༄༅།། ཕྲ་ཕུང་རང་གཟུགས་ཁྱུར་མིད།
སྤེལ་དུས།  2016-10-24  རྡེབ་ཚད།   ཡོང་ཁུངས། སྐྱེ་དངོས་ཚན་རྩལ་དྲ་བ།  རྩོམ་པ་པོ། བསྒྱུར་མཁན། བན་དེ་མཁར། ཞུ་དག། འཕྲིན་ལས་ཆོས་སྒྲོན།  རྩོམ་སྒྲིག་པ། lobsang

པེ་ཅིང་དུས་ཚོད་ཟླ་བཅུ་བའི་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་མཚམས་སུ་ཉིས་སྟོང་བཅུ་དྲུག་ལོའི་སྐྱེ་ཁམས་རིག་པའམ་གསོ་བ་རིག་པའི་ནོར་འབེལ་བྱ་དགའ་ཡི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་ཡིན་ལ།བྱ་དགའ་ཐོབ་མཁན་ནི་རང་གཟུགས་ཁྱུར་མིད་ཀྱི་ནང་རྐྱེན་གསར་རྟོགས་མཁན་ཏུང་ཅིང་བཟོ་ལས་སློབ་ཆེན་གྱི་ཞིབ་འཇུག་པ་ཡོ་ཤཱི་ནོ་ལི•ཨོ་སུ་མི་(Yoshinori Ohsumi)རེད་འདུག །MKF

 捕获.JPG1.JPGMKF

1གང་ལ་ཕྲ་ཕུང་རང་གཟུགས་ཁྱུར་མིད་ཟེར།MKF

རང་གཟུགས་ཁྱུར་མིད་(细胞自噬)བྱེད་ནུས་ནི་ཧ་ཅང་སྟབས་བདེ་བའི་ཕྲ་ཕུང་འགུལ་བསྐྱོད་ཞིག་ཡིན་ལ།ཡིག་ངོས་ནས་གོ་བ་ཤིན་ཏུ་ལོན་སླ་སྟེ། རང་གིས་རང་ཉིད་བཟའ་བ་དེའོ། །བྱེད་རྩོལ་རང་བཞིན་ཅན་གྱི་ཕྲ་ཕུང་དབང་བོ་དང་སྐྱེ་དངོས་ཆ་རྡུལ་དག་ནི་ཕྲ་ཕུང་རྫས་ཀྱི་ཁྲོད་ན་གཡེང་ནས་ཡོད་པས། ཕྲ་ཕུང་འགུལ་བསྐྱོད་མང་ཆེ་བ་ནི་ཕྲ་ཕུང་རྫས་ཀྱི་ཁྲོད་ནས་བྱུང་བ་ཡིན།སྐྱེ་ཁམས་སྐྱེ་འགྱུར་འགྱུར་འབྱུང་ནི་མང་ཞིང་རྙོག་འཛིང་ཆེ་བ་ཞིག་ཡིན་པས།དུས་རྒྱུན་སྙིགས་རོ་འབོར་ཆེན་ཕྱིར་ཐོན་ནས་ཕྲ་ཕུང་འགུལ་བསྐྱོད་ལ་ཤུགས་རྐྱེན་ཐེབས་ཤིང་མཐའ་ན་མཚམས་འཇོག་པར་བྱེད་ཀྱང་སྲིད།གནས་ཚུལ་འདི་འདྲའི་འོག་ཏུ།ཕྲ་ཕུང་གིས་རང་གཟུགས་ཁྱུར་མིད་ལ་བརྟེན་ནས་ཕྲ་ཕུང་རྫས་ཀྱི་ཁྲོད་ན་ཕུང་གསོག་བྱས་ཡོད་པའི་སྤྲི་དཀར་རྫས་སོགས་ཀྱི་སྙིགས་རོ་གཙང་བཟོ་བྱས་ནས་རྙིང་ཚབ་གསར་བརྗེ་བྱས་ཏེ་ཚད་ལྡན་གྱི་ཕྲ་ཕུང་འགུལ་བསྐྱོད་བྱ་རྒྱུ་སླར་གསོ་བྱེད་པ་རེད།MKF

 捕获.JPG2.JPGMKF

ཕྲ་ཕུང་རྫས་གཙང་བཟོ་བྱས་ན་ཕྲ་ཕུང་གསར་སྐྱེ་བྱེད་ཐུབ་ལ།དབང་རྩའི་ཕྲ་ཕུང་ལྟ་བའི་བརྗེ་ཚབ་མི་རུང་བའི་ཕྲ་ཕུང་རིགས་ལ་མཚོན་ན་བརྒྱུད་རིམ་འདི་ནི་ཆེས་མེད་དུ་མི་རུང་ཞིག་ཡིན། དབང་རྩའི་ཕྲ་ཕུང་འཐོར་གྱེས་བྱུང་སྟེ་སྨིན་པར་གྱུར་རྗེས། མ་གཟུགས་ཕྲ་ཕུང་འཆི་རག་བར་དུ་སྔར་མུས་ཀྱི་རྣམ་པ་དེ་སྲུང་འཛིན་བྱས་ནས་འདུག་སྲིད་དེ།དེ་ཚོ་ལ་བསྐྱར་གསོ་དང་རང་གཟུགས་སྲུང་སྐྱོང་བྱ་བའི་བྱེད་སྟངས་གཞན་ཅི་ཡང་མེད།ཕྲ་ཕུང་སྐྱེ་དངོས་རིག་པ་བས་ད་དུང་རང་གཟུགས་ཁྱུར་མིད་བྱེད་ནུས་ཀྱིས་ནད་དུག་དང་དུག་སྲིན་གྱི་གནོད་སྐྱོན་གཏོང་བ་འགོག་ཐུབ་པ་ཡང་གསར་རྟོགས་བྱུང་ཡོད།ཕྲ་ཕུང་ཕྱི་རོལ་གྱི་རིམས་ཐར་མ་ལག་ལས་གཡོལ་ཞིང་ཕྲ་ཕུང་སྐྱི་མོ་བརྒྱུད་ནས་ཕྲ་ཕུང་རྫས་ཀྱི་ནང་རོལ་དུ་ཐོན་པའི་ལུས་འཛུལ་དངོས་པོ་དང་སྐྱེ་དངོས་ཕྲ་རབ་སོགས་ནི་རང་གཟུགས་ཁྱུར་མིད་མ་ལག་གི་འགོག་རྒོལ་དམིགས་འབེན་དུ་འགྱུར་སྲིད།MKF

捕获.JPG3.JPGMKF

རང་གཟུགས་ཁྱུར་མིད་ཀྱི་བརྒྱུད་རིམ་གྱི་འཕེལ་མགྱོགས་དྲག་པའམ་དལ་དྲག་པ།ཡང་ན་རྩོལ་ནུས་བར་གཅོད་སོགས་ཀྱི་གནས་ཚུལ་བྱུང་ན།དེས་མཇུག་འབྲས་འཇིགས་ཡེར་བ་སློང་བར་བྱེད་ལ།ནད་རིགས་གང་མང་ཞིག་ནི་ཕྲ་ཕུང་རང་གཟུགས་ཁྱུར་མིད་ཀྱི་རྩོལ་ནུས་ལ་གནོད་སྐྱོན་ཐེབས་པས་སློང་ཞིང་བྱུང་བ་ཡིན།ཡིན་མོད།ཕྲ་ཕུང་རང་གཟུགས་ཁྱུར་མིད་ནི་ཐོག་མཐའ་ཀུན་དུ་ཕན་པ་ཁོ་ན་ལྡན་ཞིང་གནོད་པ་ཡེ་ནས་མེད་པ་ཞིག་ནི་ག་ལ་ཡིན་ཏེ།དཔེར་ན་འབྲས་སྐྲན་ཕོག་པའི་ནད་པ་ཞིག་གིས་འོད་འཕྲོས་བཅོས་ཐབས་དང་རྫས་འགྱུར་སྨན་བཅོས་སོགས་དང་ལེན་བྱས་རྗེས།རང་གཟུགས་ཁྱུར་མིད་མ་ལག་གིས་ཉམས་དམས་སུ་གྱུར་བའི་འབྲས་སྐྲན་ཕྲ་ཕུང་དེ་ཡང་བསྐྱར་གསོ་བྱས་ཏེ་འབྲས་སྐྲན་ནད་དེ་ཉིད་རྩ་བཅོས་བྱ་ཐབས་མེད་པར་བཟོ་བ་ལྟ་བུ།མཚམས་ལན་རེར་རང་གཟུགས་ཁྱུར་མིད་མ་ལག་གིས་སྐྱེ་དངོས་གཟུགས་ཀྱི་ཧྲིལ་བོའི་ཕན་པ་ལ་དམིགས་ནས་ནད་འགྱུར་ཕྲ་ཕུང་མེད་པར་གཏོང་ལ་ཡང་སྐབས་འགར་བརྩོན་ཤུགས་ཆེ་དྲག་སྟེ་ཕྲ་ཕུང་གལ་འགངས་ཆེ་བ་ཁ་ཤས་ཀྱང་མེད་པར་བཟོས་ཏེ་བགྱིས་བ་དེ་སྐྱེ་དངོས་གཟུགས་ཀྱི་ཧྲིལ་བོའི་ཕན་ཁེ་ལ་འཚམ་མིན་གཏན་ནས་དོ་སྣང་མི་བྱེད་དོ། །MKF

捕获.JPG4.JPGMKF

2 རང་གཟུགས་ཁྱུར་མིད་ཕྲ་ཕུང་གི་གསར་རྟོགས་ཆེན་མོ།MKF

ཡོ་ཤྰི་ནི་•ཨོ་སུ་མི་ཡིས་སྐྱུར་རྩི་སྤྱད་ནས་ཞིབ་འཇུག་བྱས་པ་ཡིན་ལ།སྐྱུར་རྩིའི་ཕྲ་ཕུང་ཧ་ཅང་ཆུང་བས་ཕྲ་མཐོང་ཆེ་ཤེལ་གྱི་འོག་ནས་ཀྱང་ནང་ཁུལ་གྱི་ཆགས་གཞི་གསལ་བར་མཐོང་དཀའ་བས།ཁོང་གིས་ཐོལ་འགྱུར་བྱུང་སྟེ་སླ་འབྱེད་རྩབས་ཀྱི་ཁུ་བའི་ལྒང་བུ་ཉུང་བའི་སྐྱུར་རྩིའི་ཕྲ་ཕུང་གསོ་སྐྱོང་བྱས་པ་མ་ཟད་ཕྲ་ཕུང་ལ་བཀྲེས་ལྟོགས་མྱོང་དུ་བཅུག་ཏེ་རང་གཟུགས་ཁྱུར་མིད་བྱེད་པར་སྐུལ་མ་སློང་བ་ཡང་བྱས།འགངས་ཆེ་ཤོས་ནི་ཁོང་གིས་ཐབས་ཤེས་ཞིག་རྙེད་ཡོད་དེ།དེས་ནི་བརྒྱུད་རིམ་འདི་དག་དང་འབྲེལ་ཡོད་ཀྱི་འགག་རྩའི་གཞི་རྒྱུ་ངོས་འཛིན་པ་དང་གསལ་འབྱེད་བྱེད་ཐུབ་པ་རེད།MKF

 捕获.JPG5.JPGMKF

ཡོ་ཤཱི་ནོ་ལི•ཨོ་སུ་མི་ཡིས་མུ་མཐུད་དུ་ཁོང་གིས་བསྒྱུར་བཀོད་བཏང་ཟིན་པའི་སྐྱུར་རྩའི་སྲིན་སྡོང་བེད་སྤྱོད་བྱས་ཡོད་དེ། སྐྱུར་རྩི་འདི་དག་ལྟོགས་པས་མནར་དུས་དེ་ཚོའི་རང་གཟུགས་ཁྱུར་མིད་ཕུང་བོ་རིམ་གྱིས་བསགས་ནས་ཡོང་བ་རེད། གལ་ཏེ་རང་གཟུགས་ཁྱུར་མིད་ཀྱི་བརྒྱུད་རིམ་ལ་གཙོ་ཆེ་ཤོས་ཀྱི་གཞི་རྒྱུ་དེར་ཤི་རྨས་ཐེབས་ན་རང་གཟུགས་ཁྱུར་མིད་ཀྱི་ཕུང་བོ་དེ་མང་དུ་བསགས་མི་ཐུབ་པ་གླེང་མེད་རེད།ཡོ་ཤཱི་ནོ་ལི•ཨོ་སུ་མི་ཡིས་སྐྱུར་རྩིའི་ཕྲ་ཕུང་དེ་སྐབས་བསྟུན་གྱིས་གཞི་རྒྱུ་མང་དག་གི་ནང་ནས་ཐོལ་འགྱུར་སློང་ཐུབ་པའི་སྨན་རྫས་ཞིག་གི་ཁྲོད་དུ་རྗེན་པར་བཏོན་ཏེ་ཕྲ་ཕུང་རང་གཟུགས་ཁྱུར་མིད་བྱ་བར་འཇམ་ཁྲིད་བྱས།མཇུག་འབྲས་ལས་གསལ་ཐུབ་པ་ནི་ཕྲ་ཕུང་རང་གཟུགས་ཁྱུར་མིད་ཀྱི་བརྒྱུད་རིམ་དེ་ནི་འབོར་ཆེན་གྱི་སྤྲི་དཀར་རྫས་དང་བསྲེས་སྦྱོར་སྤྲི་དཀར་རྫས་ཀྱིས་ཚོད་འཛིན་བྱེད་པ་ཞིག་རེད་འདུགརིགས་སོ་སོའི་སྤྲི་དཀར་རྫས་ཀྱིས་རང་གཟུགས་ཁྱུར་མིད་ཀྱི་ཕུང་བོ་སྤེལ་འགུལ་དང་ཆགས་གྲུབ་ཀྱི་དུས་རིམ་མི་འདྲ་བར་འགན་འཁུར་ཚོད་འཛིན་བྱེད་པ་རེད།MKF

捕获.JPG6.JPGMKF

3ཕྲ་ཕུང་རང་གཟུགས་ཁྱུར་མིད་ཀྱི་མཛད་རྗེས།MKF

 ཕྲ་ཕུང་རང་གཟུགས་ཁྱུར་མིད་ནི་སྐྱེ་དངོས་ཡོད་དོ་ཅོག་གི་ཕྲ་ཕུང་རྙིང་ཚབ་གསར་བརྗེ་བྱེད་པ་དང་ནང་ཁུལ་ཁོར་ཡུག་གཏན་འཇགས། གཞི་རྒྱུའི་ཚོགས་ཀྱི་ཆ་ཚང་རང་བཞིན་སོགས་སྲུང་འཛིན་བྱེད་པར་བྱེད་ནུས་བླ་ལྷག་ཐོན་བཞིན་ཡོད་པ་རེད།MKF

རང་གཟུགས་ཁྱུར་མིད་ལ་སྐྲན་ནད་ཚོད་འཛིན་གྱི་བྱེད་ནུས་ལྡན་པས་སྐྲན་ནད་ཕྲ་ཕུང་ལ་སྲུང་སྐྱོབ་བྱེད་ཐུབ་སྟེ། རྙིད་འདས་དང་རོ་མྱགས་སུ་འགྱུར་བ་འགོག་ནུས།དེས་བརྗེ་འགྱུར་བར་ཐོན་རྫས་སོགས་མཁོ་འདོན་བྱས་ནས་སྐྲན་ནད་ཕྲ་ཕུང་གི་དམིགས་གསལ་གྱི་བརྗེ་འགྱུར་མཐུན་རྐྱེན་སྐྲུན་ཐུབ་ལ།ཕྲ་ཕུང་ལ་ཚང་རྙིད་འདས་ཤོར་གྱི་བྱུང་བ་ཇེ་ཉུང་དུ་གཏོང་ཐུབ་པ་དང་། སྐྲན་ནད་ཀྱི་སྤོ་སྒྱུར་ནུས་པ་མཐོར་འདེགས་བྱེད་ཐུབ།MKF

捕获.JPG7.JPGMKF

ཕྲ་ཕུང་རང་གཟུགས་ཁྱུར་མིད་ཀྱིས་ཕྲ་ཕུང་ཉམས་རྒུད་དུ་འགྲོ་བ་ཇེ་དལ་ཇེ་ཉུང་དུ་བཏང་བ་དང་།  སྐྲན་ནད།  ནད་གཞི་འགོ་བ་དང་རིམས་ཐར།དབང་རྩའི་རང་བཞིན་གྱི་འགོ་ནད་དང་སྐུད་རྡོག་གཟུགས་རང་བཞིན་གྱི་འགོ་ནད་སོགས་ཀྱི་གསོ་བཅོས་ཐད་ལ་བྱེད་ཐབས་ནུས་ལྡན་འཚོལ་བར་མཛད་རྗེས་ཆེན་པོ་བཞགཡིན་མོད།དེའི་སྐོར་གྱི་ཞིབ་ཕྲའི་ནང་རྐྱེན་ལ་ད་དུང་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཏེ།དཔེར་ན།འཆར་ཅན་མིན་པའི་ཕྲ་ཕུང་རང་གཟུགས་ཁྱུར་མིད་དེ་འབྲས་སྐྲན་ཕྲ་ཕུང་འབྱུང་བའི་རྒྱུ་རུ་འགྲོ་བ་ལྟ་བུ།དེ་བས།ཕྲ་ཕུང་རང་གཟུགས་ཁྱུར་མིད་དེ་ནི་ཕྲ་ཕུང་འཚོ་བའི་རལ་གྲི་ངོ་གཉིས་མ་ཞིག་ཀུན་ནས་ཡིན་པས། ཕྲ་ཕུང་གསོན་པར་སྐུལ་འདེད་བྱེད་ལ་ཕྲ་ཕུང་རྙིད་པའི་རྒྱུ་རུ་འགྱུར་སྲིད་པ་དེའོ། །MKF

3ཕྲ་ཕུང་རང་གཟུགས་ཁྱུར་མིད་ཀྱི་རྙིང་པོ་།MKF

ཕྲ་ཕུང་རང་གཟུགས་ཁྱུར་མིད་ནི་ཕྲ་ཕུང་རྙིད་འདས་དང་ཕྲ་ཕུང་ཉམས་རྒུད་སོགས་དང་འདྲ་བར་ཧ་ཅང་གལ་ཆེ་བའི་སྐྱེ་དངོས་རིག་པའི་སྣང་ཚུལ་ཞིག་ཡིན་ལ།སྐྱེ་དངོས་སྐྱེ་འཕེལ་གྱི་བརྒྱུད་རིམ་སོ་སོར་ནང་གཞུག་བྱེད་ཅིང་མེད་དུ་མི་རུང་བ་ཞིག་གོ །MKF

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།