ཟེར་རམ།kdF
  ལན།  ཕྱི་ཡུལ་བྱ་དངོས་ཀྱི་ངོ་བོ་དང་། གཟུགས་དབྱིབས། རྣམ་པ།  གྲུབ་ཚུལ།  བྱེད་ནུས།  འབྲེག་བ་སོགས་དོན་དངོས་ཡུལ་ལ་ཇི་ལྟར་ཡོད་པ་རྣམས་སྒྲོ་བཀུར་མེད་པར་ངོ་སྤྲོད་དང་མཚམས་སྦྱོར་བྱེད་པའི་རྩོམ་རིག་ལ་ཟེར།  ཡང་ན།  བྱ་དངོས་མཚམས་སྦྱོར་དང་འགྲེལ་བཤད་བྱེད་པ་དང་གནས་ལུགས་གསལ་བཤད་བྱེད་པའི་རྩོམ་ཡིག་ལ་ཟེར།kdF
5  གསལ་བཤད་རྩོམ་ཡིག་ལ་ནང་དོན་ནས་དབྱེ་ན་གང་དག་ཡོད་དམ།kdF
  ལན།  (༡) བྱ་དངོས་ཀྱི་གཟུགས་དབྱིབས་ཆགས་ཚུལ་གསལ་བཤད་བྱེད་པ། kdF
         (༢)  བྱ་དངོས་ཀྱི་ངོ་བོ་དང་ཁྱད་ཆོས་གསལ་བཤད་བྱེད་པ།kdF
         (༣)  བྱ་དངོས་ཀྱི་ཕན་ནུས་དང་སྤྱོད་སྒོ་གསལ་བཤད་བྱེད་པ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།