༄༅།།སློབ་མའི་རྨང་གཞིའི་ཤེས་བྱ་སྐོར།
སྤེལ་དུས།  2013-03-11  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1、བོད་ཀྱི་བཅུ་ཕྲག་རིག་གནས་ཟེར་བ་དེ་གང་དག་ཡིན་པ་བྲིས།YUi
ལན།རིག་པའི་གནས་ཆེ་ཆུང་བཅུའི་སྤྱི་མིང་ལ་ཟེར་ཏེ།རིག་གནས་ཆུང་བ་ལྔ་ནི།མངོན་བརྗོད་དང་།སྡེབ་སྦྱོར།ཟློས་གར།སྙན་ངགསྐར་རྩིས་བཅས་ཡིན་ལ།རིག་གནས་ཆེ་བ་ལྔ་ནི།བཟོ་རིག་པ་དང་།གསོ་བ་རིག་པ།སྒྲ་རིག་པ།ཚད་མ་རིག་པ།ནང་དོན་རིག་པ་བཅས་ཡིན།YUi
2、ཅི་ཞིག་ལ་མངོན་བརྗོད་ཟེར་བ་ཡིན་ཞེ་ན།YUi
ལན།མིང་དུ་འདོགས་ཚུལ་དང་འཇུག་ཚུལ།མིང་གི་རྣམ་གྲངས་སོགས་ཀྱི་རྣམ་གཞག་གསལ་བར་སྟོན་པའི་རིག་པ་ལ་ཟེར།YUi
3、མངོན་བརྗོད་སྦྱོང་བར་དགོས་པ་གང་ཡོད།YUi
ལན།མིང་ལ་མི་རྨོངས་པའི་དགོས་པ་ཡོད།YUi
4、མངོན་བརྗོད་ཀྱི་མིང་བཏགས་ཚུལ་ལ་དབྱེ་བ་དུ་ཡོད།YUi
ལན།འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་།འདྲ་བ་རྒྱུ་མཚན་དུ་བྱས་པ།འབྲེལ་བ་རྒྱུ་མཚན་དུ་བྱས་པ།འབྲས་མིང་རྒྱུ་ལ་བཏགས་པ།རྒྱུ་མིང་འབྲས་བུ་ལ་བཏགས་པ་སོགས་དུ་མ་ཡོད།YUi
5、མངོན་བརྗོད་ཀྱི་མིང་ལ་རིགས་དུ་ཡོད།YUi
ལན།མིང་གི་མངོན་བརྗོད་དང་གྲངས་ཀྱི་མངོན་བརྗོད་དེ་རིགས་གཉིས་ཡོད།YUi
6、མིང་གི་མངོན་བརྗོད་ལ་དབྱེ་ན་རིགས་དུ་ཡོད།YUi
ལན།མིང་གཅིག་དོན་མང་ལ་འཇུག་པ་དང་།དོན་གཅིག་མིང་མང་པོ་ལ་འཇུག་པ་གཉིས་ཡོད།YUi
7、མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལ་རབ་ཏུ་བྱེད་པ་དུ་ཡོད།YUi
ལན།རབ་ཏུ་བྱེད་པ་བཅུ་ཡོད་དེ།རྒྱལ་བྱང་སོགས་ཀྱི་རབ་བྱེད་དང་།ལྷ་སོགས་ཀྱི་རབ་བྱེད།གཟའ་སྐར་སོགས་ཀྱི་རབ་བྱེད།དུས་བསྐལ་སོགས་ཀྱི་རབ་བྱེད།ས་གཞི་སོགས་ཀྱི་རབ་བྱེད།ནགས་སྨན་སོགས་ཀྱི་རབ་བྱེད།རི་དྭགས་སོགས་ཀྱི་རབ་བྱེད།མི་སོགས་ཀྱི་རབ་བྱེད།བྲམ་ཟེ་དང་རྒྱལ་རིགས་སོགས་ཀྱི་རབ་བྱེད།རྗེ་དང་དམངས་རིགས་སོགས་ཀྱི་རབ་བྱེད།གཞན་ཡང་གྲངས་ཀྱི་མངོན་བརྗོད་དོ།།YUi
8、མངོན་བརྗོད་ཀྱི་མིང་གི་གྲུབ་ཚུལ་གྱི་དཔེར་བརྗོད་སོ་སོར་བྲིས།YUi
ལན།1རྣམ་པའི་ཆ་ནས་བཏགས་པ།ཁུ་བྱུག་ལ་ནགས་དགའ་དང་།མདའ་ལ་སྒྲོ་ལྡན།ཁྲུང་ཁྲུང་མགྲིན་རིང་ལྟ་བུ།YUi
2སྒྲའི་ཆ་ནས་བཏགས་པ།བོང་བུ་ལ་སྐད་ཆེན་དང་།སྟག་ལ་ངར་སྒྲ་ཅན།ར་མ་ལ་སྐྱེ་སྒྲ་ཅན།སེང་གེ་ལ་ང་རོ་ཅན་ལྟ་བུ།YUi
3ཚོན་མདོག་གི་ཆ་ནས་བཏགས་པ།རྨ་བྱ་ལ་མགྲིན་སྔོན་དང་།བྱ་རོག་ལ་མདོག་གཅིག་པ།གསེར་ལ་མདངས་ལྡན་ལྟ་བུ།YUi
4ལས་རིགས་ཀྱི་ཆ་ནས་བཏགས་པ།རྔོན་པ་ལ་རྒྱ་ཡིས་འཚོ་དང་།ཡིག་མཁན་ལ་སྨྱུ་གུ་ཅན།ཤིང་བཟོ་ལ་ཤིང་རྟ་མཁན་ལྟ་བུ།YUi
6བྱེད་ནུས་ཀྱི་ཆ་ནས་བཏགས་པ།ཆང་ལ་མྱོས་བྱེད་དང་།གོ་ཆ་ལ་ལུས་སྐྱོབ།འདབ་ཆགས་ཀྱི་གཤོག་སྒྲོ་ལ་འགེབས་བྱེད་ལྟ་བུ།YUi
7འབྱུང་གཞིའི་ཆ་ནས་བཏགས་པ།སྐྲ་ལ་མགོ་སྐྱེས་དང་།ཁྲག་ལ་རྨ་སྐྱེས།དགོན་པ་ལ་མཁས་གནས།ཤ་ལ་ཁྲག་སྐྱེས་ལྟ་བུ།YUi
8གཏམ་རྒྱུད་ཀྱི་ཆ་ནས་བཏགས་པ།བྱ་ཁྱུང་ལ་སྐར་མིག་བུ་དང་།ཚངས་པ་ལ་གདོང་བཞི།རྒྱ་མཚོ་ལ་ཟླ་བའི་མ་མ་ལྟ་བུ།YUi
9དུས་ཀྱི་ཁྱད་ཆོས་ཀྱི་ཆ་ནས་བཏགས་པ།འཆི་བར་དུས་ཀྱི་མཐའ་དང་།ཕ་ཝང་ལ་མཚན་དུས་རྒྱུ།དགུན་ཁར་ཁ་བའི་དུས་ལྟ་བུ།YUi
10བདག་སྒྲའི་ཆ་ནས་བཏགས་པ།མཁས་པ་ལ་དཔྱོད་ལྡན་དང་།ཁྱིམ་བྱ་ལ་ཟངས་ཟེར་ཅན།ལུག་ལ་བལ་ལྡན་ལྟ་བུ།YUi
11གྲངས་ཀྱི་ཆ་ནས་བཏགས་པ།བུད་མེད་ལ་བཅུ་གཉིས་པ་དང་།ལྷ་ཡུལ་ལ་སུམ་རྩེན།སྲིན་རྒྱལ་ལ་མགྲིན་བཅུ་པ་ལྟ་བུ།YUi
12འདྲ་འབྲེལ་གྱི་ཆ་ནས་བཏགས་པ།སེར་བ་ལ་རྡོ་ཆར་དང་།མུན་པ་ལ་མཚན་མོའི་གོས།གཡུ་ལ་རིན་པོ་ཆེའི་རྒྱལ་པོ་ལྟ་བུ།YUi
9、གྲངས་ཀྱི་མངོན་བརྗོད་ཀྱི་དཔེ་མཚོན་འགའ་བྲིས།YUi
ལན།ཐིག་ལ་ནམ་མཁའ་དང་སྟོང་པ།གཅིག་ལ་བསེ་རུ་དང་ཟླ་བ།གཉིས་ལ་ལག་པ་དང་ཟུང་།གསུམ་ལ་རྩེ་མོ་དང་མེ།བཞི་ལ་རིག་བྱེད་དང་ཆུ།ལྔ་ལ་ཕུང་པོ་དང་མདའ།དྲུག་ལ་བྲོ་བ་དང་རྒྱན།བདུན་ལ་དྲང་སྲོང་དང་རྟ།བརྒྱད་ལ་གདེངས་ཅན་དང་ལྷ།དགུ་ལ་བུ་ག་དང་གཏེར།བཅུ་ལ་འབྱོར་བ་དང་སྟོབས།བཅུ་གཅིག་ལ་དྲག་པོ་དང་ཁྱིམ།བཅུ་གཉིས་ལ་རྟེན་འབྲེལ་དང་ཉི་མ།བཅུ་གསུམ་ལ་གདུགས་རིམ་དང་འདོད་པ།བཅུ་བཞི་ལ་ཤེད་བུ་དང་སྲིད་པ།བཅོ་ལྔ་ལ་ཚེས་དང་ཉིན་ཞག།བཅུ་དྲུག་ལ་ཆ་ཤས་དང་རྒྱལ་པོ།བཅུ་བདུན་ལ་ཁམས་དང་སྐྱོན།བཅོ་བརྒྱད་ལ་ཡུལ་དང་རྒྱལ་བ།བཅུ་དགུ་ལ་དེ་ཉིད།ཉི་ཤུ་ལ་སྐར་མ།ཉེར་བདུན་ལ་འཁོར་ལོ་དང་རྒྱུ་སྐར།སོ་གཉིས་ལ་སོ་དང་གཉིས་སྐྱེས་སོགས་མང་ངོ་།།YUi
10、མངོན་བརྗོད་འཆི་མེད་མཛོད་ཀྱི་མཛད་པ་པོ་ནི།སློབ་དཔོན་འཆི་མེད་སེང་གེ་ཡིན།YUi
11、མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་མཛད་པ་པོ་ནི།དངུལ་ཆུ་དྷརྨ་བྷ་དྲ་ཡིན།YUi
12、མངོན་བརྗོད་མཁས་པའི་རྣ་རྒྱན་གྱི་མཛད་པ་པོ་ནི།རིན་སྤུངས་པ་ངག་དབང་འཇིགས་གྲགས་ཡིན།YUi
13、ཚིག་གཏེར་གྱི་མཛད་པ་པོ་ནི།ས་སྐྱ་པནྟི་ཏ་ཀུན་དགའ་རྒྱལ་མཚན་ཡིན།YUi

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།